ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེཊ།

[རྩོམ་པ་པོ:ཨེ་མ་ཧོ། །  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2011/1/1 20:38:12  བཀླགས་ཐེངས:2096][ཡིག་གཟུགས:ཡིག་གཟུགས་མདོག]

བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་དར་དཀར་རིང་མོ།

ཨེ་མ་ཧོ།

མཆོག་གསུམ་རྒྱལ་བ་སྲས་བཅས་བྱིན་རླབས་དང་།

རྟེན་འབྲེལ་བསླུ་བ་མེད་པའི་བདེན་སྟོབས་ཀྱིས།

དད་སྙིང་དྲང་བདེན་མཛད་པའི་སྐྱེ་བོ་ཀུན།

བཀྲ་ཤིས་དབུ་གདུགས་དཀར་པོ་ཡར་ལ་ལྕོག

རྩ་བརྒྱུད་བླ་མས་བྱིན་རླབས་སྙིང་ལ་ཞུགས།

ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ།

མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས།

གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག

གནམ་ལ་བཀྲ་ཤིས་འཇའ་འོད་ལམ་སེ་ལམ།

ས་ལ་བཀྲ་ཤིས་བསངས་མཆོད་ཐུ་ལུ་ལུ།

བར་ལ་བཀྲ་ཤིས་ཀི་བསྭོ་དུ་རུ་རུ།

དཔྱིད་དཔལ་སྤྱི་ཡི་ལོ་སར་ཨེ་མ་ཧོ།

གནམ་ལོ་གསར་ཚེས་ཤེས་རིག་དྲི་མ་དག

ས་ལོ་གསར་ཚེས་འབྲུ་དྲུག་སྙིང་པོ་སྨིན།

བར་ལོ་གསར་ཚེས་རྗེ་འབངས་བདེ་སྐྱིད་ལྡན།

གནམ་ས་བར་སྣང་བཀྲ་ཤིས་བདེ་ལེགས་ཤོག།

ལོ་ནག་སྲིད་པའི་སྡུག་བསྔལ་དབྱིངས་སུ་ཡལ།

ལོ་དཀར་མྱང་འདས་བདེ་ཆེན་ཉི་མ་ཤར།

ལོ་ཟླ་ཞག་དུས་དོན་ལྡན་མི་ཡི་ལུས།

ལོ་སར་བསྐལ་བཟང་ཉི་མ་ཀུན་ལ་སྨོན།

རྣམ་དཀར་ལས་ཀྱི་ཅང་ཤེས་ན་གཞོན་ཚོ།

རྣམ་མཁྱེན་སྒྲུབ་པ་དངོས་ཤུགས་ཞོར་ལ་ཐོབ།

རྣམ་ཐར་རྒྱ་མཚོའི་སྙིང་པོ་ཕན་བདེ་མཆོག

རྣམ་པ་ལྷན་རྒྱས་ཀུན་ལ་ཡོང་བར་སྨོན།

སྐུ་ཚེ་འཆི་མེད་རྒྱལ་མཚན་བརྟན་གྱུར་ཅིག

ཚངས་དབྱངས་འགག་མེད་ཆོས་དུང་སྒྲོག་གྱུར་ཅིག

ཐུགས་རྗེ་མཚུངས་མེད་དཔལ་བེར་རྟག་གྱུར་ཅིག

གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག

ཚངས༵་དབྱངས༵་སྙན་པའི་གྲགས་པ་ཕྱོགས་ཀུན་ཁྱབ།

ཕན་བདེ་སྒྱུ་འཕྲུལ་དྲ༵་བ༵་ཕུན་སུམ་ཚོགས།

ལུགས་གཉིས་འབད་པ་དོན་ལྡན་འཛམ་བུ་གླིང།

ཞི་བདེའི་རྒྱལ་ཁམས་རིང་དུ་འཚོ་གྱུར་ཅིག

ཅེས་པ་འདིའང་རྨད་བྱུང་ཐབས་མཁས་དྲ་བས་གསུང་ལན་མཐོང་མ་ཐག་ཏུ་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་ཞིག་ཅི་དྲན་དུ་ཤྲྰིས་གུས་ཕུལ། །།།

·གསར་འགྱུར་གོང་མ:བོད་ཀྱི་སྐར་རྩིས་རིག་པའི་རྣམ་གཞག
·གསར་འགྱུར་འོག་མ:མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·རིན་སྤུངས་ཚུལ་བསྟན་གྱི་ལོ་གསར་ཤིས་ཚིག 2011/3/4 23:53:06
·བོད་ལོ་གསར་ལ་བཀྲ་ཤིས་བདེ་ལེཊ། 2011/3/4 23:41:36
·ལོ་གསར་ཤིས་བརྗོད་སྟག་ཤར་ངར་སྒྲ། 2010/2/13 10:21:33
·སྤྱི་ལོ་༢༠༡༠ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེཊ་ཞུ། 2010/1/1 11:16:19
·ངའི་སེམས་ཁོང་གི་ཁྲུང་ཁྲུང་དཀར་མོ། 2009/11/15 15:32:41
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 20:55:48 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 2:26:20 [来自: 112.5.248.152]

评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 12:42:27 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 47 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS