ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> རིག་ཐིཊ
གསར་འགྱུར་ཀློག་པ།

སུམ་ཅུ་པའི་ཟུར་རྒྱན་པདྨ་དཀར་པོའི་ཕྲེང་བ།

[རྩོམ་པ་པོ:བཀྲས་ལྷུན་དཀྱིལ་གྲྭ་དཀའ་ཆེན་པདྨ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2010/11/15 10:51:02  བཀླགས་ཐེངས:1700][ཡིག་གཟུགས:ཡིག་གཟུགས་མདོག]
སུམ་ཅུ་པའི་ཟུར་རྒྱན་ལེགས་བཤད་

པདྨ་དཀར་པོའི་ཕྲེང་བ་ཞེས་

བྱ་བ་བཞུགས་སོ།།

བཀྲས་ལྷུན་དཀྱིལ་གྲྭ་དཀའ་ཆེན་པདྨ།

༄༅།།  ན་མོ་མཉྫུ་ཤྲི་ཡེ།  རྣམ་མང་ཤེས་བྱ་ཀུན་གཟིགས་འཇམ་པའི་དབྱངས།  རྣམ་དག་བརྡ་སྤྲོད་སྟོན་པ་ཐུ་མི་རྗེ།  རྣམ་ཀུན་མཆོག་ལྡན་རྗེ་བཙུན་བཀའ་འགྱུར་བ།  རྣམ་གསུམ་དབྱེར་མེད་ཞབས་ལ་གུས་པས་འདུད།  བདག་ཉིད་བློ་དམན་བརྡ་དག་གཞུང་ལུགས་ལ།  གོམས་ཕྱིར་གཙུག་ལག་ཀུན་གྱི་མ་ཕྱི་མཆོག ། ཐུ་མིའི་གསུང་གི་ཟུར་རྒྱན་པད་དཀར་ཕྲེང༌།  མདོར་བསྡུས་ཚིགས་བཅད་ཚུལ་
དུ་སྤེལ་བར་བྱ།  ཀ་སྡེ་ཅ་སྡེ་ཏ་སྡེ་པ་སྡེ་དང༌།  ཙ་སྡེ་ཞ་སྡེ་ར་སྡེ་ཧ་སྡེ་བརྒྱད།  ཡི་གེ་བཞི་བཞི་སྡེབས་པ་སྡེ་པ་སྟེ།  སྡེ་པ་ཕྱེད་དང་བརྒྱད་ཅེས་གྲགས་པ་ཡིན།  ཀ་ཁ་ཅ་ཆ་ཇ་ཉ་ཏ་རྣམས་དང༌།  ཐ་ཕ་བ་ཙ་ཚ་ཛ་ཝ་དང་ནི།  ཞ་ཟ་ཡ་ཤ་ཧ་ཨ་ཉི་ཤུ་པོ།  སྔོན་རྗེས་ཕྱུང་ལྷག་མིང་གཞི་ཁོ་ན་འོ།  རྗེས་འཇུག་བཅུ་དང་སྔོན་འཇུག་ལྔ་རུ་ངེས།  རྗེས་འཇུག་ནང་ནས་སྔོན་འཇུག་ལྔ་ཕུད་པའི།  ལྷག་མ་ང་ན་ར་ལ་ས་རྣམས་ནི།  རྗེས་མིང་ཅི་རིགས་འགྱུར་བའི་ཡི་གེའོ།  སླར་བསྡུ་ལ་དོན་ཨི་ལྡན་རྒྱན་སྡུད་དང༌།  ལྷག་བཅས་འབྱེད་སྡུད་འབྱུང་ཁུངས་བོད་པའི་སྒྲ།  ནི་སྒྲ་དང་སྒྲ་དེ་སྒྲ་གང་སྒྲ་དང༌།  བདག་སྒྲ་དགག་སྒྲ་རྗེས་འཇུག་མ་ལྟོས་དྲུག ། སླར་བསྡུ་བཅུ་གཅིག་ཁ་ཅིག་ཕྱིན་ཏོ་ནི།  སླར་བསྡུ་དངོས་ཡིན་རྟག་གོ་ཙམ་པོ་དང༌། བྱའོ་སྙམ་ནས་བྱེད་དོ་ལྟ་བུ་ནི།  ཙམ་པོའི་ཁོངས་གཏོགས་ཟེར་ཡང་བབ་ཅོལ་ལོ།  ལ་དོན་བདུན་པོ་འཇུག་ཡུལ་ལས་སོགས་ལྔ། དེ་ལས་གཞན་དུ་ན་ལའི་འཇུག་ཚུལ་ནི། དངོས་སུ་ན་དང་མདོར་ན་ཡིན་གྲང་ན། ལྟ་བུ་དམིགས་ཀྱི་དབྱེ་བས་དོན་དུ་སྦྱར།  རྒྱུ་མཚན་རྒྱུ་འདི་ཡོད་ན་འབྲས་འདི་འབྱུང་།  དེས་ན་དེ་ལྟ་མིན་ན་ལ་སོགས་སོ། རྒྱུ་མཚན་དོན་གྱིས་བསྟན་པ་གནས་འདི་ན། ཤིང་ཡང་མེད་ན་ཤ་པ་ཇི་ལྟར་ཡོད།  ཕྱི་ཚིག་འགལ་དཔེ་འདི་ནི་སྔོན་དུས་སུ།  སྡིག་སྤྱོད་ཞིག་ན་ད་ནི་དགེ་ལ་འཇུག ། འོས་པར་དཀའ་བའི་དཔེ་ནི་ལྷས་བཏུད་ན།  མི་རྣམས་ལྟ་ཅི་སྨོས་སོགས་རྒྱ་ཆེར་སྦྱོར།  འོས་པ་ནན་བཟུང་ཕྱི་ཚིག་ངེས་པ་ནི།  ཕྱུགས་རྣམས་བླུན་ན་མི་ཡང་དེ་ལྟར་མཐོང༌།  སྨོན་པའི་དོན་དུ་སྦྱར་པ་བདག་གཞན་ཀུན།  བྱང་ཆུབ་མྱུར་དུ་ཐོབ་ན་ཅི་མ་རུང༌།  ཐེ་ཚོམ་ཞིང་འདིར་ས་བོན་བཏབ་གྱུར་ན།  དེ་ལས་མྱུ་གུ་འབྱུང་ངམ་མི་འབྱུང་དང༌།  ལ་སྒྲ་ལྷག་བཅས་དོན་དུ་སྦྱར་བ་ནི།  ལག་པ་བསྙལ་ལ་ཟས་ཟ་ལྟ་བུ་དང༌།སྔ་ཕྱི་མཚམས་སྦྱོར་དོན་དུ་སྦྱར་བ་ནི།  གསལ་ཞིང་དྭངས་ལ་དྲི་མ་མེད་ལྟ་བུ།  འདི་སྐབས་འགྲེལ་གཞན་འདྲ་མིན་མང་ན་ཡང༌།  སི་ཏུའི་གསུང་བཞིན་བསྡེབས་ལ་འགལ་བ་ཅི།  ༑རྣམ་དབྱེ་དྲུག་གསུམ་གཉིས་པོ་ཨི་ལྡན་ཏེ།  དྲུག་པར་དབྱེ་ན་རྟེན་དང་བརྟེན་པ་དང༌།  ཡན་ལག་ཅན་དང་གཞི་མཐུན་འབྲེལ་སྒྲ་གསུམ།  གསུམ་པར་ཉེ་འགྱང་གཉིས་ལས་དབྱེ་བ་མེད།  དྲུག་གསུམ་ལས་གཞན་ཨི་ལྡན་འཇུག་པ་ནི།  འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ ། སྐྱབས་ནི་སངས་རྒྱས་ཡིན་གྱི་དྲག་པོ་མིན།  དེ་འཐད་མོད་ཀྱི་འོན་ཀྱང་ལྟ་བུའོ།  དེ་དག་མི་མཐུན་པ་ཡི་ཚིག་རྒྱན་དང༌།  རྟག་པར་ཡོད་ཀྱི་མི་རྟག་པར་མ་ཡིན།  བྱེད་དུ་རུང་གིས་གྱིས་ཤིག་ལྟ་བུ་ནི།  བྱེད་སྒྲ་རྒྱུ་མཚན་དོན་དུ་སྦྱར་བའོ།  ༑རྒྱན་སྡུད་རྒྱན་དང་སྡུད་པ་གཉིས་ཡོད་དེ།  རྒྱན་པར་མཐུན་དང་མི་མཐུན་ཚིག་རྒྱན་གཉིས།  དེ་གཉིས་མ་གཏོགས་སླར་ཡང་དེ་ནས་ཡང༌།ཡང་དང་ཡང་དུ་ཡང་ཡང་ཡང་གསུངས་པ།  ཞེས་པ་ལྟ་བུ་བསྐྱར་བསྣན་སྒྲ་རུ་འདོད།  ༑ལྷག་བཅས་མཚམས་སྦྱོར་དམ་བཅའ་གཞན་འདྲེན་གསུམ།  བྱེད་པས་བྱ་བ་བྱས་པས་བྱ་བ་ནི།  རིམ་དང་ཅིག་ཅར་འདྲེན་པའི་མཚམས་སྦྱོར་གསུམ།  དབྱེ་བ་གཏན་ཚིགས་ངེས་ཚིག་རྒྱས་བཤད་ནི།  འདྲེན་པའི་དམ་བཅའི་ལྷག་བཅས་བཞི་རུ་གསུངས།  ༑འབྱེད་སྡུད་འབྱེད་དང་སྡུད་པ་གཉིས་སུ་ངེས།  འཇིག་རྟེན་མཐའ་དང་ལྡན་ནམ་དྲིས་ཚིག་དང༌།  རྟག་གམ་མི་རྟག་ཐེ་ཚོམ་འདི་གཉིས་ཀྱང༌།  དོན་དུ་འབྱེད་པ་གཉིས་ལས་མ་འདས་སོ།  ༑འབྱུང་ཁུངས་དངོས་དང་དགར་སྡུད་རྒྱུ་མཚན་བཞི།  དགར་བར་རིགས་དང་བྱ་བ་ཡོན་ཏན་རྫས།  དགར་གཞི་དགར་ཆོས་མཐུན་མིན་གཉིས་ཀྱང་དབྱེ།  སྡུད་པ་སྤྱི་བོའི་གཙུག་ནས་རྐང་མཐིལ་བར།  རྒྱུ་མཚན་དུ་བ་ལས་ནི་མེར་ཤེས་དང༌།  སྐྱེས་ཤིང་འཇིག་ལས་དངོས་པོར་རྟོགས་པ་དང༌།དེ་བཞིན་རྟ་ལས་ལྷུང་དང་གནམ་ནས་བབས།  ལྷོ་ནས་འོད་སྣང་ལྟ་བུ་ཆར་གཏོགས་ཡིན།  ནས་སྒྲ་མཚམས་སྦྱོར་ལྷག་བཅས་འཇུག་པ་ནི། ལྷ་རྣམས་མཆོད་ནས་ལས་ཀ་བརྩམས་པ་དང༌།  བསོད་ནམས་འཕེལ་ནས་ཅི་བསམ་ཡིད་བཞིན་འགྲུབ།  གདན་ལ་འཁོད་ནས་དགའ་སྤྲོས་ཚིམ་ལྟ་བུ།  ༑འབོད་སྒྲ་མིང་གི་ཐོག་མཐའ་ཚིག་བར་གསུམ།  འབོད་ཡུལ་མཐོ་དམན་བར་གསུམ་ཁྱད་པར་ལས།  ཀྱེ་དང་ཀྭ་ཡེ་ཝ་ཡེ་གསུམ་སོགས་འགྱུར།  འབོད་པ་གསལ་བྱེད་སྒྲ་ལས་རྣམ་དབྱེ་མིན།  ༑ནི་སྒྲ་དགར་བརྣན་གཉིས་སུ་ངེས་པ་ལ།  དགར་ལ་མཆོག་དམན་ཐ་དད་དགར་དང་གསུམ།  སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི།  ལྟ་བུ་ཁ་སྐོང་ངེས་བཟུང་བརྣན་པའི་སྒྲ།  ༑དང་སྒྲ་ལྔ་སྟེ་གྱིས་དང་ལྟ་བུ་ནི། སྐུལ་ཚིག་དང་འབྲེལ་གདམས་ངག་ལ་འཇུག་ཀྱང༌།  ཚོར་བ་པོ་དང་མཐོང་བ་པོ་དང་སོགས།  བདག་སྒྲར་མི་འགྱུར་མཁསཔའི་བཞེད་པའོ།  ༑དེ་སྒྲ་དགུ་སྟེ་ད་ལྟར་འདི་ཞེས་སྦྱོར།  གང་མིང་གིས་ནི་ཡ་མཐའ་རུ་གསུངས་པ།  གཙོ་ཆེར་དགོངས་ཤིང་མིང་མཐར་སྦྱར་ན་དཔེར།  བདག་གི་ལྷ་དེ་ལྟ་བུ་ཤིན་ཏུ་མང༌།  ༑ཅི་ཇི་སུ་གང་སྤྱི་སྒྲ་བཞི་ཡིན་ཏེ།  དབྱེ་བ་དངོས་དང་བྱེ་བྲག་དྲིས་ཚིག་གསུམ།  དངོས་ནི་གང་ཞིག་སྙིང་པོའི་དོན་བསམ་པས།  གང་ཡང་དམན་པར་འགྱུར་བའི་གོ་སྐབས་ཅི།  ཤུགས་བསྟན་དེ་དག་ཐམས་ཅད་གང་ཅིའང་རུང༌།ཇི་ལྟར་སུ་དག་འགྲོ་བ་རྣམས་ལྟ་བུ།  གང་ཞིག་བླ་མར་བསྟེན་ན་ཡོན་ཏན་དག ། མ་ལུས་འདོད་དགུར་སྦྱིན་པ་ཁོ་བོའི་རྗེ།  ཅི་ཞིག་བསམ་པ་དེ་དག་གྲུབ་འགྱུར་ན།  ཇི་ལྟརབདེ་བ་ཐོབ་པ་དེ་ལྟ་བར།  སྐལ་བཟང་སུ་ཡིན་དེ་ཉིད་འགྲོ་བར་འགྱུར།  དེ་དག་སྤྱི་སྒྲ་བྱེ་བྲག་འཇུག་པའི་དཔེ།  ཁྱོད་ཀྱི་ལྷ་ནི་གང་ཡིན་གང་བྱེད་དང༌།  དངོས་པོ་དེ་ཅི་ཆེ་ཆུང་ཇི་ཙམ་ཞིག  བདག་པོ་སུ་ཡིན་ལེགས་པར་སྨྲོས་ཤིག་སོགས། སྦྱར་ན་སྤྱི་སྒྲ་དྲི་བར་འཇུག་པའི་དཔེ།  ཇི་སྲིད་འདི་ལ་གང་འདྲ་མི་འཇུག་ཅེས།  འགའ་ཞིག་བཞེད་ཀྱང་བྱུང་ན་གོས་ཆེན་ཉོ།  གལ་སྲིད་མ་བྱུང་རས་ཤིག་མེད་ཐབས་མེད།  ལྟ་བུ་དབུས་གཙང་སྐད་ལ་གྲགས་པ་ཆེ།  ཅིས་ཀྱང་ཇི་སྙེད་ཅི་སླད་འཇུག་ན་ཡང༌།  དེ་དག་རྣམས་ལ་གང་སྒྲ་མི་འཇུག་ཅིང༌།  སུ་ནི་གང་ཟག་ལ་འཇུག་བེམ་པོར་མིན།  གང་སྒྲ་ཇི་སོགས་མཚུངས་ཀྱང་རྣམ་ཀུན་དཔྱོད།  ༑པོ་བོ་མོ་པ་བ་མ་བདག་སྒྲ་སྟེ།  མཁྱེན་ཅན་ཤེས་ལྡན་བདག་སྒྲར་མཚུངས་ན་ཡང༌། ཅན་ལྡན་བདག་སྒྲ་དངོས་སུ་མི་འདོད་དེ།  དེ་གཉིས་བེམ་པོ་ལ་ཡང་འཇུག་ཕྱིར་རོ།  ༑དགག་སྒྲ་བཞི་ནི་མ་མི་མིན་མེད་དེ།  བུམ་པས་སྟོང་དང་བུམ་པས་དག་པ་དང༌།  སྡིག་བྲལ་འཇིགས་དབེན་ལ་སོགས་དགག་སྒྲ་རུ།  འདོད་པ་བློ་གྲོས་རྩིང་པོ་ཡིན་ཞེས་གསུངས།  ལ་དོན་ར་རུ་ཨི་ལྡན་འི་ཡི་དང༌།  རྒྱན་སྡུད་འང་ཡང་སླར་སྡུའི་འོ་དང་ནི། མིང་གི་འུ་དང་འབྱེད་སྡུད་འམ་ནི་ཚིག  ཁ་སྐོང་དགོས་མིན་གཉིས་ཀྱི་ཁྱད་པར་ཏེ།  དཔེར་ན་ཉི་མ་འཆར་ཁར་སྤྱི་བོ་རུ།  རང་གི་རྩ་བའི་བླ་མ་སྒོམ་པ་ཡི།  གྲྭ་པའང་དགའ་སྟེ་དེ་བཞིན་མི་སྐྱ་ཡང༌།  མང་པོའི་དེ་རྩིས་གྲོགས་ཁྱེད་གཟབ་བྱའོ།  ཟེའུ་འབྲུའི་སྟེང་ན་སྤྲུལ་པའི་ཁྱིའུ་བཞུགས།  རྒྱལ་བའི་སྐུའམ་ཡང་ན་ལྷའི་བུའམ།  ཞེས་སོགས་སྔ་མ་རྣམས་ནི་ཚེག་མེད་དང༌།  ཕྱི་མ་ཁ་སྐོང་ཡིན་ཕྱིར་བར་ཚེག་དགོས།
ངེས་དོན་གསུང་རབ་རྒྱ་མཚོར་ལྟ་བའི་མིག  ལུགས་གཉིས་གསེར་གྱི་ཁྲི་ལ་འཛེགས་པའི་སྐས། འགྲན་འདོད་སྙིང་རྩ་གཅོད་པའི་མཚོན་ཆ་མཆོག  མཁས་བླུན་དཀར་ནག་ཤན་འབྱེད་བཟང་པོའི་དཔོན།  ཨེ་མ་བརྡ་དག་རྒྱ་མཚོའི་འཇུག་ངོགས་སུ།  ཐུ་མིའི་གསུང་གི་གྲུ་ཆེན་ནང་ཞུགས་ནས།  མཁས་པའི་དེད་དཔོན་ལ་བརྟེན་དག་བྱེད་ནོར།  ལེན་པའི་དོན་མཐུན་ཚོགས་རྣམས་སྐལ་པ་བཟང༌།  མཁས་རློམ་རང་བཟོའི་ཀུན་རྟོག་རྫིང་བུ་རུ།  ཤར་བའི་ཉེས་བཤད་ཟླ་བའི་གཟུགས་བརྙན་གྱིས།  བསྒྲུན་མིན་ལེགས་བཤད་ལྷ་ལམ་འོད་བརྒྱ་པའི།  སྣང་བ་སྐྱེ་དགུའི་དཔལ་དུ་བརྡལ་གྱུར་ཅིག  རྒྱུ་སྦྱོར་དད་ལྡན་ལྷག་བསམ་དག་པ་ཅན།  ཛ་ལས་རྩེ་མགྲོན་སྐལ་བཟང་ངག་དབང་ནས། པར་བསྐྲུན་དགེ་འདིས་མཁའ་མཉམ་ཡིད་ཅན་ཀུན།  རིག་གནས་རྒྱ་མཚོའི་མཛོད་ལ་དབང་འབྱོར་ཤོག།  །། །  ཅེས་པ་འདི་རྟ་ནག་ཤུད་གཞིས་སུ་ཡེར་པ་མཚན་ཞབས་སྤྲུལ་པའི་སྐུ་རིན་པོ་ཆེར་སྙན་སུམ་འབུལ་ཁུལ་བྱེད་སྐབས་རང་འདྲའི་བློ་དམན་ལ་མཁོ་གནད་ཆེ་བར་མཐོང་ནས་བཀྲས་ལྷུན་དཀྱིལ་གྲྭ་དཀའ་ཆེན་པད་མས་བསྡེབས་པའོ།།
·གསར་འགྱུར་གོང་མ:སྒོ་ཡོན་གྱི་རྩོམ་དེབ་གསར་བ་ཐོན་ཡོད་འདུག
·གསར་འགྱུར་འོག་མ:ཞང་སྟོན་གྱི་མི་ཆོས་གནད་འགྲེལ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 8:28:25 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 11:26:19 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 16:59:35 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 52 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS