ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

རང་གྲོལ་དུས་དེབ་གསར་བཏོན་ཐད་ཀྱི་བགྲོ་གླེང་ཚོཊ་འདུ།

[རྩོམ་པ་པོ:བྱང་སྒྲ་སྙན།  ཡོང་ཁུངས:དགེ་ཆོས་དྲ་བ་ལས།  དུས་ཚོད:2010/11/19 22:47:24  བཀླགས་ཐེངས:841][ཡིག་གཟུགས:ཡིག་གཟུགས་མདོག]

རང་གྲོལདུས་དེབ་སྒྲུབ་སྟངས་ཐད་ཀྱི་བགྲོ་གླེང་ཚོགས་འདུ།

གསར་འགོད་པ།   བྱང་སྒྲ་སྙན།

བོད་ཀྱི་ཆེས་ཐོག་མའི་རྩོམ་རིག་གཅེས་བཏུས་རང་གྲོལདུས་དེབ་སྒྲུབ་སྟངས་ཐད་ཀྱི་བགྲོ་གླེང་ཚོགས་འདུ་དེ་རེབ་གོང་ནས་ཚོགས་པ།
ཟླ་11 པའི་ཚེས་17 ཉིན་རྨ་ལྷོ་ཁུལ་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། རྨ་ལྷོ་གསར་འགྱུར་ཁང་གིས་བརྩོན་ལེན་བྱས་ཏེ་འགན་སྒྲུབ་ཐུབ་པའི་བོད་ཀྱི་ཆེས་ཐོག་མའི་རྩོམ་རིག་གཅེས་བཏུས་རང་གྲོལདུས་དེབ་སྒྲུབ་སྟངས་ཐད་ཀྱི་བགྲོ་གླེང་ཚོགས་འདུ་ཐོག་མ་དེ་རེབ་གོང་རོང་བོ་གྲོང་བརྡལ་ནས་བསྡུས།
འདུ་ཚོགས་ལ་གངས་ཞུན་དང་པདྨ་ཚེ་བརྟན། འབྲོང་བུ་རྡོ་རྗེ་རིན་ཆེན། ཨ་ལོ་རིན་ཆེན་རྒྱལ་བོ། སེང་གཞུང་རྡོ་རྗེ་གཅོད་པ། ཁྱུང་ཐར་རྒྱལ། བདེ་སྐྱིད་སྒྲོལ་མ། སྙན་བཟང་ཡུམ་སྐྱབས་རྒྱལ། དགུ་རོང་བསྟན་འཛིན། རེབ་གོང་བ་མཁར་རྩེ་རྒྱལ། དོ་རྒྱ་བསོད་ནམས་ཚེ་རིང་། ཚེ་དབང་རྡོ་རྗེ། བསོད་ནམས་རྡོ་རྗེ། རོང་བོ་དགེ་འདུན་ལྷུན་གྲུབ། རེ་རྐང་གླིང་། མདའ་བཙན་པོ། ཁྱུང་བཟང་། གུ་རུ་དོན་གྲུབ། མོག་ཟླ། ཁུ་བྱུག་སྔོན་མོ། ས་དཀྱིལ་ཚེ་བཀྲ། སྨན་ཚང་ཚེ་རིང་། དོ་སྨྱོན་ཚེ་རིང་བཀྲ་ཤིས། བྱང་སྒྲ་སྙན། ནོར་པེ། རོང་བོ་གངས་དཀར། ཐོ་རེངས། སྒྲ་གཅན། ལྡོང་ཆུ་ཐིག་སོགས་རྩོམ་པ་པོ་དང་སྙན་ངག་པ་སུམ་ཅུ་ལྷག་ཞུགས་གནང་ཡོད་པ་རེད།
ཚོགས་འདུའི་སྟེང་བགྲོ་གླེང་གི་རྣམ་པ་བརྒྱུད་རང་གྲོལདུས་དེབ་སྒྲུབ་སྟངས་ཐད་ལ་མི་རང་རང་གི་བསམ་ཚུལ་ལྷུག་བརྗོད་གནང་ཞིང་རྩོམ་རིག་གཅེས་བཏུས་བྱ་ཚུལ་གྱི་སྐོར་ལས་འཕྲོས་ཏེ་རྩོམ་པ་པོ་རྒན་པ་དང་གཞོན་པ་གཉིས་ཀྱིས་ལྟ་ཚུལ་མི་མཐུན་པའི་སྟེང་ནས་ཛ་དྲག་གི་རྩོད་གླེང་བྱས་ཡོད་པ་རེད།
རང་གྲོལ་དུས་དེབ་ཅེས་པ་འདི་ད་ལོ་ནང་ཁུལ་འགྲེམ་སྤེལ་གྱི་ཚུལ་དུ་རིན་མེད་གཟིགས་འབུལ་བྱ་རྩིས་ཡོད་ལ་སང་ལོ་ནས་བཟུང་དུས་ཚིགས་རེ་ལ་དེབ་རེ་འགྲེམས་སྤེལ་བྱ་རྒྱུའི་འཆར་གཞི་ཅན་ཞིག་ཡིན་ཞིང་། དུས་དེབ་ཀྱི་རྩ་དོན་དེ་བོད་ཁུལ་གྱི་ཚགས་དེབ་དང་། དཔེ་དེབ། དྲ་ཚིགས་སོགས་ལས་བརྩམས་ཆོས་ལེགས་ཤོས་དག་གཅེས་བཏུས་ཀྱི་ཚུལ་དུ་བགོད་རྒྱུ་དང་། དུས་དེབ་ཀྱི་གཙོ་སྒྲིག་པ་དེ་ཡང་དུས་དེབ་ཀྱི་དགོས་མཁོ་ལྟར་བོད་ཁུལ་གྱི་དཔྱད་བརྗོད་པ་དང་རྩོམ་པ་པོ། སྙན་ངག་པ་སོགས་ལས་གདན་ཞུ་བྱས་ཏེ་རེས་མོས་ཀྱིས་འཇོག་པ། དེ་བཞིན་གཅེས་བཏུས་བརྩམས་ཆོས་དག་ལས་རང་གྲོལ་བྱ་དགའ་སྟེར་རྒྱུར་ཐག་བཅད་ཡོད་པ་རེད།
དུས་དེབ་ཀྱི་འགན་དེ་གཙོ་བོ་ཧི་མ་ལ་ཡ་གློག་བཪྙན་ཀུང་ཟིའི་ལས་འཛིན་མགོ་གཙོ་གངས་ཞུན་དང་རྨ་ལྷོ་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་རེ་རྐང་གླིང་གཉིས་ཀྱིས་ཁུར་དུ་བཞེས་ཡོད་ལ། བགྲོ་གླེང་ཚོགས་འདུ་འདི་མུ་མཐུད་གྲོང་ཁྱེར་སོ་སོ་དང་སློབ་གྲྭ་ཆེན་མོ་སོ་སོ་ནས་ཀྱང་བསྡུ་རྒྱུའི་འཆར་གཞི་བཟོས་ནས་ཡོད་པ་རེད།

དགེ་ཆོས་དྲ་བ་ལས།

·གསར་འགྱུར་གོང་མ:ཀླུ་སྨྱོན་རྩོམ་རིག་བྱ་དགའ་སྤྲོད་རྒྱུའི་གཏམ་བཟང་།
·གསར་འགྱུར་འོག་མ:བོད་ཀྱི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཆོས་དབྱངས་སྐྱིད་ཀྱིས་རྒྱལ་ཁ་འཛུམ་གྱིས་བསུས། 2012/8/12 10:38:16
·༼གནའ་བོའི་བོན་གྱི་རིག་མཛོད་པར་སྐྲུན་བྱས་པ 2012/3/19 21:09:14
·ཐའེ་ཝན་དུ་ནང་བསྟན་བགྲོ་གླེང་ཚོགས་འདུ་ལེགས་གྲུབ་བྱུང་བ། 2012/3/19 11:14:03
·གསར་འགྱུར 1+1གྲངས་ཉུང་མི་རིཊ་ཀྱི་སྐད་ཡིག་རྒྱུད་འཛིན་སྐོར། 2011/10/20 10:52:46
·གངས་ལྗོངས་རིག་མཛོད་ཆེན་མོ་རབ་གསལ་ 2011/7/20 15:09:55
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:52:15 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:19:05 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 21:27:41 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 52 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS