ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> སྒྲ་སྒྱུར
  གསར་འགྱུར་ཀློག་པ།

ལུའུ་ཞུན་གྱི་སྨན།

[རྩོམ་པ་པོ:གཡུང་དྲུང་གིས་བསྒྱུར།  ཡོང་ཁུངས:དྲ་ཐོག  དུས་ཚོད:2011/2/9 22:36:55  བཀླགས་ཐེངས:1676][ཡིག་གཟུགས:ཡིག་གཟུགས་མདོག]

སྨན།

ལུའུ་ཞུན་གྱིས་བརྩམས། གཡུང་དྲུང་གིས་བསྒྱུར།

 

དང་པོ

སྟོན་དུས་ཀྱི་ནམ་སྨད་ཅིག་ལ་ཟླ་བ་ནུབ་སྟེ་ཉི་མ་ད་དུང་མ་ཤར་པས། ནམ་མཁའ་ཐིབས་པོ་ལས་ཅི་ཡང་མི་མཐོང་ཞིང༌། མཚན་མོར་རྒྱུ་བའི་སྲོག་ལྡན་དག་ལས་གཞན་ཐམས་ཅད་གཉིད་དུ་ཡུར་འདུགཧུ་ལའོ་ཧྲོན་གློ་བུར་དུ་མལ་ལས་ལུས་སྟོད་དགྱེ་ནས་སྣུམ་དྲེག་ཆགས་པའི་དཀར་མེ་བསྒྲོན་པ་ན། ཇ་ཁང་གི་ཁང་མིག་གཉིས་བཀྲ་ས་ལེར་སོང༌། སྐབས་དེར་རྒན་མོ་ཞིག་གིས“ཤོ་ཧྲོན་གྱི་ཨ་ཕ། ཁྱོད་ད་འགྲོ་རྒྱུ་ཡིན་ནམ”ཞེས་དྲིས་པ་དང༌། ཤག་ཆུང་ནང་མ་ནས་ལུ་སྒྲ་ཞིག་གྲགས་འོངས།

“ཨིན། ”ལའོ་ཧྲོན་གྱིས་ཕྱོགས་གཅིག་ནས་ཉན་བཞིན་དུ་ཨང་ལན་བྱིན། ཕྱོགས་གཅིག་ནས་ལྭ་བའི་སྒྲོག་བུ་སྒྲོག་བཞིན་ལག་པ་བསྲིངས་ནས“ག་རེ། ཁྱོད་ཀྱིས་ང་ལ་བྱིན་དང”ཟེར། ཧྭ་ཏ་མས་སྔས་འོག་ཏུ་གློངས་གློངས་རྗེས་དངུལ་ཁུག་ཅིག་ཕྱུང་ནས་ལའོ་ཧྲོན་ལ་བྱིན། ལའོ་ཧྲོན་གྱིས་བླངས་ནས་འདར་སིག་སིག་གིས་གློ་ཁུག་ཏུ་བཅུག་རྗེས་སླར་ཡང་སྟེང་ལ་ལག་ནོམ་ཞིག་བྱས། དེ་ནས་འོད་ཁང་བསྒྲོན་ཅིང་དཀར་མེ་ལ་ཕུ་བཏབ་སྟེ་གཟིམས་རྗེས་ཁང་མིག་ནང་མར་སོང༌། ཁང་བའི་ནང་དུ་ལྭ་བ་གྱོན་པའི་ཤོག་སྒྲ་ལྟ་བུ་ཞིག་གྲགས་པའི་མུ་ལ། སླར་ཡང་ཐེངས་འགར་ལུས། ལའོ་ཧྲོན་ཅུང་ཙམ་བསྡད་ནས་བུ་ཙ་ལྷོད་ལ་བབས་རྗེས། ད་གཟོད་སྐད་དམའ་མོས“ཤོ་ཧྲོན……ཁྱོད་མ་ལང་དང༌། ……ཇ་ཁང་ཁྱོད་ཀྱི་ཨ་མས་བཀོད་སྒྲིག་བྱེད་སྲིད”ཅེས་སྨྲས། ལའོ་ཧྲོན་གྱིས་བུ་ཙ་ཁ་མ་གྲགས་པ་མཐོང་བས་ཁོ་ནི་བདེ་བར་གཉིད་དུ་ཡུར་པ་ཤེས་ཏེ་སྒོ་ཕྱིར་བུད་ནས་སྲང་ལམ་དུ་སོང༌། སྲང་བར་ཐམས་ཅད་ནག་ཐིབས་སེར་འདུག་ཅིང་སྐྱ་ཐལ་བའི་ལམ་ཁོ་ན་གསལ་བོར་མཐོང་ཐུབ། སྒྲོན་འོད་ཁོའི་རྐང་པར་འཕྲོས་ཤིང་རེས་མཐོ་རེས་དམའི་ངང་ནས་གོམ་པའི་འདེགས་འཇོག་སྒྱུར་བཞིན་མདུན་དུ་སྐྱོད། སྐབས་རེར་ཁྱི་རྒན་འགའ་རེ་དང་ཕྲད་ཀྱང་ཟུག་སྐད་འབྱིན་པ་གཅིག་ཀྱང་མ་བྱུང༌། ནམ་ཟླ་ཁང་བའི་ནང་ལས་ལྡབ་འགྱུར་གྱིས་འཁྱག་ནའང་ལའོ་ཧྲོན་ནི་དེ་ལས་ལྡོག་སྟེ་སྤྲོ་སྣང་ཞིག་གིས་བཀྱགས་ཤིང་སྐད་ཅིག་ཉིད་ལ་གཞོན་པར་གྱུར་པ་ལྟར་སྣང་ལ། མཆོག་སྦྱིན་སྩོལ་བའི་ནུས་མཐུ་རྫོགས་ཏེ་མི་ལ་ཚེ་སྲོག་སྦྱིན་པའི་ནུས་པ་ཐོབ་པ་ལྟར་གོམ་པའི་འདེགས་འཇོག་ཇེ་མཐོ་ཇེ་མྱུར་དུ་གྱུར། སོང་གིན་སོང་གིན་ནམ་ཡང་ཇེ་གསལ་ཇེ་གསལ་དུ་སོང༌།

ལའོ་ཧྲོན་གྱིས་བློ་བསྒྲིམས་ནས་ལམ་དུ་སྙེག་བཞིན་པའི་སྒང་ལ་གློ་བུར་དུ་རྒྱང་རིང་ན་སུམ་མདོ་ཞིག་ཡོ་ད་པ་མིག་ལམ་དུ་གསལ་ལེར་མངོན་པས། ཁོ་ནི་ཧ་ལས་ཤིང་གོམ་པ་འགའ་ཕྱིར་ནུར་ཏེ་སྒོ་གཏན་འདུག་པའི་ཚོང་ཁང་ཞིག་གི་བྱ་འདབ་འོག་ཏུ་ཡིབས་ཏེ་ཅུང་ཞིག་བསྡད་ཙ་ན་ལུས་ལ་གྲང་འདར་ཞིག་བརྒྱབ་སོང༌།

“ཧིན། རྒས་གོག”“ཁྱོད་ད་རུང་དགའ་འཇུག་ཨང༌། ”

ལའོ་ཧྲོན་ཧ་ལས་ཏེ་མིག་བགྲད་ནས་བལྟས་ཙ་ན་ཁོའི་མདུན་ན་མི་འགའ་ཕར་འགྲོ་བཞིན་པ་ལས་གཅིག་ཁ་ཕྱིར་འཁོར་ནས་ཁོ་ལ་ལྟ་བཞིན་འདུགདེའི་བཟོ་གསལ་བོར་མ་མཐོང་ཡང༌། གང་ལྟར་ཡུན་རིང་བཀྲེས་པས་ཉེན་པའི་མིས་ཁ་ཟས་མཐོང་བ་བཞིན་མིག་ལས་འདོད་རྔམ་གྱི་མདངས་ཤིག་ཤར་འདུགལའོ་ཧྲོན་གྱིས་འོད་ཁང་ལ་བལྟས་ཚེ་ཏལ་འདུགགློ་ཁུག་ལ་ལག་ནོམ་ཞིག་བྱས་པ་ན་མཁྲེགས་པོ་དེ་སྔར་བཞིན་ལྩི་ཕྱང་ངེར་ཡོད་པས། ཁོས་མགོ་བོ་དགྱེ་སྟེ་ཕྱོགས་གཉིས་ལ་བལྟས་ཚེ་མི་ཡ་མཚན་པ་མང་བོ་ག་མཐོང་ཞིང༌། ཁོ་ཚོ་མི་གཉིས་རེ་གསུམ་རེ་བྱས་ནས་གདོན་འདྲེ་བཞིན་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུགསླར་ཡང་བློ་བསྒྲིམས་ནས་བལྟས་ཚེ་དོན་མཚར་པོ་གཞན་ཅི་ཡང་མ་མཐོང༌།

ཅང་མ་འགོར་པར་དམག་མི་འགའ་ཕྱོགས་དེར་འགྲོ་བཞིན་འདུག་ལ། དམག་ལྭའི་མདུན་རྒྱབ་ཀྱི་རས་དཀར་ཟླུམ་པོའི་དམག་རྟགས་ཀྱང་རྒྱང་ནས་གསལ་བོར་མཐོང་ཐུཔ། གོམ་སྒྲ་ཁྲིག་ཁྲིག་ཅིག་གྲགས་པ་དང༌། སྐད་ཅིག་ཙམ་ལ་མི་མང་བོ་ལྷན་དུ་རུབ། མི་གཉིས་རེ་གསུམ་རེས་སྐོར་རེ་གྲུབ་པའི་མི་ཚོགས་རྣམས་ཀྱང་གློ་བུར་དུ་མཉམ་དུ་འདུས་ཤིང་རྦ་རླབས་བཞིན་མདུན་དུ་བསྐྱོད། སུམ་མདོར་བསླེབ་ལ་ཉེ་སྐབས་གློ་བུར་དུ་འགྲོ་མཚམས་བཞག་ཅིང་ཟླ་གམ་གྱི་དབྱིབས་སུ་འདུས།

ལའོ་ཧྲོན་གྱིས་ཕྱོགས་དེར་བལྟས་ཚེ་མི་ཚོགས་ཀྱི་རྒྱབ་ཁོ་ན་མཐོང་སྟེ། ཚང་མའི་སྐེ་བསྲིངས་ཤིང་བྱ་གག་པ་མང་བོ་ཞིག་གཟུགས་མེད་ཀྱི་ལག་པས་བསྡམས་ཏེ་ཡར་འདེགས་པ་དང་ཀུན་ནས་མཚུངས། གྲག་འགུལ་མེད་པར་རེ་ཞིག་འགོར་རྗེས། གཞི་ནས་སྒྲ་ཞིག་ཐོས་ཤིང་མི་ཚོགས་སླར་ཡང་ཡོམ་ཡོམ་བྱས། དེ་ནས་འུར་ཟིང་ངེར་གྱུར་ཅིང་མི་རྣམས་ཕྱིར་ནུར་ཏེ་ལའོ་ཧྲོན་འགྲེང་བའི་གནས་སུ་བཙངས་པས་ཁོ་དེའུ་འགྱེལ་ཞིག་བྱས་སོང༌།

ཝ་ཡེ། དངུལ་དང་དངོས་པོ་མཉམ་བརྗེ་བྱེད། ལུས་ཡོངས་ལ་གོས་ནག་པོ་གྱོན་པའི་མི་ཞིག་ལའོ་ཧྲོན་གྱི་མདུན་དུ་འགྲེང་ཞིང༌། མིག་ཟུང་རྣོ་དབལ་གྱི་གྲི་དང་འདྲ་བར་ལའོ་ཧྲོན་ལ་བཙུགས་པས་ཁོ་ནི་འཁུམས་ནས་ཕྱེད་ཙམ་ཇེ་ཆུང་དུ་སོང༌། མི་དེའི་ལག་པ་ཆེན་པོ་ཡ་གཅིག་ཁོའི་ཕྱོགས་སུ་བསྲིངས་ཤིང་ལག་པ་ཡ་གཅིག་གིས་དམར་འཛར་བའི་ཅུང་ཤེང་ཞིག་བཟུང་བའི་སྟེང་ན་ཁྲག་གི་ཐིགས་པ་ཙ་ར་ར་འཛག་བཞིན་མཆིས།

ལའོ་ཧྲོན་གྱིས་རྟབ་རྟབ་པོའི་ངང་ནས་དངུལ་སྒོར་ཕྱིར་བཏོན་ཏེ་ལག་པ་འདར་བཞིན་དུ་མི་དེར་སྤྲོད་འདོད་ཀྱང་དེའི་ལག་གི་དངོས་པོ་ཚུར་ལེན་མ་ཕོད་པས། མི་དེ་བརྟབས་ནག“སྐྲག་དགོས་དོན་ག་རེ་ཡོད། ཁྱོད་ཀྱིས་མི་ལེན་པ་ཅི་ཡིན”ཅེས་སྐད་ཅོར་བརྒྱབ་ཀྱང༌། ལའོ་ཧྲོན་སྔར་བཞིན་ཐེ་ཚོམ་པ་ན་གོས་ནག་པོ་གྱོན་པའི་མི་དེས་འོད་ཁང་ཕར་ཕྲོགས་ཤིང༌། དེའི་ངོས་ཀྱི་ཤོག་བུ་ཤུགས་ཀྱིས་གཤགས་ནས་ཅུང་པེང་གཅུད་དེ་ལའོ་ཧྲོན་གྱི་ལག་ཏུ་གཏད། དངུལ་སྒོར་ཚུརབླངས་ནས་ལག་པས་ཅུང་ཙམ་བསྡམས་རྗེས་ཁག་ཕྱིར་འཁོར་ཏེ“རྒས་གོག་འདི……ཞེས”རྒྱ་གད་འཐེན་བཞིན་ཕྱིན་སོང༌།

“འདིས་སུ་ལ་ནད་བཅོས་བྱེད་པ་ཡིན”ཞེས་མི་ཞིག་གིས་འདྲི་བཞིན་པ་ལའོ་ཧྲོན་གྱི་རྣ་ལམ་དུ་ལྷུང་ཡང་ཁོས་ལན་གཏན་ནས་མ་བཏབ། ད་ནི་ཁོའི་སེམས་འཐུམ་པོ་འདི་གཅིག་པུའི་སྟེ་ལ་འཁོར་ཏེ། མི་རབས་བཅུ་བརྒྱུད་པའི་ཁྱེའུ་ཁེར་སྐྱེས་ཤིག་པང་བ་དང་འདྲ་བར་དོན་གཞན་ཐམས་ཅད་གཅུད་དུ་བོར་འདུགད་ནི་ཁོས་ཐུམ་པོའི་ནང་གི་ཚེ ་སྲོག་གསར་བ་དེ་རང་ཁྱིམ་དུ་གདན་དྲངས་ན་བདེ་སྐྱིད་ཟད་མི་ཤེས་པ་ཞིག་འཐོབ་པར་སྙམ། ཉི་མ་ཤར་པ་དང་ཁོ འི་མདུན་དུ་ལམ་ཆེན་ཞིག་མངོན་པ་ཐད་ཀར་ཁོའི་ཁྱིམ་དུ་འཐེན་འདུགརྒྱབ་ཕྱོགས་སུ་སུམ་མདོའི་སྲད་མགོའི་ཤིང་བྱང་རྙིང་རལ་གྱི་ངོས་ནས“古亭口”ཞེས་པའི་མདངས་ཡལ་བའི་གསེར་ཡིག་སྔར་བཞིན་མཐོང་ཐུབ།

གཉིས་པ།

ལའོ་ཧྲོན་ཁྱིམ་དུ་བསླེབས་པ་ན་ཇ་ཁང་གད་བདར་བྱས་ཏེ་ཅོག་ཙེ་གྲལ་ཤར་རེ་རེ་བཞིན་ཕྱིས་ནས་འོད་འཁྱུག་གེར་བྱེད། ཡིན་ན་ཡང་མགྲོན་པོ་མེད་པས་ཤོ་ཧྲོན་གཅིག་པུས་ནང་གྲལ་གྱི་ཅོག་ཙེའི་མདུན་ནས་ཟ་མ་ཟ་བཞིན་མཆིས། ཁོའི་གདོང་ལ་རྔུལ་རླངས་ཐུལ་ཅིང༌། ལྭ་བ་ནང་ཚངས་ཅན་དེ་སྒལ་གཞུང་ལ་འབྱར་ཏེ་སོག་པ་གཉིས་ཕྱིརའབུར་བ་ནི“八”ཡིག་འབུར་མ་ཞིག་དཔར་བ་དང་ཀུན་ནས་མཚུངས་སོ། ། ལའོ་ཧྲོན་གྱིས་བཟོ་ལྟ་དེ་མཐོང་ནས་གཟེངས་པའི་སྨིན་མ་གཉིས་རང་དབང་མེད་པར་བསྡུས་ཙམ་བྱ་ས། ཁོའི་བཟའ་ཟླ་ཐབ་ཚང་ནས་མྱུར་དུ་ཕྱིར་ཐོན་ཏེ། མིག་བགྲད་ཅིང་མཆུ་ཏོ་ཡང་འདར་བཞིན་འདུག

“ལོན་བྱུང་ངམ།  

“ལོན་བྱུང༌། ”

ཁྱོ་ཤུག་གཉིས་ཆབས་ཅིག་ཐབ་ཚང་དུ་སོང་ནས་གྲོས་བྱས་རྗེས་ཧྭ་ཏ་མ་ཐབ་ཚང་ལས་ཕྱིར་བུད། ཅང་མ་འགོར་བར་པད་འདབ་རྙིང་བ་ཞིག་ཁྱེར་འོངས་ནས་ཅོག་ཙེའི་སྟེང་དུ་བཏིངས། ལའོ་ཧྲོན་གྱིས་འོད་ཁང་གི་ཤོག་ཐུམ་ཁ་ཕྱེ་ནས་ཅུང་པེང་དམར་པོ་དེ་ཡང་བསྐྱར་པད་འདབ་ཀྱིས་བཏུམས། ཤོ་ཧྲོན་གྱིས་ཟ་མ་ཟོས་ཟིན་པ་དང་ཁོའི་ཨ་མས་བྲེལ་འཚུབ་ཀྱིས“ཤོ་ཧྲོན། ཁྱོད་དེར་སྡོད། འདིར་མ་འོང”ཟེར་བཞིན་ཐབ་ཚང་དུ་མེ་འབུད་བཞིན་འདུག ལའོ་ཧྲོན་གྱིས་ཐུམ་པོ་ལྗང་གུ་ཞིག་དང༌། འོད་ཁང་ཧྲུལ《དཀར་དམར་གྱི་མདོག་གཉིས་དང་ལྡན་པ་ཞིག་མཉམ་པོར་ཐབ་ཁུང་དུ་བརྫངས་པས》མེ་ལྕེ་སྨུག་ནག་ཅིག་འཕྱུར་ཅིང་ཇ་ཁང་དུ་དྲི་ཞིམ་བཤད་མི་ཤེ་ས་པ་ཞིག་ཁྱབ།

“ཅི་འདྲའི་ཞིམ་པོ་ཞིག་རེད་ཨང༌། ཁྱོད་ཚོས་ཁ་ཟས་ཞིམ་པོ་ཅི་ཞིག་ཟ་བཞིན་ཡོད་ཅེས་ཟེར་བཞིན་ཟེར་བཞིན་སྲས་ལྔ་པ་སྟོད་སྒུར་ནང་དུ་བསླེབས་བྱུང༌། མི་འདིས་ནམ་རྒྱུན་ཇ་ཁང་དུ་ཉི་མ་སྐྱེལ་བཞིན་ཡོད་པས། འོང་བ་ཆེས་སྔ་ལ་འགྲོ་བ་ཆེས་འཕྱི་བ་ཡིན། སྐབས་དེར་ཁོ་སྲང་ལམ་དང་ཉེ་བའི་གྱང་ཟུར་གྱི་ཅོག་ཙེའི་འགྲམ་དུ་བསྡད་ནས་འདྲི་བཞིན་འདུག་ན་ཡང་ཁོ་ལ་ལན་འདེབས་མཁན་གཅིག་ཀྱང་མ་བྱུང༌། བརྔོས་འབྲས་ཀྱི་འཇམ་ཡིན་ནམ། སྔར་བཞིན་ལན་འདེབས་མཁན་མ་བྱུང༌། སྐབས་དེར་ལའོ་ཧྲོན་འཚབ་བེ་འཚུབ་བེར་ཕྱིར་འོངས་ནས་ཁོ་ལ་ཇ་བླུགས། འཚུབ་བེར་ཕྱིར་འོཛས་ནས་ཁོ་ལ་ཛ་ཟླུགས།

“ཤོ་ཧྲོན། ནང་ལེ་ཤོག”ཧྭ་ཏ་མས་ཤོ་ཧྲོན་ཁང་བ་ནང་མར་བོས་ནས་ཁང་དཀྱིལ་དུ་འདུག་སྟེགས་ཤིག་བཞག་པ་ན་ཤོ་ཧྲོན་དེའི་སྟེང་དུ་བསྡད། ཁོའི་ཨ་མས་དངོས་པོ་ནག་རིལ་སྡེར་མ་གང་ཁྱེར་འོངས་ནས་སྐད་དམའ་མོས“འདི་ཟོ་དང༌། ནད་དྲག་ངེས་ཡིན”ཟེར།

ཤོ་ཧྲོན་གྱིས་དངོས་པོ་ནག་རིལ་དེ་མཛུབ་མོས་བཙིར་ནས་ཡུད་ཙམ་ལ་བལྟས་རྗེས། རང་གི་ཚེ་སྲོག་ལག་ལ་འཛིན་པ་ཇི་བཞིན་ཡིད་ལ་བརྗོད་མི་ཤེས་པའི་མཚར་སྣང་ཞིག་སྐྱེས། ཁོག་ཤིན་ཏུ་གཟབ་གཟབ་ཀྱིས་དེ་ཁ་བཀས་པ་ན་ཕྱི་ཤུན་ཚིག་རོ་ལས་རླངས་པ་ཐུལ་ལེར་གྱུར། རླངས་པ་དཀར་པོ་ཡལ་པ་ན་མ་གཞི་དེ་ནི་བག་ཕྱེ་དཀར་པོའི་ཅུང་པེང་གས་མ་གཉིས་ཡིན་ནོ། ། ཅང་མ་འགོར་པར་ཚང་མ་ཟོས་ཟིན་ན་ཡང་བྲོ་བ་ཅི་འདྲ་ཞིག་ཡིན་པ་ཁོས་ཀྱང་མ་ཤེས། མདུན་དུ་སྡེར་མ་སྟོང་བ་ཁོ་ན་ལུས་འདུགཁོའི་ལོགས་གཅིག་ན་ཨ་ཕ་འགྲེང་ཞིང༌། ལོགས་གཅིག་ན་ཨ་མ་ལངས་འདུགཁོ་གཉིས་ཀྱི་མིག་མདངས་ལ་བལྟས་ན་ཕལ་ཆེར་སྨན་ཞིག་བུའི་རྩ་ལམ་ལ་དྲངས་ཏེ་ནད་ཀྱི་རྩ་བ་དྲུངས་ནས་འབྱིན་པ་དང་ཀུན་ནས་མཚུངས་སོ། ། ཤོ་ཧྲོན་རངདབང་མེད་པར་སྙིང་དྲག་ཏུ་ལྡིང་ཞིང༌། བྲང་ཁ་ལག་པས་གནོན་བཞིན་སླར་ཡང་ཐེངས་ཤིག་ལུས།

“ཅུང་ཙམ་ཉོལ་དང༌། ད་དྲག་རྒྱུ་རེད།

ཤོ་ཧྲོན་གྱིས་ཨ་མའི་ངག་ལ་མཉན་ཏེ་ལུ་བཞིན་མལ་དུ་ཉལ། ཧྭ་ཏ་མས་བུའི་དབུགས་རྒོད་ཅུང་འཇགས་རྗེས། ། ད་གཟོད་ག་ལེར་ལྷན་པས་ཁེབས་པའི་ཉལ་ཐུལ་དེ་ཁོའི་ལུས་ལ་བཀབ།

གསུམ་པ།

ཇ་ཁང་དུ་མི་མང་བོ་བསྡད་འདུགལའོ་ཧྲོན་གྱིས་བྲེལ་བའི་ངང་ནས་ཟངས་དེམ་བཟུང་སྟེ་མགྲོན་པོ་རྣམས་ལ་ཆུ་ཁོལ་ལྡུག་བཞིན་ཡོད་ལ། ཁོའི་མིག་འགྲམ་གཉིས་ལ་སྔོ་ཐིག་གོར་གོར་རེ་ཆགས་འདུག

“ལའོ་ཧྲོན། ཁྱོད་ཁམས་མི་བདེའམ། ཁྱོད་ལ་ན་ཚ་བྱུང་ངམ”ཞེས་རྒན་པོ་སྨ་ར་དཀར་པོ་ཅན་ཞིག་གིས་དྲིས།

“ཨང་ཧང༌། ”

“མིན་ཨེ--ཁྱོད་འཛུམ་ཤིག་ཤིག་བྱེད་པ་ལ་བལྟས་ན་ངས་ཀྱང་མ་རེད་འདོད་ཡོད……སྨ་ར་དཀར་པོ་ཅན་དེས་རང་གཏམ་རང་གིས་དགག་པར་བྱས།

“ལའོ་ཧྲོན་ནི་ནམ་ཡིན་ཡང་བྲེལ་བ་ཆེ། གལ་སྲིད་ཁོའི་བུ་……”ཞེས་སྲས་ལྔ་པ་སྟོད་སྒུར་གྱིས་སྐད་ཆ་བཤད་མ་ཚར་བར་གློ་བུར་དུ་གདོང་ལ་ཤ་ལོག་གིས་འཇུར་མདུད་ཕོག་པ་ལྟ་བུའི་མི་ཞིག་དུད་འགྲོ་འདྲོགས་པ་ལྟར་ནང་དུ་འོངས་པ་དེས་རས་ལྭ་ནག་པོ་ཞིག་གྱོན་ཅིང་སྒྲོག་བུ་ཡང་མ་བསྒྲོགས་པར་སྐ་རགས་ནག་པོ་ཞེང་ཆེན་ཞིག་རང་དགར་སྐེད་ལ་བཅིངས་འདུགཁོ་སྒོ་ནང་ལ་འཛུལ་མ་ཐག་ལའོ་ཧྲོན་ལ“ཟོས་སམ། དྲག་སོང་ངམ། ཁྱོད་ཁ་བསོད་ཆེ་ཨང༌། ཁྱོད་ཁ་བསོད་ཆེ་ཡང་ངས་བྱ་བཏང་བ་དུས་ཐོག་མིན་ན་……ཞེས་སྐད་ཅོར་བརྒྱབ།

ལའོ་ཧྲོན་གྱིས་ལག་པ་གཅིག་གིས་ཇ་དེམ་བཟུང༌། ལག་པ་གཅིག་གུས་གུས་ཞུམ་ཞུམ་གྱིས་མར་དཔྱངས་ཤིངའཛུམ་དམུལ་ལེར་ཉན། ཇ་ང་དུ་ཡོད་པའི་མགྲོན་པོ་གཞན་རྣམས་ཀྱིས་ཀྱང་གུས་གུས་ཞུམ་ཞུམ་གྱིས་ཉན་འདུགཧྭ་ཏ་མའི་མིག་མཐའ་སྔོན་པོར་གྱུར་ཅིང༌། “.འཛུམ་དམུལ་ལེར་དཀར་ཡོལ་དང་འདེབས་ཇ་བསྐྱལ་འོངས་ནས་སྨིན་འགས་ཅུང་ཙམ་བསྣན་ཙ་ན་ལའོ་ཧྲོན་མྱུལ་དུ་འོངས་ནས་ཆུ་ཁོལ་བླུགས།

“དྲག་ངེས་ཡིན། འདི་གཞན་དང་མི་མཐུན། ཁྱོད་ཀྱིས་སོམས་དང༌། ཚན་དེ་ཁྱེར་ཡོང་ནས་ཚ་ནས་ཟོས་པ་རེད”ཅེས་གདོང་ཤ་འཇུར་མདུད་ཅན་དེས་སྐད་ཅོར་རྒྱག་བཞིན་འདུག

“བདེན་པ་རེད། ཁངས་ཨ་ཁུའི་གཟིགས་སྐྱོང་ལ་མ་བརྟེན་ན། འདི་འདྲ་བ་ག་ལ་ནུས། ”ཧྭ་ཏ་མས་ཀྱང་བཀའ་དྲིན་སྙིང་ནས་ཚོར་བའི་ངང་ཁོ་ལ་ཐུགས་རྗེ་ཞུས། “དྲག་ངེས་ཡིན། དྲག་ངེས་ཡིན། འདི་ལྟར་དྲོད་མ་ཡལ་པར་ཟོས་ན་མིའི་ཁྲག་ལ་བསྒྲེས་པའི་ཅུང་པེང་འདི་ལྟ་བུས་གཅོང་ནད་ཅི་འདྲ་ཞིག་ཡིན་རུང་དྲག་ངེས་རེད།

ཧྭ་ཏ་མས“གཅོང་ནདཅེས་པའི་ཡིག་འབྲུ་གཉིས་ཐོས་རྗེས་ངོ་མདངས་འགྱུར་ཞིང་མ་རངས་པའི་ཉམས་ཤར་ནའང་འཕྲལ་དུ་འཛུམ་དམུལ་ལེར་གཏམ་སྣེ་གཞན་ཞིག་བཙལ་ནས་ཕྱིན་སོང༌། ཁངས་ཨ་ཁུས་ཚུལ་དེ་མ་རྟོགས་པར་སྔར་བཞིན་སྐད་དཔངས་མཐོན་པོས་སྐད་ཅོར་བརྒྱབ་པས། ཤག་ཆུང་ནང་མའི་ཤོ་ཧྲོན་ཡང་གཉིད་ལས་བསླངས་ཤིང་གློ་ལུ་འགའ་བརྒྱབ།

“མ་གཞི་ཁྱོད་ཚང་གི་ཤོ་ཧྲོན་འདི་འདྲའི་གོ་སྐབས་བཟང་པོ་ཞིག་དང་ཕྲད་པ་རེད་ཨང༌། ད་ནི་ནད་སངས་དྲག་ཏུ་འགྲོ་བར་གདོན་མི་ཟ། ངས་ཀྱང་ལའོ་ཧྲོན་ཉིན་གང་བོར་དགའ་འདུག་པར་རྒྱུ་མཚན་ཡོད་རྒྱུ་རེད་འདོད་ཡོད”ཅེས་སྨ་ར་དཀར་པོ་ཅན་དེས་བཤད་ཞོར་ལ་ཁངས་ཨ་ཁུའི་མདུན་དུ་སོང་སྟེ། ལུས་ཞུམ་ཞུམ་དང་གདངས་ལྷོད་ལྷོད་ཀྱི་ངང་ནས“ཁངས་ཨ་ཁུ་ལགས། ཐོས་པ་ལྟར་ན་དེ་རིང་ཉེས་ཅན་ཞིག་བསོད་པ་དེ་ཤུ་ཚང་གི་བུ་ཞིག་རེད་ཟེར་དེ་སུའི་བུ་རེད་ཡང་སྙིང་དོན་ཅི་ཞིག་རེད་ཅེས་དྲིས།

“སུའི་བུ་ཨེ། ཤ་ཚང་གི་ཨ་ཕྱི་བཞི་པའི་བུ་མ་ཡིན་ནམ། གདོན་ཕྲུག་དེ། ”ཁངས་ཨ་ཁུས་ཚང་མས་རྣ་བ་བླགས་ནས་ཉན་བཞིན་པ་མཐོང་རྗེས་ཁོ་ཉམས་འུར་ཏེ། གདོང་ཤ་འཇུར་མདུད་བརྒྱབ་ཅིང༌། སྐད་དཔངས་ཇེ་མཐོར་བཏང་ནས“མ་རུངས་པ་དེར་སྲོག་ཀྱང་མི་དགོས་པར་འདུགཁོ་ལ་སྲོག་མ་དགོས་ཀྱང༌། ང་ལ་ད་ཐེངས་ཡོང་རྒྱུ་ཅི་ཡང་མི་འདུགཐ་ན་དེའི་རྒྱབ་ནས་བཤུས་པའི་རོ་ཤུན་ཡང་བཙོན་རྫི་ཧམ་པ་ཅན་ཨ་དབྱིས་ཁྱེར་སོང༌། ཡིན་ན་ཡང་དང་པོ་ང་ཚོའི་ཧྲོན་ཨ་ཁུ་ཁ་བསོད་ཆེ། གཉིས་པ་སྐུ་ངོ་གསུམ་པ་ཤུ་སྤོ་བོས་བྱ་དགའི་དངུལ་སྒོར་ཉི་ཤུ་རྩ་ལྔ་ལས་དངུལ་ཞོ་གང་གི་འགྲོ་སོང་ཡང་མ་བཏང་བར་ཚང་མ་ཁོ་རང་གཅིག་པུའི་ཁུག་མར་བཅུག་པ་རེད”ཟེར།

ཤོ་ཧྲོན་དལ་བུར་ཁང་ཆུང་ལས་ཕྱིར་ཐོན་ཏེ་ལག་པ་གཉིས་ཀ་བྲང་ཁར་གླན་ནས་ལུ་བཞིན་ཐབ་ཚང་དུ་སོང་ནས་འབྲས་ཆན་འཁྱགས་པ་དཀར་ཡོལ་གང་བཅུས་པའི་ནང་དུ་ཆུ་ཁོལ་བླུགས་རྗེས་འདུག་སྟེགས་སུ་བསྡད་ནས་འ ཐུངས། ཧྭ་ཏ་མ་ཁོའི་རྗེས་འབྲངས་ནས་སྐད་དམའ་མོས“ཤོ་ཧྲོན་ཁྱོད་ཅུང་ཙམ་ཇེ་བདེར་སོང་ཡོད་དམ།

___ཁྱོད་སྔར་བཞིན་གྲོད་པ་ལྟོགས་སམ…….”ཞེས་དྲིས།

དྲག་ངེས་རེད། དྲག་ངེས་རེད”ཅེས་ཁངས་ཨ་ཁུས་ཤོ་ཧྲོན་ལ་མིག་མདའ་ཞིག་འཕངས་རྗེས་སྔར་བཞིན་ཁ་ཕྱིར་འཁོར་ཏེ་ཅང་མར་བཤད་དོན། “སྐུ་ངོ་གསུམ་པ་ཤྱ་སྤོ་བོ་འདི་ངོ་མ་མི་སྤྱང་གྲུང་ལྡན་པ་ཞིག་རེད། གལ་ཏེ་ཁོས་སྔོན་ནས་སྲིད་གཞུང་ལ་ཡར་ཞུ་མི་བྱེད་པའི་དབང་དུ་བཏང་ན་ཁོ་དང་བཅས་པའི་ཁྱིམ་གང་བོ་བསད་ནས་རྒྱུ་ནོར་གཞུང་བཞེས་བྱ་ངེས་རེད། ད་ལྟོས་དང༌། དངུལ་གྱི་སྟོབས་ཤུགས་ཅི་འདྲ་རེད། གདོན་ཕྲུག་དེ་དངོས་གནས་མ་རུངས་པ་ཞིག་རེད། བཙོན་དུ་བཅུག་ཀྱང་ད་དུང་བཙོན་དཔོན་ལ་གྱེན་ལྡོག་བྱེད་དགོས་ཞེས་སྐུལ་སློང་བྱས་པ་རེད་ཟེར། ”

“ཨ་ཙི། དེ་ལྟར་བྱེད་ག་ལ་རུང”ཞེས་ལྟག་གྲལ་ནས་ལོ་ཉི་ཤུ་ལྷག་ཅན་གྱི་མི་ཞིག་གིས་ཤིན་ཏུ་མ་རངས་པའི་ཉམས་ཀྱིས་བཤད།

“ཁྱོད་ཀྱིས་ཨེ་ཤེས། འདོད་རྔམ་ཅན་གྱི་ཨ་དབྱི་མ་གཞི་གནས་ཚུལ་རྩད་གཅོད་དུ་སོང་བ་ཡིན་ཡང་མི་དེས་ཨ་དབྱི་དང་ཁ་བརྡ་བྱས་པ་རེད། ཁོས་ཆིན་ཆེན་པོའི་རྒྱལ་ཁམས་ནི་ང་ཚོ་ཚང་མའི་ཡིན་ཞེས་བཤད་སོང་ཟེར། ཁྱོད་ཀྱིས་སོམས་དང༌། འདི་མིའི་སྐད་ཆ་ཨེ་རེད། འདོད་རྔམ་ཅན་དེས་ཁོ་ལ་མ་རྒན་གཅིག་པུ་ལས་མེད་པ་སྔར་ནས་ཤེས་མོད། ཡིན་ན་ཡང་ཁོ་འདི་འདྲའི་དབུལ་བོ་ཞིག་ཡིན་པ་ཡིད་ལ་མ་ཤར། ཨ་དབྱི་ཁྲོས་ནས་འགད་ལ་ཁད་དུ་གྱུར། ཁོས་ད་དུང་རྒྱ་སྟག་ངར་མའི་མགོ་ལ་ཟ་འཕྲུག་བསླངས་པས་འགྲམ་ལྕག་གཉིས་ཉོས་པ་རེད། ”

“ཨ་ཇོ་དབྱི་ནི་རྩལ་ཅན་ཞིག་ཡིན་པས་འགྲམ་ལྕག་གཉིས་ཀྱིས་ཁོ་ལ་བསམ་ཤེས་སུ་བཅུག་ཡོད་རྒྱུ་རེད”ཅེས་གྱང་ཟུར་གྱི་སྟོད་སྒུར་དེ་གློ་བུར་དུ་ཉམས་འུར་ནས་བཤད།

“མ་རབས་དེ་རྡུང་བ་ལ་མི་སྐྲག་པར་མ་ཟད། ད་དུང་སྙིང་རེ་རྗེ་ཟེར། ”

སྨ་ར་དཀར་པོ་ཅན་དེས“མི་དེ་རིགས་ལ་བརྡུངས་ན་སྙིང་རྗེ་དགོས་དོན་ག་རེ་ཡོད་ཟེར།

ཁངས་ཨ་ཁུས་ཁོ་ལ་སྣང་ཆུང་གི་ཉམས་ཤིག་མངོན་ནས་ཁོང་དགོད་ཅིག་བྱས་ཏེ“ཁྱོད་ཀྱིས་ངའི་སྐད་ཆའི་དོན་གོ་མི་འདུགདེའི་རྫིག་ཉམས་ལ་ལྟོས་དང༌། ཨ་དབྱི་ལ་སྙིང་རེ་རྗེ་ཟེར་བ་རེད”ཅེས་བཤད་པ་ན།

ཉན་མཁན་རྣམས་ཀྱི་མིག་གློ་བུར་དུ་ཧྲིག་གེར་གྱུར་ཏེ་སྐད་ཆ་བཤད་མཚམས་ཀྱང་བཞག་སོང༌། ཤོ་ཧྲོན་གྱིས་ཟ་མ་ཟོས་ཚར་པ་དང་ལུས་ནས་རྔུལ་ཆུ་ཞམ་ཞམ་དུ་འབབ་ཅིང་མགོ་ནས་རྔུལ་རླངས་ཐུལ།

“ཨ་དབྱི་ལ་སྙིང་རྗེ----སྨྱོ་གཏམ། དངོས་གནས་སྨྱོས་འདུག”ཅེས་སྨ་ར་དཀར་པོ་ཅན་དེ་གློ་བུར་དུ་གཉིད་ལས་སད་པ་ལྟར་བཤད།

“སྨྱོས་འདུག”ལོ་ཉི་ཤུ་ལྷག་ཅན་གྱི་མི་དེས་ཀྱང་ཅི་ཞིག་རྟོགས་པ་ལྟར་བཤད། ཇ་ཁང་གི་མགྲོན་པོ་རྣམས་དེ་མ་ཐག་འུར་ལངས་ཏེ། སྔར་བཞིན་གཏམ་སྒྲ་དང་དགོད་སྒྲ་སྤེལ་མར་གྱུར་ཅིང༌། འདུ་ལོང་དང་བསྟུན་ནས་ཤོ་ཧྲོན་ཡང་དྲག་ཏུ་ལུ་བཞིན་འདུགཁངས་ཨ་ཁུ་མདུན་དུ་སོང་ནས་ཁོའི་ཕྲག་པར་རྡེབ་བཞིན་“དྲག་ངེས་ཡིན། ཤོ་ཧྲོན—ཁྱོད་འདི་ལྟར་མ་ལུ། དྲག་ངེས་ཡིན”ཟེར།

སྲས་ལྔ་པ་སྟོད་སྒུར་གྱིས་ཀྱང་མགོ་བོ་ལྡེམ་བཞིན་དུ“སྨྱོས་འདུག”ཟེར།

བཞི་པ།

མཁར་ཕྱིའི་ནུབ་སྲང་གི་མཁར་རྟིང་དང་ཉེ་བའི་ས་དེ་ནི་སྔོན་དུས་གཞུང་ས་ཡིན་ལ། དེའི་དཀྱིལ་དུ་ལམ་ཕྲན་གྱ་གྱུ་ཞིག་ཡོད་པ་དེ་ནི་མྱུར་ལམ་དུ་འགྲོ་བར་དགའ་བའི་མི་ཚོའི་ལྷམ་མཐིལ་གྱིས་བཏོད་པ་ཡིན་མོད་ཀྱང་དེ་ནི་རང་བྱུང་གི་དབྱེ་མཚམས་སུ་གྱུར་འདུགལམ་དེའི་གཡོན་ཕྱོགས་ནི་སྲོག་ཆད་བཅད་པ་དང་བཙོན་ལས་བཀྲེས་ལྟོགས་ཀྱིས་ཤི་བ་རྣམས་སྦས་པའི་དུར་ས་སྟེ། གཡས་ཕྱོགས་ནི་དབུལ་བོ་རྣམས་ཀྱི་དུར་ས་རེད། གཡས་གཡོན་གཉིས་སུ་གཅིག་ཐོག་གཅིག་བརྩེགས་ཀྱིས་དུར་བཏབ་འདུག་པས། ཕྱུག་པོ་ཚང་གི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བའི་སྐབས་སུ་བསྒྲིགས་པའི་ཅུང་པེང་

དང་མཚུངས། ལོ་འདིའི་དུར་མཆོད་ཀྱི་ཉིན་མོ་ནི་ཤིན་ཏུ་གྲང་བས་ལྕང་མའི་མྱུ་གུ་འབྲས་རྡོག་ཕྱེད་ཙམ་པ་ལས་འབུས་མི་འདུགནམ་ལངས་ནས་ཅང་མ་འགོར་པར་ཧྭ་ཏ་མས་གཡས་ཕྱོགས་ཀྱི་དུར་སོ་མ་འིག་གི་མདུན་དུ་སྔོ་རྔད་སྡེར་མ་བཞི་དང་འབྲས་ཆན་དཀར་ཡོལ་གང་བསྒྲིགས་རྗེས་ཆོ་ངེ་འདེབས་བཞིན་ཤོག་བུ་བསྲེགས་ཤིང་ཐང་དུ་བསྡད་ནས་ཧོན་འཐོར་འདུགཧ་ལམ་ཅི་ཞིག་ལ་སྒུག་པ་དང་འདྲ་ཡང་ཅི་ཞིག་ལ་སྒུག་པ་མོ་རང་གིས་ཀྱང་བཤད་མི་ཐུབ། མོའི་སྐྲ་ལོ་ཐུང་ངུ་བསེར་བུས་བསྐྱོད་དེ་ཡེངས་ཡེངས་བྱེད་ཅིང༌། སྐྲ་དཀར་པོ་ན་ནིང་ལས་ལྷག་པར་ཇེ་མང་དུ་སོང་འདུག

ལམ་ཕྲན་ནས་ཡང་བུད་མེད་ཅིག་འོང་བཞིན་པ་དེའི་སྐྲའང་སེ་བོར་གྱུར་ཅིང༌། སྨད་གཡོགས་ཧྲུལ་པོ་ཞིག་གྱོན་འདུགསློ་མ་དམར་པོ་རྙིང་ཧྲུལ་ཞིག་བཟུང་བའི་ཕྱི་རུ་ཤོག་དངུལ་རྟ་རྨིག་མ་སྟར་ལ་བརྒྱུས་པ་ཞིག་བཏགས་ནས་གོམ་རེ་སྤོས་ནས་ངལ་རེ་གསོ་བཞིན་འོང༌། གློ་བུར་དུ་མོས་ཧྭ་ཏ་མ་སར་བསྡད་ནས་རང་ལ་ལྟ་བཞིན་པ་མཐོང་སྟེ། ཡམ་ཡོམ་ཞིག་བྱས་ཏེ་རོད་ཉམས་པའི་གདོང་ལ་ངོ་གནོང་བའི་ཉམས་ཤིག་ཤར་ན་ཡང་ཨུ་ཚུགས་ཀྱིས་མགོ་བོ་སྒུར་ནས་གཡོན་ཕྱོགས་ཀྱི་དུར་མདུན་དུ་སོང་ནས་སློ་མ་ཐང་ལ་བཞག

དུར་ས་དེ་ཤོ་ཧྲོན་གྱི་དུར་ས་དང་དཀྱུས་གཅིག་ཏུ་ཡོད་ཅིང༌། བར་དུ་ལམ་ཕྲན་ཞིག་འདུགམོས་སྔོ་རྔད་སྡེར་མ་བཞི་དང་འབྲས་ཆན་དཀར་ཡོལ་གང་ལེགས་པར་བསྒྲིགས་ཤིང་ཡར་ལངས་ནས་ངུས་ངུས་རྗེས་ཤོག་དངུལ་རྟ་རྨིག་མ་སྲེག་བཞིན་པ་ཧྭ་ཏ་མས་མཐོང་བས་མོའི་སེམས་ལ་“འདི་ཨ་ཕྱི་འདིའི་བུ་ཙའི་དུར་ཡིན་རྒྱུ་རེད”སྙམ་བྱུང༌། ཨ་ཕྱི་དེས་ཕར་ལྟ་ཚུར་ལྟ་ཞིག་བྱས་ཏེ། གློ་བུར་དུ་རྐང་ལག་འདར་བཞིན་འཁྱ་རེ་འཁྱོར་རེའི་ངང་ནས་གོམ་པ་འགའ་ཕྱིར་ནུར་ཅིག་བྱས་ཤིང་མིག་ཅེར་རེ་ཧད་འདུག

ཧྭ་ཏ་མས་ཚུལ་དེ་མཐོང་ཞིང་ཨ་ཕྱི་དེ་སེམས་སྡུག་གིས་སྨྱོ་ལ་ཁད་ཡོད་པས་སེམས་ཀྱིས་མ་བཟོད་པར་ཡར་ལངས་ཤིང༌། ལམ་ཕྲན་དེ་བརྒལ་ནས་གཅོམ་ཆུང་ངུའི་ངག་གིས“ཨ་ཕྱི་ལགས། ཁྱོད་སེམས་མ་སྡུགད་ང་ཚོ་འགྲོ་ཨང”ཞེས་སེམས་གསོ་བྱས།

ཨ་ཕྱིས་མགོ་བོས་འཐད་པའི་བརྡ་བྱས་ཤིང་མིག་གཉིས་སྔར་བཞིན་བགྲད་དེ། སྐད་དམའ་ཞིང་གསལ་ལ་མི་གསལ་བའི་ངག་གིས“ཁྱོད་ཀྱིས་ལྟོས་དང། —ལྟོས་དང་འདི་ཅི་ཞིག་རེད”ཅེས་སྨྲས།

ཧྭ་ཏ་མའི་མིག་ཞག་ཨ་ཕྱིའི་མཛུབ་མོས་བསྟན་ཕྱོགས་སུ་འཕངས་པ་ན། མདུན་གྱི་དུར་ས་དེ་ལ་གཏད་འདུགདུར་ས་དེ་རྩྭ་རྩད་འདྲེས་པའི་བོང་བས་ཁེབས་མེད་པས། ཞབས་ཀྱི་ས་སེར་ལེབ་མོ་ལེབ་མོ་ཕྱིར་མངོན་ཞིང་མིག་ལ་མི་མཛེས་པར་སྣང༌། ཡང་དུར་ས་དེའི་སྟོད་ལ་ཞིབ་ཏུ་བལྟས་ཙ་ན་གློ་བུར་དུ་ཧ་ལས་པར་གྱུར། མེ་ཏོག་དཀར་དམར་འདྲེས་པའི་ཕྲེང་གདུབ་ཅིག་དུར་རྩེ་ལ་བསྐོན་འདུག་པ་གསལ་བོར་མཐོང༌། རྨོ་མོ་གཉིས་ཀྱི་མིག་གི་དབང་བོ་ཉམས་ནས་ལོ་མང་འགོར་ན་ཡང༌། དཀར་དམར་འདྲེས་པའི་མེ་ཏོག་དེ་གསལ་བོར་མཐོང་ཐུབ། མེ་ཏོག་མང་བོ་མེད་ཀྱང་སྒོར་མོར་བསྒྲིགས་འདུག ཡིད་དུ་འོང་བ་ཞིག་མིན་ན་ཡང་ཚར་དུ་དངར་བར་བསྒྲིགས་འདུགཧྭ་ཏ་མས་མྱུར་དུ་རང་གི་བུ་དང་གཞན་གྱི་དུར་སར་བལྟས་ཚེ་གྲང་ངར་ཐུབ་པའི་མེ་ཏོག་སྔོ་སྐྱ་ཐོ་རེ་བ་ཙམ་སྐྱེས་འདུག་པས། གློ་བུར་དུ་མོའི་སེམས་ལ་ཡིད་མ་ཚིམས་པའམ་སྟོང་སྣང་ཞིག་སྐྱེས་ཏེ། རྒྱུ་མཚན་འདེད་འདོད་མེད་པར་གྱུར། ཨ་ཕྱི་དེ་སླར་ཡང་མདུན་དུ་གོམ་པ་འགའ་སྤོས་ནས་ཞིབ་ཏུ་ཐེངས་ཤིག་བལྟས་རྗེས་ཁེར་ལབ་འདི་ལྟར་བྱས། “འདི་ལ་རྩད་པ་མི་འདུག་རང་བྱུང་དུ་བཞད་པ་ཞིག་མ་རེད། —འདིར་ཡོང་མཁན་སུ་ཞིག་ཡིན་ནམ། བྱིས་པ་རྣམས་གནས་འདིར་རྩེ་རུ་ཡོང་མི་སྲིད། ___ཕ་ཚན་དང་གཉེན་ཉེ་རྣམས་སྔར་ནས་འབྲེལ་ཐག་བཅད་ཟིན། འདི་ཅི་ཞིག་ཡིན་ནམ”ཞེས་ཡང་དང་ཡང་དུ་བསམ་བློ་བཏང་རྗེས། གློ་བུར་དུ་མིག་མཆི་མ་ཉིལ་ལེར“གཅེས་ཕྲུག་ཡུས་ཨ། ཁོ་ཚོས་ཁྱོད་ལ་ཉེས་མེད་བསྙོན་འཛུགས་བྱས་པ་ཁྱོད་ཀྱིས་བར་དོ་ནས་མ་བརྗེད་ཅིང་སེམས་སྐྱོ་ནས། དེ་རིང་ཆེད་དུ་ང་ལ་ཤེས་སུ་འཇུག་འདོད་པ་མ་ཡིན་ནམ”ཟེར་ཞིང་ཕྱོགས་བཞིར་བལྟས་ཙ་ན། ལོ་འདབ་མེད་པའི་སྡོང་བོ་ཞིག་གི་སྟེང་དུ་ཁྭ་ཏ་ཞིག་བབས་འདུག་པ་མཐོང་ངོ༌། ། དེ་ནས་“བསྟུད་མར“ངས་ཤེས་སོང༌། གཅེས་ཕྲུག་ཡུས་ཨ། ཁོ་ཚོས་ཁྱོད་ཕུང་ལ་སྦྱར་པར་སྙིང་རེ་རྗེ། ཁོ་ཚོར་ལ་ཡོགས་རྣམ་སྨིན་འཁོར་ངེས་ཡིན། གནམ་རྒན་མས་མཁྱེན་ངེས། ཁྱོད་ཀྱིས་མིག་སུམས་དང་ཆོགགལ་ཏེ་དངོས་གནས་ཁྱོད་འདིར་ཡོད་ན། ངའི་སྐད་ཆ་གོ་རྗེས་ཁྭ་ཏ་འདི་ཁྱོད་ཀྱི་དུར་ཐོག་ལ་དབབ་ཏུ་ཆུག་དང”ཞེས་སྨྲས།

བསེར་བུ་སྔར་ནས་འཇགས་ཤིང༌། རྩྭ་སྐྱ་དྲང་ཤད་ལེར་ཡོད་པ་རྣམས་ཟངས་སྐུད་དང་འདྲ་ལ། དེ་རླུང་གིས་བསྐྱོད་དེ་འདར་བའི་སྒྲ་མཁའ་དབུགས་ཀྱི་ཁྲོད་ནས་རིམ་བཞིན་ཇེ་ཆུང་ཇེ་ཆུང་དུ་སོང་སྟེ་མཐར་མི་ཐོས་པར་གྱུར། ཁོར་ཡུག་ཐམས་ཅད་སྟོང་འཇགས་གེར་གནས། རྨོ་མོ་གཉིས་རྩྭ་སྐྱའི་གསེབ་ཏུ་འགྲེང་ནས་མགོ་བོ་དགྱེ་སྟེ་ཁྭ་ཏ་ལ་བལྟས་ཙ་ན། ཁྭ་ཏ་དེ་སྡོང་བོའི་ཡལ་ག་དྲང་མོ་ཞིག་གི་བར་དུ་ཁྲོ་ཡིས་བླུགས་པ་ལྟར་གོ་བོ་འཁུམསེ་ནས་འདུག

དུས་ཡུན་རིང་བོ་ཞིག་འགོར་པས། དུར་མཆོད་དུ་འོངས་པའི་མི་རིམ་བཞིན་ཇེ་མང་དུ་སོང༌། དུར་སའི་བར་དུ་འགྲོ་བའི་རྒན་གཞོན་འགའ་རེ་སྐབས་འགར་མངོན་ལ་སྐབས་འགར་མི་མངོན།

ཧྭ་ཏ་མར་ཁུར་བོ་ལྗིད་མོ་ཞིག་ཕོག་པའི་སྣང་བ་སྐྱེས་ཤིང་ཕྱིར་ལོག་འདོད་ཅིག་སྐྱེས་ཏེ། ཨ་ཕྱི་དེ་ལ“ང་ཚོ་འགྲོ་ཨང”ཞེས་སྐུལ་མ་བྱས།

ཨ་ཕྱི་དེ་ཐང་ཆད་ཅིང་ཁམས་ཉོབ་སྟེ་དབུགས་རིང་ཞིག་འཐེན་བཞིན་སྔོ་རྔད་དང་འབྲས་ཆན་ཕྱིར་བསྡུས་ཤིང་། སླར་ཡང་ཐེ་ཚོམ་སྟེ་ཡུད་ཙམ་འགོར་རྗེས་ག་ལེར་འགྲོ་བཞིན་ངག་ནས“འདི་ཅི་ཞིག་ཡིན་ནམ……ཞེས་ཁེར་ལབ་བྱས།

རྨོ་མོ་གཉིས་གོམ་པ་ཉི་ཤུ་སུམ་ཅུ་ཙམ་ལས་མ་ཕྱིན་པར། གློ་བུར་དུ་རྒྱབ་ཕྱོགས་ནས་“ཀཱ-”ཞེས་གྲགས་པས་རྨོ་མོ་གཉིས་འཇིགས་ཡེར་རེ་ཁ་ཕྱིར་འཁོར་ཚེ་ཁྭ་ཏ་དེས་གཤོག་ཟུང་བརྐྱངས་ཤིང་ལུས་བཅུམས་ཏེ་ཐད་ཀར་རྒྱང་རིང་གི་མཁའ་དབྱིངས་སུ་མདའ་འཕངས་པ་ལྟར་འཕུར་ཏོ། །

གཅིག་དགུ་བཅུ་དགུ་ལོའི་ཟླ་བཞི་པར།

·གསར་འགྱུར་གོང་མ:རྒྱལ་ཡོངས་བོད་གཞས་འགྲན་བསྡུར་ཐོག་མ་དེ་མཇུག་བསྒྲིལ་བ།
·གསར་འགྱུར་འོག་མ:ཀྲུང་གོའི་མཚོ་སྔོན་བོད་རིགས་དྲ་བ་ཤར་གཏོང་བྱས་པ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 19:52:32 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 1:13:27 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 13:47:14 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 71 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS