ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

བོད་ལྗོངས་ཀྱིས་ཐེངས་དང་པོར་ཕུལ་བྱུང་ལྷ་བཟོ་བ་༢༠བདམས་པ།

[རྩོམ་པ་པོ:སྒྲོལ་མ།  ཡོང་ཁུངས:བོད་ལཇོངས་རིག་གནས་དྲ་བ།  དུས་ཚོད:2010/8/7 13:58:50  བཀླགས་ཐེངས:863][ཡིག་གཟུགས:ཡིག་གཟུགས་མདོག]

བོད་ལྗོངས་ཀྱིས་ཐེངས་དང་པོར་ཕུལ་བྱུང་ལྷ་བཟོ་བ་༢༠བདམས་པ།

རིམ་པ་དང་པོའི་ལྷ་བཟོ་བ།

ད་ལྟ་ལྷ་ས་རུ་སྤེལ་བཞིན་པའི་སྐབས་དང་པོའི་བོད་ཀྱི་ཐང་གའི་སྒྱུ་རྩལ་འགྲེམ་ཚོགས་སྟེང་།  བོད་ལྗོངས་ཀྱིས་ཐེངས་དང་པོར་ཕུལ་བྱུང་ལྷ་བཟོ་བ་༢༠བདམས་ཤིང་། དེའི་ནང་རིམ་པ་དང་པོའི་ལྷ་བཟོ་བ་༣དང་། རིམ་པ་གཉིས་པའི་ལྷ་བཟོ་བ་༦   རིམ་པ་གསུམ་པའི་ལྷ་བཟོ་བ་༡༡བཅས་འདུས་ཡོད་པ་རེད།

ལོ་ན་༢༧ལ་སོན་པའི་དོན་གྲུབ་ལགས་ཀྱིས་ཐང་ག་བཞེངས་ཚུལ་སློབ་སྦྱོང་བྱས་ཏེ་ལོ་༡༤ཕྱིན་ཞིང་།  ཐེངས་འདིའི་དཔྱད་འདེམས་ནང་། དོན་གྲུབ་ལགས་རིམ་པ་དང་པོའི་ལྷ་བཟོ་བར་བདམས་ཡོད་ཅིང་། ཁོང་གིས་རང་ལ་ཐོབ་པའི་མཚན་སྙན་དེའི་ཐད་འདི་ལྟར། ཐེངས་འདིའི་ཐང་གའི་འགྲེམ་ཚོགས་ལ་ཞུགས་དོན་གཙོ་བོ་ནི་སློབ་སྦྱོང་གི་ཆེད་དུ་ཡིན་པ་ལས། བྱ་དགའ་ཐོབ་པ་ནི་ང་ལ་མཚོན་ན་བསམ་ཡུལ་ལས་འདས་པ་ཞིག་རེད་ཅེས་བརྗོད་བྱུང་།

དོན་གྲུབ་ལགས་ཀྱིས་འདི་ལྟར། ཐེངས་འདིའི་དཔྱད་འདེམས་སྟེང་བོད་ཁུལ་སོ་སོ་ནས་ཕེབས་པའི་ཕུལ་བྱུང་ལྷ་བཟོ་བ་༥༠ཙམ་ཞུགས་ཡོད་ཅིང་། ཁོང་ཚོས་ཉིན་གཉིས་ལྷག་ཙམ་གྱི་རིང་ལ་ཐང་ག་བཞེངས་པའི་ལག་རྩལ་ངོམ་པའི་གོ་རིམ་ཁྲོད། ང་རང་གིས་ལྷ་བཟོ་བ་དེ་རྣམས་ལས་ཐང་ག་བཞེངས་པའི་ཤེས་བྱ་མང་པོ་ཞིག་ཁོང་དུ་ཆུད་ཅིང་། དེ་ནི་ང་རང་ལ་མཚོན་ན་ ཉམས་མྱོང་ཤིན་ཏུ་རྩ་ཆེན་ཞིག་རེད་ཅེས་བརྗོད་པ་རེད།

ཐེངས་འདིའི་དཔྱད་འདེམས་པའི་འགན་བཞེས་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྒྱུ་རྩལ་ཞིབ་འཇུག་ཁང་གི་འགན་འཛིན་གཞོན་པ་ངག་དབང་འཇིགས་མེད་ལགས་ཀྱིས་འདི་ལྟར། ཐང་ག་བཞེངས་པའི་འགྲེམ་ཚོགས་ལ་ཞུགས་མཁན་མང་ཆེ་ཤོས་ནི་གཞོན་སྐྱེས་ཡིན་ལ། ཁོང་ཚོས་བཞེངས་པའི་ཐང་ག་རྣམས་མཐོང་དུས་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་བྱུང་། རྒྱུ་མཚན་ནི་དེ་དག་ལས་ཐང་ག་འགའ་ཤས་ནི་ཐང་གའི་མཆོག་ཏུ་རྩི་ཆོག་པ་དང་།  གཞོན་སྐྱེས་འདི་འདྲ་མང་པོ་ཞིག་གིས་རང་མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ལ་དགའ་བོ་བྱེད་པ་མཐོང་ན་སེམས་བསམ་པའི་གཏིང་ནས་དགའ་བ་ཞིག་རེད་ཅེས་བརྗོད་བྱུང་།

གསར་འགོད་པས་ཤེས་གསལ་བྱུང་བ་ལྟར་ན། རྗེས་ཕྱོགས་སུ་ཐང་གའི་སྒྱུ་རྩལ་དངོས་མང་འགྲེམ་ཚོགས་དེ་ལོ་རེར་ ཐེངས་གཅིག་རེ་སྤེལ་རྩིས་ཡོད་ཅིང་།   བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་དབྱང་ཧྲོའུ་ལགས་ཀྱིས་གསུང་བར། ཐང་གའི་སྒྱུ་རྩལ་དངོས་མང་འགྲེམ་ཚོགས་འདིའི་དམིགས་ཡུལ་ནི་ལྷ་བཟོའི་སྒྱུ་རྩལ་མི་སྣ་གསར་དུ་རྙེད་པ་དང་།  རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱས་ཏེ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཐོན་ལས་ཁྱོན་ཡོངས་ནས་གོང་དུ་འཕེལ་བར་སྐུལ་ཁྲིད་བྱེད་པའི་ཆེད་དུ་རེད།

·གསར་འགྱུར་གོང་མ:བོད་ཡིག་དཔེ་ཆའི་དཀར་ཆག་ཕྱོཊ་བསྒྲིཊ་འདི་ནས་གཟིཊ།
·གསར་འགྱུར་འོག་མ:བོད་ཀྱི་དེང་དུས་རོལ་དབྱངས་མཚན་ཚོགས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 4:58:45 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 7:08:28 [来自: 112.5.248.152]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 7:08:26 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 54 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS