ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཚོང་ལམ
གསར་འགྱུར་ཀློག་པ།

འཛམ་གླིང་གི་དངུལ་རྩ་ཉམས་ཉེན་ཡང་བསྐྱར་འབྱུང་སྲིད་དམ།

[རྩོམ་པ་པོ:ཉི་སྲས།  ཡོང་ཁུངས:མཚོ་སྔོན་པའི་ཟིན་བྲིས།  དུས་ཚོད:2010/9/22 12:12:00  བཀླགས་ཐེངས:1466][ཡིག་གཟུགས:ཡིག་གཟུགས་མདོག]
འཛམ་གླིང་གི་དངུལ་རྩ་ཉམས་ཉེན་ཡང་བསྐྱར་འབྱུང་སྲིད་དམ།
ཉི་ཧོང་།  ཉི་སྲས།

གཅིག  ༢༠༡༠ལོའི་ལོ་མཇུག་ཏུ་ཡང་བསྐྱར་དངུལ་རྩའི་ཉམས་ཉེན་འབྱུང་པའི་སེམས་ཁྲལ།

༢༠༠༨ལོར་རེ་མ་ཉམས་ཉེན་*1(Lehman Shock)ལ་རྐྱེན་བྱས་ཏེ་འཛམ་གླིང་གི་དངུལ་རྩ་ཉམས་ཉེན་བྱུང་བ་ནི་ཀུན་གྱི་སེམས་ངོས་སུ་ད་རུང་གསལ་ལྷང་ངེར་ཡོད་སྲིད།   དངུལ་རྩ་ཉམས་ཉེན་དེ་ནི་འཛམ་གླིང་གི་དཔལ་འབྱོར་རིག་པ་བ་གང་མང་ཞིག་གིས་ཉེ་བའི་ལོ་ངོ་བརྒྱ་རིང་འཛམ་གླིང་གི་དཔལ་འབྱོར་ཐད་ནས་ཆེས་ཉམས་རྒུད་ཐེབས་པ་ཚབས་ཆེན་ཡིན་ཚུལ་བརྗོད་ནས་ལོ་བརྒྱར་ཐེངས་གཅིག་གི་ཆག་སྒོ་འམ་༡༩༢༩ལོའི་འཛམ་གླིང་འཇིགས་སྐྲག་*2(1929 world fear)གི་རོ་ལངས་སོགས་སུ་ངོས་འཛིན་བྱས་ནས་ཁྱབ་བསྒྲགས་ཆེན་པོ་བྱས་ཤིང་།  དངོས་དོན་དུའང་འཛམ་གླིང་གི་སྟོབས་འབྱོར་ཡོད་མེད་ལ་མ་ལྟོས་པར་རྒྱལ་ཁབ་སོ་སོའི་དཔལ་འབྱོར་ལ་ཆག་སྒོ་ཆེན་པོ་ཐེབས་པ་རེད།
སྟབས་ལེགས་པ་ཞིག་ལ་་སྔོན་ཐོན་རྒྱལ་ཁབ་ཁག་གི་སྲིད་གཞུང་གཙོ་བྱས་པའི་རྒྱལ་ཁབ་སོ་སོས་དངུལ་འབོར་ཆེན་པོས་དཔལ་འབྱོར་སྐུལ་འདེད་སྲིད་ཇུས་ལ་ཤུགས་སྣོན་དང་ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཉམ་འབྲེལ་བྱས་པར་བརྟེན།  འཛམ་གླིང་འཇིགས་སྐྲག་ལ་སྔོན་འགོག་བྱས་ཏེ་ད་ལྟ་འཛམ་གླིང་གི་དཔལ་འབྱོར་ཕྱིར་འཕེལ་རྒྱས་ཀྱི་ལམ་ཁར་ཁ་ཕྱོགས་ཀྱིན་ཡོད་ལ།  ཀྲུང་གོ་གཙོ་བྱས་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་ཚད་ཇེ་མགྱོགས་སུ་འགྲོ་བཞིན་པ་མ་ཟད།  འཛམ་གླིང་གི་མ་རྐང་ཚོང་རྭ་ཡང་སྔར་གྱི་གསོན་ཤུགས་རྒྱས་མགོ་བརྩམས་ཀྱིན་ཡོད།
ཡིན་ཡང་།   འཛམ་གླིང་གི་དཔལ་འབྱོར་འཕེལ་ཚད་འདི་རྒྱུན་མཐུད་རུང་བ་ཞིག་སྲིད་དམ།  ཡང་ན་འཛམ་གླིང་འཇིགས་སྐྲག་གི་སེམས་ཁྲལ་དེ་གཞི་ནས་ཡལ་སོང་བ་རེད་དམ་ཟེར་ན།
ད་ཐེངས་ཀྱི་དཔལ་འབྱོར་ཆག་སྒོ་ཡི་རྨ་ཁ་ཆེན་པོ་དེ་ད་རུང་སོས་ཡག་ཅིག་མིན་ཏེ།  སྔོན་ཐོན་རྒྱལ་ཁབ་ཁག་གི་དཔལ་འབྱོར་ལ་གསོན་ཤུགས་རྒྱས་རེག་བར་དུ་མི་འགྱངས་པའི་ལོ་འགའི་རིང་འཕེལ་འགྲིབ་མེད་པའི་དཔལ་འབྱོར་གྱི་གནས་སྟངས་ཞིག་རྒྱུན་བསྲིངས་བྱེད་པར་ཚོད་དཔག་མི་བྱེད་ཀ་མེད་རེད་ལ།   ཡང་བསྐྱར་ཆག་སྒོ་ཐེངས་གཉིས་པ་འབྱུང་སྲིད་པར་འདོད་པའི་དཔལ་འབྱོར་རིག་པ་བ་ཡང་གང་མང་མང་ཅིག་ཡོད་པ་རེད།  ཁ་གསལ་བོའི་བརྗོད་ན་ཁོང་ཚོས་ཡང་བསྐྱར་འཛམ་གླིང་དཔལ་འབྱོར་ལ་རྨ་ཁ་ཆེན་པོ་ཞིག་ཕོག་སྲིད་པར་སྔོན་དཔག་བྱེད་ཀྱིན་ཡོད་པ་རེད།
ཉི་ཧོང་གི་དཔལ་འབྱོར་དཔྱད་བརྗོད་པ་སྐུ་ཞབས་སུ་ང་ཞུ་ཐ་ཁྰེའོ་ཧེ་རོད་ལགས་ཀྱིས་བརྩམས་ཆོས་ཏེ་「世界のマネーは動き出した」「འཛམ་གླིང་གི་སྒོར་མོ་འགུལ་འགོ་བརྩམས་བྱུང་།」ཁྲོད་དུ་རེ་མ་ཉམས་ཉེན་*1གྱི་ལོ་གཉིས་ཀྱི་རྗེས་ཏེ་༢༠༡༠ལོའི་ཟླ་༩་པར་ཡས་མས་སུ་འཛམ་གླིང་གི་དཔལ་འབྱོར་གྱི་གནས་སྟངས་ལ་ཛ་དྲག་གི་འགྱུར་བ་ཞིག་བྱུང་སྲིད་པར་བརྗོད་འདུག་སྟེ།  རྒྱུ་མཚན་ནི་རེ་མ་ཉམས་ཉེན་*1ནས་འཛམ་གླིང་གི་དཔལ་འབྱོར་ལ་གསོན་ཤུགས་ཅུང་ཙམ་རྒྱས་ཡོད་པ་འདི་ནི་རྒྱལ་ཁབ་སོ་སོས་དངུལ་འབོར་ཆེན་པོའི་འགྲོ་གྲོན་བཏང་ཏེ་དཔལ་འབྱོར་སྲིད་ཇུས་ལ་ཤུགས་བསྣན་པའི་འབྲས་བུ་ཡིན་པའི་སྟབས་ཀྱིས།  ད་ལྟ་རྒྱལ་ཁབ་སོ་སོའི་ནོར་སྲིད་ཡོང་སྒོ་ལ་ཚད་བཀག་ཡོད་པ་དང་གཅིག    འདས་པའི་ལོ་རྒྱུས་སུའང་དངུལ་རྩ་ཉམས་ཉེན་ལ་སྐབས་ཐོག་མྱུར་སྐྱོབ་ཀྱི་སྲིད་ཇུས་ཅིག་ལོ་གསུམ་བརྒལ་བ་ཞིག་བྱས་མྱོངས་མེད་པར།   ལོ་གཉིས་ཙམ་ལས་སྲིད་གཞུང་གི་ནོར་སྲིད་ལ་བརྟེན་ནས་དཔལ་འབྱོར་གྱི་ནུས་པ་རྒྱུན་འཁྱོངས་བྱེད་ཐུབ་མེད་པ་གཉིས་རྒྱུན་མཚན་དུ་དྲངས་འདུག
གཉིས།   དོ་སྣང་བྱེད་ཀྱིན་པའི་ཡོ་རོབ་ཤར་མ་དང་ཡ་གླིང་གི་དཔལ་འབྱོར་གནས་སྟངས།
ཡང་བསྐྱར་འཛམ་གླིང་གི་དཔལ་འབྱོར་ཆག་སྒོ་ཐེངས་གཉིས་པ་ཐེབས་སྲིད་པའི་རྒྱུ་གང་མང་ཅིག་འཛམ་གླིང་གི་ཡུལ་གྲུ་སོ་སོ་ན་ཡོད་དེ།   དོན་དངོས་ཐོག་༢༠༠༨ལོའི་རེ་མ་ཉམས་ཉེན་གྱི་རྐྱེན་གཙོ་བོ་ནི་འབྱོར་མེད་པའི་དོམ*3(subprime lending)དང་འབྲེལ་བའི་ཚོང་རྫས་ཉོ་ཚོང་བྱས་པའི་དངུལ་རྩ་ལས་ཁུངས་གང་མང་ཅིག་ཕྱིར་བསྡུ་དཀའ་བའི་བུ་ལོན་གྱིས་མནར་ནས་གཅིག་འཕྲོ་གཅིག་ལ་ཚོང་རྡིབ་སྟེ་སྒོ་རྒྱག་དགོས་པའི་གནས་སུ་ལྷུང་བའི་སྟབས་ཀྱིས་ཡིན་པས། འདི་དང་གཅིག་མཚུངས་སྒོས་རྒྱལ་ཁབ་སོ་སོའི་ནོར་སྲིད་ལ་ཆག་སྒོ་ཆེན་པོ་ཅིག་ཐེབས་རྒྱུའི་ཉེན་ཁ་ཡོད་པ་རེད།
དཔེར་ན་ཕྱིར་བསྡུ་དཀའ་བའི་བུ་ལོན་གྱིས་མནར་ནས་རྒྱལ་ཁབ་ཀྱི་ནོར་སྲིད་རྡིབ་ཀྱིན་པའམ་རྡིབ་པར་ཉེན་ཁ་ཆེ་བའི་རྒྱལ་ཁབ་གང་མང་ཅིག་ཡོད་ལ།  དེ་དག་གི་ཁྲོད་དུ་ཉེན་ཁ་ཚབས་ཆེན་ཐེབས་ཟིན་པ་ནི་ཞི་ལ་རྒྱལ་ཁབ་རེད།   ཞི་ལ་རྒྱལ་ཁབ་གྱི་དོམ་གྱི་གྲངས་འབོར་ཡོ་རོབ་དུང་ཕྱུར་༣༠༠༠བརྒལ་ནས་ད་ལྟ་རྒྱལ་ཁབ་ཀྱི་ནོར་སྲིད་རྡིབ་པའི་ཉེམས་ཁར་ལྷུང་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད་ལ།  ད་རུང་ཡོ་རོབ་རྒྱལ་ཁུངས་ཀྱི་ཕུའུ་ཐའོ་ཡ་དང་སི་ཕན་རྒྱལ་ཁབ་ཀྱང་ནོར་སྲིད་ཀྱི་ཆག་འཇིགས་ལ་ཐུགས་ཡོད་པས་ན།  གཅིག་ལ་གཅིག་བརྟེན་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་འཛམ་གླིང་དཔལ་འབྱོར་གྱི་ཁོར་ཡུག་ཁྲོད་དུ་རྒྱལ་ཁབ་གཞན་དག་ལའང་ཉེན་ཁ་འབྱུང་སྲིད་པ་རེད།  ལྷག་པར་དུ་འཇར་མན་དང་ཧྥ་རན་སི།  སུད་སི་སོགས་ཀྱི་དངུལ་ཁང་མང་པོ་ཞིག་གིས་རྒྱལ་ཁབ་འདི་དག་ལ་མ་རྩ་འབོར་ཆེན་བསྐྱིས་ཡོད་པས།  ཉེན་ཁ་དེ་ཡོ་རོབ་ཡོངས་དང་འཛམ་གླིང་ཡོངས་ལ་ཁྱབ་འགྲོ་བར་སྔོན་དཔག་བྱས་པ་དེ་དག་ཀྱང་དཔྱད་གཞི་ཡིག་ཆ་འམ་སྒྲུབ་བྱེད་དུ་བཀོལ་ཆོག་པར་འདོད།
འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁྲོད་དུའང་ཉེན་ཁར་ལྷུང་བའི་རྒྱལ་ཁབ་གང་མང་ཅིག་ཡོད་དེ།  ༢༠༠༨ལོའི་དངུལ་རྩ་ཉམས་ཉེན་ལ་རྐྱེན་བྱས་ནས་IMF(རྒྱལ་སྤྱིའི་ཤོག་སྒོར་ཐེབས་རྩ)་རུ་མྱུར་སྐྱོབ་ཀྱི་མ་རྩ་བསྐྱི་བར་རེ་འདུན་ཞུ་མཁན་གྱི་ཧྭ་སྒ་རེ་རྒྱལ་ཁབ་དང་རོ་མ་ནུ་ཡ་རྒྱལ་ཁབ། སེད་རུ་སྦེ་ཡ་རྒྱལ་ཁབ་སོགས་ཡོ་རོབ་ཤར་མའི་རྒྱལ་ཁབ་གང་མང་ཅིག་ཛ་དྲག་གི་ཉེན་ཁར་ལྷུང་འདུག་པ་དངོས་ཡོད་གནས་ཚུལ་རེད།
གཞན་ཡང་ཕྱིར་བསྡུ་དཀའ་བའི་བུ་ལོན་གྱིས་མནར་བ་མིན་རུང་ཀྲུང་གོ་དང་ཧིན་རྡུའམ་རྒྱ་གར་སོགས་ཀྱི་འཕེལ་ཚད་མགྱོགས་པའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་ནི་ལྦུ་བའི་དཔལ་འབྱོར་(bubble economy)གྱི་གནས་སྟངས་སུ་འགྲོ་གིན་ཡོད་ལ།  ཁྱད་པར་དུ་མ་རྐང་དང་ཁང་བརྩེགས་ཀྱི་རིན་གོང་ནི་ལྦུ་བ་ལྟར་འཕྱུར་གྱིན་པའི་སྒང་ཡིན་པས་ན་དུས་ནམ་ཞིག་བཀད་རྒྱུ་དེ་ཡང་དུས་ཚོད་ཀྱི་སྔ་གཞུག་ཙམ་ཡིན་པར་སྣང་།
འདི་ལྟར་རྒྱལ་ཁབ་སོ་སོའི་དཔལ་འབྱོར་སྲིད་ཇུས་ལ་ནོར་འཆུག་ཕྲན་ཙམ་བྱུང་རུང་ཡང་བསྐྱར་འཛམ་གླིང་སྟེང་དཔལ་འབྱོར་ཆག་སྒོ་ཐེངས་གཉིས་པ་འབྱུང་སྲིད་ངེས་ལ།  ༢༠༡༠ལོའི་ལོ་མཇུག་ལ་འབྱུང་རྒྱུའི་ཉེན་ཁ་ནི་ཧ་ཅང་ཆེ་བར་འདོད།

མཆན།

*1  རེ་མ་ཉམས་ཉེན་ཟེར་བ་ནི་ཨ་མེ་རི་ཁའི་ནེའུ་ཡོག་གྲོང་ཁྱེར་ན་ཡོད་པའི་མ་རྩ་དངུལ་ཁང་ཆེན་པོ་རེ་མ་སྦུ་ར་རྫུས་(Lehman Brothers)ཉམས་ཉེན་ལ་གོ
*2   1929 ལོའི་འཛམ་གླིང་འཇིགས་སྐྲག་ཟེར་བ་ནི་༡༩༢༩ལོར་ཨ་མེ་རི་ཁ་མ་རྐང་ཚོང་རྭ་གྱོང་ཆེན་པོ་རེག་པར་རྐྱེན་བྱས་ནས་ཨ་མེ་རི་ཁའི་ལོ་རྒྱུས་སྟེང་བྱུང་མྱོང་པའི་དཔལ་འབྱོར་ཉམས་ཉེན་ཆེན་པོ་ཞིག་རེད་ལ།  སྐབས་དེར་ཁེ་ལས་པ་དང་མ་རྩ་གཏོང་མཁན་གང་མང་ཅིག་གིས་རང་ཤི་རྒྱབ་པར་བཤད།  སྐབས་དེ་ནས་དཔལ་འབྱོར་མཁས་ཅན་གྱི་ཁྲོད་དུ་ནང་བསྟན་དཔལ་འབྱོར་རིག་པའི་ཕྱོགས་ལ་དོ་སྣང་བྱུང་མཁན་རེ་འགའ་བྱུང་འགོ་ཚུགས།
*3  འབྱོར་མེད་པའི་དོམ་ཟེར་བ་ནི་དཔལ་འབྱོར་ཡོང་སྒོ་དམའ་བའི་མི་ལ་དངུལ་ཁང་གིས་བུ་ལོན་ཆེན་པོ་མ་རྩ་བསྐྱིས་པ་ལ་གོ་སྟེ།  ༢༠༠༨ལོའི་དངུལ་རྩ་ཉམས་ཉེན་བྱུང་རྐྱེན་གྱི་རྒྱུ་གཙོ་བོ་རེད།
མིང་ཚིག་དང་མཆན་འདི་དག་རང་ཉིད་ཀྱི་སྒྱུར་སྒྲིག་བྱས་པ་ཡིན་པས་མཁྱེན་རྒྱ་ཡངས་པའི་ཀློག་པ་པོ་དག་གིས་ནོར་འཆུག་དང་ཆད་ལྷག་འདྲ་ཡོད་ན་དགོངས་འཆར་ལྷུག་པོར་བསྩོལ་བར་སྨོན།

·གསར་འགྱུར་གོང་མ:གླུ་མ་བཀྲ་ཤིས་ལྷ་མཚོའི་ཆེད་བསྒྲིཊ་གཞས་འཁོར་དོན་གྲབས་ཡོད་པ།
·གསར་འགྱུར་འོག་མ:གླུ་མ་བརྩོན་འགྲུས་ཆོས་སྐྱིད་ལ་ཀྲུང་གོའི་ནུབ་ཕྱོཊ་དམངས་གླུའི་གསེར་གྱི་རྟཊ་མ་རག་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·དཔལ་འབྱོར་རིག་པའི་ལམ་སྟོན་གྱི་སྔོན་འགྲོའི་གཏམ། 2012/3/19 13:12:27
·དཔལ་འབྱོར་རིག་པའི་ལམ་སྟོན། 2012/3/17 10:32:51
·འཛམ་གླིང་དཔལ་འབྱོར་གྱི་ཉམས་རྒུད་ཆེན་མོ། 2010/2/19 17:11:05
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 1:25:57 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 2:55:19 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 4:41:54 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 60 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS