ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

སྐབས་བཞི་བའི་བོད་ཀྱི་སྙན་ངག་པ་མི་རབས་གསུམ་པའི་འདུ་ཚོཊ།

[རྩོམ་པ་པོ:མི་གསལ།  ཡོང་ཁུངས:དགེ་འདུན་ཆོས་འཕེལ་དྲ་བ།  དུས་ཚོད:2010/7/21 20:48:34  བཀླགས་ཐེངས:1041][ཡིག་གཟུགས:ཡིག་གཟུགས་མདོག]

སྐབས་བཞི་བའི་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་འདུ་ཚོགས་ཀྱི་གསལ་བརྡ་ལྷན་ཐབས་མ།

མི་རབས་གསུམ་པའི་སྙན་ངག་གི་འདུ་ཚོགས་དེ་དཀའ་ཚེགས་དང་དབུལ་ཕོངས། མྱི་ཁ་སོགས་ལ་ཁེན་ནས་ད་ལྟ་སྐབས་བཞི་བར་ཐོན་བྱུང༌། ཐེངས་དུ་མའི་འདུ་ཚོགས་བརྒྱུད་ནས་ཚོགས་མི་རིམ་བཞིན་ཇེ་མང་དང་སྙན་ངག་གི་ཁ་ཕྱོགས་ཀྱང་སྣ་མང་ཅན་དུ་གྱེས་པ། ཚོགས་པའི་རྒྱ་ཡང་རིམ་ཇེ་ཆེར་སོང་དང་འགྲོ་བཞིན་ཡོད་པས། ཚོགས་པ་རྐྱང་བའི་ངོས་ཐད་ནས་བལྟས་ན་དེ་ནི་དགའ་འོས་པའི་དོན་བཟང་ཞིག་རེད་མོད། ཡིན་ཡང་བོད་ཀྱི་སྙན་ངག་གི་ཕྱོགས་ཡོངས་ལ་བསམས་ན་ད་དུང་ཡང་བཅོས་བསྒྱུར་དང་འཐུས་ཇེ་ཚང་དུ་གཏོང་དགོས་སའི་ཆ་མང་པོ་ཞིག་ཡོད་པས། ད་ལོའི་ཚོགས་འདུ་ནི་སྐབས་སྔོན་མ་དག་དང་མི་འདྲ་བར་ང་ཚོས་བོད་ཀྱི་སྙན་ངག་གི་གནས་བབ་དངོས་ལ་བསམས་ནས་སྙན་ངག་པ་རྒན་གྲས་གཅན་མེ་སྟག་དང་འབྲོང་། གངས་ཞུན། རྨོག་རུ་དོན་གྲུབ་ཚེ་རིང༌། ཁྱུང་ཐར་རྒྱལ། རོང་བོ་དགེ་འདུན་ལྷུན་གྲུབ་སོགས་དང༌། ན་གཞོན་སྙན་ངག་པ་སེང་རྡོར། ཁྲི་སེམས་དཔའ། གཉན། གེ་སར། ན་རོ། ཁྱུང་བཟང༌། རྡོ་དཀར་མོག་ཟླ་སོགས་དང༌། རྒྱ་ཡིག་གི་ལམ་ནསའབྲི་བའི་སྙན་ངག་པ་བདེ་ཆེན་དཔག་མེད་སོགས། སློབ་ཆེན་སྙན་ངག་པའི་འཐུས་ཚབ་རེ(ནུབ་བྱང་གི་རྣོ་སྦྲེང༌། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དཀར་ལུང་དབང་གྲགས་རྡོ་རྗེ།   མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་དོ་བརྒྱ་བསོད་ནམས་རྡོ་རྗེ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་གཅན་ཨ་རྡོར)བཅས་ཆེད་ཞུས་ཀྱིས་བོད་ཀྱི་སྙན་ངག་གི་འཕེལ་རྒྱས་དང་གནས་བབ་ཐད་ལ་བགྲོ་གླེང་དང་ཁ་བརྡ་གློད་ཀྱིན་ཡིན།
ནམ་ཡང་གཞན་སྐྱབས་སུ་མི་རེ་ཞིང་རང་ཉིད་རང་གི་མགོན་དུ་རློམ་པ་ནི་སྙན་ངག་པའི་ཐུན་མིན་གྱི་ཁྱད་གཤིས་ཤིག་ཏུ་གྲུབ་འདུག་ཀྱང༌། གནད་འདིས་ནི་ཞོར་ཏུ་མི་རིགས་ཤིག་གི་སྙན་ངག་གི་ནང་ཆ་ཕྱི་ཕྲལ་ནང་ཕྲལ་བྱས་ཏེ་མཁལ་མས་མཆིན་པ་ནག་པོར་མཐོང་ཞིང་མཆིན་པས་མཁལ་མ་སྨུག་པོར་ལྟ་བ་དང༌། དེ་ནས་གློ་བ་དང་སྙིང་ཡང་མི་མཛེས་པར་གཅོད་པ་དང༌། དེ་ནས་ཁྲག་གི་བསླུ་བྲིད་དང་རྒྱུ་མའི་གཡོ་སྒྱུ་སོགས་ཀྱང་རེ་རེ་བཞིན་འཕྱར་ཡོང་བས་ན། ང་ཚོར་ཕྱི་ལ་ངོམ་ཆོག་ཆོག་གི་འབྲས་བུ་ཅི་ཡང་མེད་ལ་དངོམ་རྒྱུ་ཡང་ཅི་ཡང་མི་འབྱུང་བས། སྙན་ངག་རང་སྟེང་ནས་བལྟས་ན་འདི་ལས་ལྷག་པའི་སྐྱོ་བ་འཆང་ས་ཞིག་དང་ཕམ་ཁ་རེག་ས་ཞིག་ཕལ་ཆེར་མེད་པར་བཤད་ཆོག དེ་བས་རེབ་འདིར་ང་ཚོས་འདི་ལྟར་བོད་ཀྱི་སྙན་ངག་པ་མང་པོ་གདན་ཞུས་བྱེད་དོན་ནི་གཅིག་ནས་དེང་སྐབས་བོད་ཀྱི་ཤེས་ཡོན་པ་དང་རིག་གནས་པ། ལྷག་དོན་སྙན་ངག་པའི་སྡེ་རུ་རང་གིས་རང་གི་ལག་ངར་ཁོ་ན་གནམ་ལ་བསྒྲེངས་ནས་འགྲོ་བ་ལས། གཞན་གྱི་བྱས་འབྲས་ལ་ཅི་མི་སྙམ་པའི་ཕྱོགས་རེ་བའི་ལྟ་ཚུལ་གྱིས་ཀུན་ནས་ལྷད་དེ་ཁོར་ཡུག་ཇེ་དོག་དང་ཁ་དབུགས་ཇེ་སྲབ་ལ་གཏོང་བའི་གནས་བབ་སྐྱུག་བྲོ་བོ་འདི་བཟློག་ཆེད་དང༌། གཉིས་ནས་ངེད་ཚོགས་པར་རྒྱབ་སྐྱོར་དང་དགག་རྒྱག་བྱེད་མཁན་སུ་ཡིན་རུང་འུ་ཅག་ཀུན་པོའི་དམིགས་ཡུལ་ནི་བོད་ཀྱི་སྙན་ངག་གི་རིན་ཐང་ཇེ་མཐོར་དང་འཕེལ་རྒྱས་སུ་གཏོང་རྒྱུ་ལས་མ་འདས་པས་ན། རེབ་འདིར་ང་ཚོས་ང་ཁྱོད་ཀྱི་དབྱེ་མཚམས་མི་འབྱེད་པར་བློ་གཟུ་བོས་བོད་ཀྱི་སྙན་ངག་གི་འབྱུང་འགྱུར་བསམ་ཁུལ་གྱིས་སྙན་ངག་པ་གཟེངས་ཐོན་ཅན་དག་ལ་བརྩི་བཀུར་དང༌། ཁོང་ཚོའི་སྙན་ངག་གི་རིན་ཐང་ལ་བརྩི་མཐོང༌། ཁོང་ཚོས་ད་བར་དུ་སྙན་ངག་གི་སྟེང་ལ་ཕུད་པའི་བླ་མེད་ཀྱི་སེམས་ཤུགས་སོགས་ལ་བསྟོད་བསྔགས་དང་བཅས་མུ་མཐུད་རྒྱུན་བསྐྱང་བྱ་ཕྱིར་དང༌། གསུམ་ནས་མ་འོངས་བར་བོད་ཀྱི་སྙན་ངག་པ་ཀུན་གྱིས་གདུག་རྩུབ་ཀྱི་སྤྱི་ཚོགས་འཚོ་བའི་མདུན་དུ་དཔུང་བ་མཉམ་གཤིབ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྙན་ངག་གི་ལས་དོན་ཐད་ནུས་ཤུགས་འདོན་ཆེད་བཅས་ཡིན་པས་ན། ཁྱབ་ཆེ་ས་ནས་ང་ཚོས་མི་སྒེར་དང་ཚོགས་པ་གང་རུང་གི་ཁ་ངོ་ཁོ་ན་མ་སྲུང་ཡང་དགེ་བ་ལས་གནོད་པར་མི་འགྱུར་བ་ཀུན་གྱི་ཐུགས་སུ་འཇགས་པར་འཚལ་ཅིག་གུ
ཞོར་དུ་གསལ་བཤད་བྱ་རྒྱུ་ཞིག་ལ་གདན་ཞུས་བྱས་ཟིན་པའི་སྐུ་མགྲོན་ལས་གཞན་པའི་སྙན་ངག་ལ་དམིགས་འཛུགས་མཁན་དང་རང་རེའི་སྙན་ངག་གི་གནས་བབ་ལ་བསམ་གཞིག་གཏོང་མཁན་དག་ཅི་འདོད་དུ་ཟུར་ཞུགས་བྱས་ཏེ་(གདན་ ཞུས་སྐུ་མགྲོན་གྱི་གྲས་སུ་བཞག་ཀྱང་ཆོག)རང་རང་གི་ལྟ་ཚུལ་ལྷུག་བརྗོད་བྱས་ཆོག་པས་ན། ཐག་ཉེ་རིང་གང་གི་སྐུ་མགྲོན་སུ་ཡིན་ཡང་བློ་དྲང་བོས་སྙན་ངག་ལ་འཇུག་མཁན་ཡིན་ན་ང་ཚོས་རྣམ་པ་ཀུན་ཏུ་དགའ་བསུ་ཞུ་གི་ཡིན།
མཇུག་མཐར་བོད་ཀྱི་སྙན་ངག་གི་རླུང་རྟ་སྔར་ལས་རྒྱས་པར་སྨོན་འདུན་དང་བཅས། ཁ་བྲོ། བཀྲ་ཤིས།

རེབ་འདིའི་མི་རབས་གསུམ་པའི་འདུ་ཚོགས་ལ་ཞུགས་པའི་ཚོགས་མི།

སྐྱབས་ཆེན་བདེ་གྲོལ།     ངལ་རྫི།      ཨ་རྡོར།   མདའ་བཙན་པོ།   རེ་རྐང་གླིང༌།  འབྲོང་ཕྲུག   མཚོ་བུ་དགའ་བདེ།   རྨོག་རུ་ཤེས་རབ་རྡོ་རྗེ།  ཁུ་བྱུག་སྔོན་མོ།   བསྒྲལ་རྡོ།   ས་དཀྱིལ་ཚེ་བཀྲ།    བྱང་སྒྲ་སྙན།   འབྲུག་ལྗང༌།   དུང༌།   མེ་ལོང༌།    ལྡོང་བུ།    མར་ཁུ་རྒྱལ་མཚན།    གུ་རུ་དོན་གྲུབ།

༢༠༡༠.༧.༡༩

·གསར་འགྱུར་གོང་མ:གེ་སར་ཞིབ་འཇུག ༽དུས་དེབ་གསར་དུ་བཏོན་པ།
·གསར་འགྱུར་འོག་མ:ཡབ་གཞིས་པཎ་རིག་འཛིན་དབང་མོར་ཆིང་ཧྭ་སློབ་ཆེན་རབ་འབྱམས་པའི་སློབ་གནས་ཐོབ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཨེ་ཝྃ་ཆོས་སྨན་གླིང་གི་ཡིག་རྒྱུགས་གཉིས་པ་ལེགས་གྲུབ། ། 2012/3/9 21:13:21
·གླིང་སྲས་དྲྭ་ཚིཊ་དྲྭ་ལམ་དུ་སྤེལ་བར་རྟེན་འབྲེལ་ཞུ། 2012/3/8 14:39:04
·སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་དྲུག་པ་ཞལ་བཞེས་བྱུང་བ། 2012/3/8 12:40:57
·བོད་ཀྱི་སྐད་ཡིག་སློབ་གསོའི་གླེང་དེབ་༼སྒྲོན་མེ་འགྲེམ་སྤེལ་བྱས་པ། 2012/3/6 13:51:38
·རྒྱལ་ཡོངས༼སྨོན་ལམ་བུམ་པ་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་བརྡ། 2012/3/6 13:40:44
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 3:38:37 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:32:41 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 8:26:26 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 53 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS