ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

༢༠༡༡ལོ་སླེབས་སོང་།

[རྩོམ་པ་པོ:ལུག་རིན་པོ་ཆེ།  ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།  དུས་ཚོད:2011/1/1 11:18:05  བཀླགས་ཐེངས:1134][ཡིག་གཟུགས:ཡིག་གཟུགས་མདོག]

༢༠༡༡ལོར་སླེབས་སོང་།

ལུག་རིན་པོ་ཆེ།

༢༠༡༠ལོའི་ཆེས་མཐའ་མིའི་ཉིན་མོ་དེའི་མཚན་མོར་གྲོགས་ཁ་ཤས་མཉམ་འཛོམས་དང་། མཉམ་དུ་རྒྱ་ཁོག་བཟས། སྦི་རག་བཏུང་། རྩེད་མོ་རྩེད་ནས་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཕྱིན་སོང་།

དོ་ནུབ་གྲོགས་བློ་བཟང་ང་གཉིས་ནང་ལ་ལོག་མེད། རྒན་ནོར་བུ་དགྲ་འདུལ་མཉམ་དུ་རྒན་ལགས་ཀྱི་དབྱིན་ཡིག་སློབ་གྲྭའི་ནང་ཉལ་ནས་བསྡད།  མཚན་མོར་མི་ཚང་མ་གཉིད་ལ་ཤོར་དུས། ང་ཚོ་ད་དུང་སྨྱོ་ནས་བསྡད་ཡོད། ཕིང་ཕང་སྤོ་ལོ་བརྒྱབ་པ་དང་། དྲ་བར་འཛེགས་པ། གློག་བརྙན་གཅིག་ལྟས། དངོས་གནས་ཆོབ་ཚ་པོ་རེད་འདུག

མཚན་མོའི་ལྷ་ས་ཧ་ཅང་གྲང་མོ་འདུག  དེ་བས་ཁྲོམ་གཞུང་ཐོག་མི་གང་བྱུང་མང་བྱུང་གིས་ཁེངས་ནས་ཕར་འགྲོ་ཚུར་འོང་བྱེད་བཞིན། སྐད་ཆ་གང་བྱུང་ཤོད་ཀྱི་འདུག

མིའི་མི་ཚེ་ཁྱད་མཚར་རེད། ཁ་ཤས་ར་བཟི་ནས་ཁྱར་ཁྱོར་ངང་མཚན་ལྟོ་བཟའ་བར་འགྲོ་བ་དང་། ཁ་ཤས་རིག་པ་་དངས་གསལ་གྱིས་ཨར་ཁང་དང་གཞང་ཁང་ནང་རྒྱུགས་འགྲོ་བ། ཁ་ཤས་ནི་ར་བཟིས་རྒྱག་རེས་རྒྱག་པ།

ལྷ་ས་སྦི་རག་གི་རྒྱ་མཚོ། མི་ཚོགས་མང་པོ་ཞིག་གིས་རྒྱ་མཚོའི་ནང་རྐྱལ་རྩལ་ངོམས་བཞིན་འདུག

ལྷ་ས་དངུལ་གྱི་བང་མཛོད། མི་ཚོགས་མང་པོ་ཞིག་ལ་བང་མཛོད་ཀྱི་བདག་དབང་ཡོད། རང་འདོད། དངུལ་ལ་རྫོགས་རྒྱུ་མེད། ཨ་ཡ་མཚན།

ལྷ་ས་ཡིད་སྐྱོ་བའི་གྲོང་ཁྱེར། གྲང་ཤུར་ཤུར་གྱི་མཚན་མོར་མི་ལ་ལ་ད་དུང་མཚན་ལས་དང་རང་གི་ལྟོ་ཕོར་ཆེད་སྡུག་བསྔལ་གྱིས་མནར་ནས་འདུག

སྤྲང་པོར་སྤྲང་ཚང་ཡོད་འགྲོ།  སེམས་ལ་བདེ་སྐྱིད་ཡོད་འགྲོ།

ཕྱུག་པོར་རྒྱུ་ནོར་ཡོད་འགྲོ།  སེམས་ལ་སྡུག་བསྔལ་ཡོད་འགྲོ།

འཆི་དུས་ཚང་མ་གཅིག་མཚུངས་ཀྱི་ལས་དབང་།

མི་གསུམ་འཛིན་གྲྭ་ཆེན་པོ་ཞིག་གི་ནང་དུ། སྨྱོ་རྟགས་ཀྱི་དགའ་སྤྲོས་ཁེངས་ནས་རང་ཉིད་དགའ་བའི་བྱ་བ་སྒྲུབ་བཞིན་འདུག

མི་གསུམ་མཚན་དཀྱིལ་དུ་ལྟད་མོ་ཞིག་ལྟས་ནས་གཅིག་མཇུག་གཉིས་མཐུད་ཀྱིས་གཉིད་ལ་སོང་འདུག

མི་གསུམ་གཅིག་གིས་གཅིག་ལ་འབོད་ནས་ལངས་སོང་། ཞོགས་པའི་ཉི་གཞོན་ཤར་འོང་།

མི་གསུམ་རང་འདོད་ཀྱི་ལས་ལ་མུ་མཐུད་བརྩོན་ནས་ལོ་གསར་པ་དེ་འགོ་འཚུགས་སོང་།

ལྐུག་པ་མིན་པ་སྨྱོན་པ་མིན་པ་ལྐུག

སྨྱོན་པ་གསུམ། ཨ་ཡ་མཚན།

·གསར་འགྱུར་གོང་མ:སྙན་ངག་པ་དགེ་འདུན་ལྷུན་གྲུབ་ཀྱི་སྙན་དེབ།
·གསར་འགྱུར་འོག་མ:བོད་ཀྱི་སྐར་རྩིས་རིག་པའི་རྣམ་གཞག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·གཡང་མོ་ལུག་གི་ལོ་སར་བཟང་། 2015/2/26 13:57:29
·རྟ་མཆོག་ལ་སྦྱར་བའི་ལོ་གསར་ཤིས་ཚིག 2014/3/4 12:47:19
·ཆུ་སྦྲུལལ་ལོ་གསར། 2013/2/11 9:36:33
·ལོ་གསར་གྱི་མངོན་རྟོགས་ལེགས་སྨོན། 2011/3/7 11:52:08
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 14:23:10 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 18:30:01 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 3:59:17 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 60 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS