ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

བོད་རིགས་སྐར་ཆེན་བཀྲ་ཤིས་ཉི་མའི་སེམས་གཏམ་དང་ཁོང་གི་ཕུགས་རེ།

[རྩོམ་པ་པོ:ཆོས་དཔལ་བཟང་པོ།  ཡོང་ཁུངས:རྡོ་འབུམ་དྲ་བ།  དུས་ཚོད:2010/7/26 0:07:05  བཀླགས་ཐེངས:1110][ཡིག་གཟུགས:ཡིག་གཟུགས་མདོག]

བོད་རིགས་སྐར་ཆེན་བཀྲ་ཤིས་ཉི་མའི་སེམས་གཏམ་དང་ཁོང་གི་ཕུགས་རེ།

ཆོས་དཔལ་བཟང་པོ།

བོད་རིགས་སྐར་ཆེན་བཀྲ་ཤིས་ཉི་མ་ནི་མི་སྒེར་གྱིས་ཆེད་སྒྲིག་སྤེལ་བ་དང་གཞན་གྱིས་གདན་ཞུ་ལྟར་གནས་གང་ཞིག་ནས་གླུ་དབྱངས་ལེན་པ་ཙམ་གྱིས་ཡིད་ཚིམ་ནས་སྡོད་མཁན་ཞིག་མིན་པར། ནམ་ཡང་ད་ཡོད་བོད་ཀྱི་དེང་གཞས་སྒྱུ་རྩལ་འདི་ཚད་རིམ་ཞིག་གིས་ཇེ་མཐོར་གཏོང་ཐུབ་ན་ཅི་མ་རུང་སྙམ་བཞིན་པའི་མི་ཞིག་རེད།
ཁོང་གིས་ང་ཚོའི་ད་སྐབས་ཀྱི་དེང་གཞས་གང་ཞིག་ཡིན་རུང་བོད་ཀྱི་སྐར་ཆེན་ཡར་དུང་གིས་བླངས་བའི་<ཐང་དཀར་ལ་ཡིད་སྨོན་སྐྱེས་པ>ཞེས་པ་དང་གཡུང་དྲུང་རྒྱལ་གྱིས་བླངས་བའི་<ངོ་མཚར་བའི་གཟི་ཚ་སྡེ་དགུ>གཉིས་ཀྱི་སྒྱུ་རྩལ་ཚད་རིམ་ལས་བརྒལ་ཐུབ་པ་གཅིག་ཀྱང་མེད་ལ། རྣམ་པའི་ཐད་ནས་ཀྱང་བརྙན་སྡེར་ཕུད་པ་དང་གཞི་རྒྱ་ཆུང་བའི་འཁྲབ་ལེན་སྤྲོ་ཚོགས་སྤེལ་བ་ཙམ་དུ་འདུག་པས་སུས་ཀྱང་ཐོད་བརྒལ་ཆེན་པོ་ཞིག་བྱེད་ཐུབ་ཀྱིན་མེད་པར་སྙམ་བཞིན་ཡོད། དེར་བརྟེན་ཁོང་གིས་ནམ་ཡང་ཨ་ཇོར་འབོད་པའི་གླུ་བ་ཡ་དུང་དང་གཡུང་དྲུང་རྒྱལ་གཉིས་ལ་ཁོང་གཉིས་ཀྱིས་དབུ་ཁྲིད་དེ་འུ་ཚོའི་གླུ་གར་སྒྱུ་རྩལ་གྱི་ཚད་རིམ་ཇེ་མཐོར་གཏོང་བར་འབད་པ་བྱེད་རོགས་ཞེས་སྐུལ་མ་ཡང་ཡང་བྱས་རུང་། ཁོང་རྣམ་པ་གཉིས་པོས་དེར་གདེང་འཇོག་བཟང་པོ་ཐོབ་པ་ཙམ་ལས། གླུ་བ་ཡ་དུང་གིས་གློག་བརྙན་སྒྱུ་རྩལ་ལ་སློབ་སྦྱོང་དང་ལག་ལེན་བྱེད་ཀྱིན་ཡོད་ལ། གཡུང་དྲུང་རྒྱལ་གྱིས་<བོད་ཀྱི་གབ་ཕྱུང་>ཅེས་པའི་བོད་ཀྱི་གཉུག་གཤིས་གླུ་གར་འཁྲབ་སྟོན་ཆེན་མོའི་ཇུས་འགོད་དང་ལག་བསྟར་ལ་བྲེལ་བཞིན་ཡོད་པས་ཁོང་ཚོ་དང་མཉམ་འབྲེལ་བྱེད་པའི་གོ་སྐབས་མ་བྱུང་།
ཡིན་ནའང་བཀྲ་ཤིས་ཉི་མས་རང་ཉིད་ཀྱི་རིག་པ་ལག་ཏུ་བསྟར་ཆེད་དམ་ནུས་པ་ར་སྤྲོད་བྱེད་པར་སྤྱི་ལོ་༢༠༡༠ལོའི་ཟླ་༦པའི་ཚེས་༡༨ཉིན། བོད་ཀྱི་ཡུལ་སྐོར་དང་ཚོང་ལས་དཔལ་འབྱོར་སོགས་གང་ཅིའི་ཐད་ནས་ཅུང་འཕེལ་རྒྱས་ཕྱིན་ཡོད་པའི་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་མི་སྒེར་འཁྲབ་ལེན་སྤྲོ་ཚོགས་ཏེ། བཀྲ་ཤིས་ཉི་མའི་ལོ་བཅུའི་སྒྱུ་རྩལ་ལས་ཞུགས་ཀྱི་མཛའ་མཐུན་འཁྲབ་ལེན་སྤྲོ་ཚོགས་ཞེས་པ་སྤེལ་ནས་རྒྱལ་ཕྱི་ནང་གི་ལྟད་མོ་བ་ཆིག་ཁྲི་བརྒྱད་སྟོང་ལྷག་འདུས་འཛོམས་བྱུང་ལ། ཀུན་གྱིས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་ཅིང་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་མ་ཟད། ཉིན་དེར་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་རྩ་འཛུགས་པའང་་དེ་གར་ཕེབས་ཏེ་དམངས་སྒོར་ཁྲི་བརྒྱ་ལ་ཉེ་བའི་མ་དངུལ་སྤྲད་ཅིང་ད་ལོའི་ཁམས་པའི་སྒྱུ་རྩལ་དུས་སྟོན་གྱི་རྩ་འཛུགས་དབང་ཆ་ཡོད་ཚད་ཀྱང་བཀྲ་ཤིས་ཉི་མ་ལ་སྤྲོད་རྒྱུའི་གྲོས་འཆམ་གན་རྒྱ་བཞག་ཡོད།
གོང་གི་ལེགས་གྲུབ་དེས་ཁོང་གི་ཡིད་ཆེས་དང་སྤོབས་པ་ཡོངས་སུ་སྨིན་ཏེ་གནམ་བཙན་ཚན་སྡེབ་ཅེས་པའི་བོད་ཀྱི་སྐད་གྲགས་ཅན་གྱི་གླུ་བ་གླུ་མ་སྐོར་ཞིག་གི་ཚན་སྡེབ་ཅིག་རྩ་འཛུགས་བྱས་ཤིང་དེང་གཞས་དང་ཆོས་གཞས། དམངས་གཞས་བཅས་ཀྱིས་པེ་ཅིན་གྱི་པའོ་ལེའུ་གར་ཁང་དུ་རྒྱལ་ཕྱི་ནང་གི་ཆེད་མཁས་དང་ལྟད་མོ་བ་རྣམ་པའི་སྤྱན་ལམ་དུ་འབུལ་རྒྱུའི་འཆར་གཞི་འགོད་ཀྱིན་ཡོད་ལ། མ་འོངས་པར་ཚན་སྡེབ་དེས་<བོད་རིགས་གླུ་བའི་འཆམ་མཐུན་སྐོར་གཡེང་འཁྲབ་ལེན་སྤྲོ་ཚོགས་>ཞེས་སྐོར་གཡེང་རྣམ་པའི་འཁྲབ་ལེན་བྱེད་སྒོ་ཞིག་ཀྲུང་གོའི་ཞིང་ཆེན་སོ་སོ་དང་གྲོང་ཁྱེར་ཆེན་པོ་དག་ནས་རེ་རེ་བཞིན་སྤེལ་ཏེ་ཚོགས་པའི་ནུས་པ་རྩ་འཛུགས་དང་རྒྱལ་ཕྱི་ནང་གི་བོད་ཀྱི་གླུ་གར་རིག་གནས་ལ་དགའ་ཞེན་ཡོད་པའི་སྤུན་ཟླ་ཚོར་ཁྲ་ཆུང་མིག་གི་ལྟད་མོ་དང་གངས་དཀར་སེམས་ཀྱི་ལོངས་སྤྱོད་དུ་འབུལ་བ་བརྒྱུད། ཚོགས་པའི་ནུས་པ་དང་སྙིང་སྟོབས་བརྒྱུད་དེ་བོད་མི་རིགས་ཀྱི་རིག་གནས་དང་སྒྱུ་རྩལ་སྲུང་སྤེལ་བྱེད་པའི་འཆར་གཞི་འགོད་ཀྱིན་འདུག
ཁོང་གིས་ད་རུང་གོང་གི་ཚན་སྡེབ་དང་སྐོར་གཡེང་འཁྲབ་ལེན་བྱས་པའི་ཡོང་འབབ་དང་ཚན་སྡེབ་ཀྱི་ཚོགས་མིའི་ཞུགས་ཡོན། གཞན་ཆེད་དམིགས་ཀྱིས་ཐེབས་རྩ་གསོག་སྒྲུབ་བྱས་པ་སོགས་ལ་བརྟེན་ནས་བོད་ཀྱི་སློབ་གསོ་དང་འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་སྐོར་རོགས་སྐྱོར་བྱེད་པ་དང་། དེ་ལས་ཀྱང་བོད་ཡུལ་ནས་ཉེན་ཁ་ཚབས་ཆེན་དུ་འགྱུར་བཞིན་པའི་ཨ་ཙིའི་ནད་ངན་ལ་སྔོན་འགོག་བྱེད་པ་དང་བོད་ཀྱི་སྐད་ཡིག་བེད་སྤྱོད་དང་སློབ་སྦྱོང་བྱེད་པའི་འབོད་སྐུལ་གཏོང་བར་རོགས་སྐྱོར་བྱེད་པའི་བོད་ཀྱི་གླུ་གར་བའི་ཐེབས་རྩ་ཚོགས་པ་ཞིག་འཛུགས་གཉེར་བྱེད་འདོད་ཡོད་ལ། ལོ་རེ་བཞིན་བོད་ཀྱི་གླུ་གར་བགྲོ་གླེང་ཚོགས་འདུ་སྤེལ་བ་དང་། ལོ་རེ་བཞིན་བོད་ཀྱི་གླུ་གར་འགྲན་བསྡུར་སྤེལ་བ། ལོ་རེ་བཞིན་ཆེས་ལེགས་གླུ་གར་གདམས་གསེས་བྱས་ཤིང་ཕུལ་བྱུང་གི་གླུ་གར་ལ་བྱ་དགའ་སྟེར་བ་སོགས་བྱས་ཏེ་སྒྱུ་རྩལ་གྱི་ལམ་དུ་ཞུགས་པའི་ན་གཞོན་ཚོར་སྐུལ་འདེད་བྱེད་པ་དང་གླུ་གར་སྒྱུ་རྩལ་གྱི་ལམ་སྒོ་འདི་ཚད་ལྡན་ཅན་དང་ཁྱད་འཕགས་ཅན་དུ་བསྒྱུར་བར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་དཔའ་གདེང་དང་བཅས་བཤད།
·གསར་འགྱུར་གོང་མ:ཡབ་གཞིས་པཎ་རིག་འཛིན་དབང་མོར་ཆིང་ཧྭ་སློབ་ཆེན་རབ་འབྱམས་པའི་སློབ་གནས་ཐོབ།
·གསར་འགྱུར་འོག་མ:ལྷ་སའི་ཞོ་སྟོན་གྱི་ཚོང་འདུས་སྤྱི་ཟླ་༨པའི་ཚེས ༡༠ ནས ༡༦ ཉིན་བར་འཚོགས་རྒྱུ་ཡིན་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཨེ་ཝྃ་ཆོས་སྨན་གླིང་གི་ཡིག་རྒྱུགས་གཉིས་པ་ལེགས་གྲུབ། ། 2012/3/9 21:13:21
·གླིང་སྲས་དྲྭ་ཚིཊ་དྲྭ་ལམ་དུ་སྤེལ་བར་རྟེན་འབྲེལ་ཞུ། 2012/3/8 14:39:04
·སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་དྲུག་པ་ཞལ་བཞེས་བྱུང་བ། 2012/3/8 12:40:57
·བོད་ཀྱི་སྐད་ཡིག་སློབ་གསོའི་གླེང་དེབ་༼སྒྲོན་མེ་འགྲེམ་སྤེལ་བྱས་པ། 2012/3/6 13:51:38
·རྒྱལ་ཡོངས༼སྨོན་ལམ་བུམ་པ་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་བརྡ། 2012/3/6 13:40:44
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:32:47 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 13:56:49 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 20:52:00 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 52 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS