ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> རིས་མེད
གསར་འགྱུར་ཀློག་པ།

གྲུབ་མཐའ་འགའི་བླ་བརྒྱུད་གསོལ་འདེབས་བཞུཊ།

[རྩོམ་པ་པོ:མི་གསལ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2010/12/4 13:02:51  བཀླགས་ཐེངས:1408][ཡིག་གཟུགས:ཡིག་གཟུགས་མདོག]
བླ་བརྒྱུད་གསོལ་འདེབས་བཞུགས་སོ།།

༄༅།།  འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ།།
དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད།།
རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པ།།
རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས།།

དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།།
བདག་གི་སྤྱི་བོར་པད་མའི་གདན་བཞུགས་ལ།།
བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ།།
སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ།།

ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས།།
གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ།།
གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ།།
ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ།།

ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་།།
པད་མ་ཀ་ར་རྗེ་འབངས་ཉི་ཤུ་ལྔ།།
སོ་ཟུར་གནུབས་ཉང་གཏེར་བཏོན་བརྒྱ་རྩ་སོགས།།
བཀའ་གཏེར་བླ་མ་རྣམས་ལ་གསོལ་བ་འདེབས།།

རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་དང་།།
མར་པ་མི་ལ་ཆོས་རྗེ་སྒམ་པོ་བ།།
དུས་གསུམ་ཤེས་བྱ་ཀུན་མཁྱེན་ཀརྨ་པ།།
འབྲི་སྟག་ཚལ་གསུམ་དཔལ་ལྡན་འབྲུག་པ་སོགས།།
ཟབ་ལམ་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི།།
བཀའ་བརྒྱུད་གོང་མ་རྣམས་ལ་གསོལ་བ་འདེབས།།

ས་ཆེན་བླ་མ་བསོད་ནམས་རྩེ་མོ་དང་།།
རྗེ་བཙུན་གྲགས་པ་ས་སྐྱ་པཎ་ཊི་ཏ།།
ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ།།
ངོར་ཆེན་རྗེ་དང་ཚར་ཆེན་ཡབ་སྲས་སོགས། །
རྗེ་བཙུན་གོང་མ་རྣམས་ལ་གསོལ་བ་འདེབས།།

དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།།
འབྲལ་མེད་ཆོས་ཀྱི་དཔལ་ལ་་ལོངས་སྤྱོད་ཅིང་།།
ས་དང་ལམ་གྱི་་ཏན་རབ་རྫོགས་ནས།།
རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག །
འདི་ཞིབ་ཕྲ་སུས་མཛད་མིན་ཁོ་བོས་ད་ལྟ་མ་ངེས།།

·གསར་འགྱུར་གོང་མ:རང་གྲོལ་དུས་དེབ་ཀྱི་བགྲོ་གླེང་ནུབ་བྱང་ནས་ཚོགས་པ།
·གསར་འགྱུར་འོག་མ:འཇུ་མི་ཕམ་གྱི་རིས་མེད་སྐོར་གྱི་གསུང་ཞིག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·དྲང་པོར་གསོལ་བའི་བདེན་ཚིག་ 2015/5/30 15:04:46
·གྲུབ་མཐའ་རིས་མེད་སྐོར་གྱི་འཆད་ཁྲིད། 2013/7/31 20:57:03
·མགོ་ལོག་གཅིག་སྒྲིལ་ས་ནས་རིས་མེད་མཐུན་ཚོཊ་བསྡུས་པ། 2011/7/25 20:11:44
·ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་དྲང་སྲོང་བདེན་དབྱངས། 2011/4/18 12:39:40
·འཇུ་མི་ཕམ་གྱི་རིས་མེད་སྐོར་གྱི་གསུང་ཞིག 2010/12/5 13:44:35
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 6:14:02 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 8:42:09 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 12:58:38 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS