སྤྱི་ཚེས༡༦ཉིན་སྤྱི་སྤྱོད་རླངས་འཁོར་གསར་པ༢༣༢དངོས་སུ་བཏང་འགོ་བཙུགས་པ།
ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚེས ༡༦ ཉིན་སྤྱི་སྤྱོད་རླངས་འཁོར་གསར་པ ༢༣༢ དངོས་སུ་བཏང་ནས་ཚོད་ལྟ་གཉེར་སྐྱོང་བྱེད་འགོ་བཙུགས་པ་དང་དེང་སྐབས་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་གསར་པ ༢༤ དབྱེ་ཡོད་པས་གྲོང་ཁྱེར་ནང་ཁུལ་གྱི་འགྲིམ་འགྲུམ་ལམ་བུ་གཙོ་བོ་ཚང་མར་ཁྱབ་ཀྱི་ཡོད་པ་རེད། ཤེས་རྟོགས་བྱས་པར་གཞིགས་ན། གྲོང་མི་ཚོས་སྤྱི་སྤྱོད་རླངས་འཁོར་གསར་པའི་ལམ་ཐིག་ཤེས་རྟོགས་ཡོང་བ་བྱ་ཆེད། ཉེ་དུས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཚན་པས་རླངས་འཁོར་ཐོག་ནས་དྲིལ་བསྒྲགས་བྱེད་པ་དང་ས་ཚིགས་བཙུགས་ནས་དྲིལ་བསྒྲགས་བྱེད་པ། དྲིལ་བསྒྲགས་དཔྱད་གཞི་བཀྲམས་པ་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་མི་ཚོས་ལམ་ཐིག་གསར་པ་སྔ་ཙམ་ཤེས་རྟོགས་ཐུབ་པ་དང་འགྲུལ་བཞུད་སྟབས་བདེ་ཡོང་བ་བྱ་རྒྱུ་རེད།།