ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

ལོ་གསར་གྱི་མངོན་རྟོགས་ལེགས་སྨོན།

[རྩོམ་པ་པོ:ལྷམ་ཀོག  ཡོང་ཁུངས:སེང་རྡོར་དྲ་བ།  དུས་ཚོད:2011/3/7 11:52:08  བཀླགས་ཐེངས:1219][ཡིག་གཟུགས:ཡིག་གཟུགས་མདོག]

འདི་ཁྱེད་ཅག་གི་ལོ་སར་ཡིན།

ལྷམ་ཀོག

ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།

ལོ་གསར་བ་འདིའི་ནང་ལ་གཞིས་བྱེས་གཉིས་ཀྱིས་ལོ་གསར་བ་དང་ལས་ཀྱི་སྣེ་མོ་བ་གསར་བའི་འོག་ནས་བདེ་སྐྱིད་ཀྱི་མངར་ཁ་མྱོང་བར་ཤོག ངེད་ཅག་གིས་ནམ་རྒྱུན་ཁ་དམར་དམར་ཅི་ཡང་མ་བྱས་པར། རྣམ་པ་མི་མངོན་ལ་དམིགས་རྒྱང་རིང་བའི་ལམ་ཁ་བཙལ་ཏེ་འགྲོ་དགོས་དུས་གེགས་དང་བར་ཆད་ཀྱི་གདོང་ལ་ཐལ་བ་གདབ་ཐུབ་པར་སྨོན། དེ་ལྟའི་རྒྱང་རིང་དུ་གོམ་པ་སྤོ་ན་རང་གི་མདུན་ཐད་ཀྱི་ཐེམ་པར་གཟབ་གཟབ་བྱ་དགོས། མེས་པོ་ཞིག་གིས། རྒྱང་རིང་ལམ་དུ་བལྟ་བ་ལས། མདུན་གྱི་དོང་ལ་གཟབ་པར་འཚལ་ཞེས་ཀྱང་གསུངས་འདུག དེ་ལྟའི་ཁམས་དང་མོས་པ་བག་ལ་ཉལ་བའི་བསམ་པ་དག་རྟོགས་པར་བྱས་ཤིང་། རང་རང་གི་རྣམ་དཔྱོད་དང་ནུས་པ་བེད་སྤྱོད་པར་ཤོག  ད་དུང་གཡམ་ལ་རྒྱུགས་པར་མ་རྔམས་པར། རང་རང་གི་རྐང་པ་གཉིས་ས་གཞིའི་འདིའི་སྟེང་ནས་སྲ་ཞིང་བརྟན་པོ་ཞིག་འཛུག་ཐུབ་པ་ཡིན་ན་དེ་ཡང་མི་རིགས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པར་གསུངས་པས་ན། ངེད་ཅག་གིས་མ་མཐའ་ཡང་རང་གི་ལུས་ངག་ཡིད་གསུམ་བྲང་འོག་ཏུ་ནོན་པ་བྱས་ཏེ་ཁྱི་ལྟོ་ལ་རྔམས་པ་བཞིན་ཟས་གོས་ཁོ་ནས་ཕྱིར་དུ་མི་འགྱེལ་པར་སྨོན། ད་དུང་ངེད་ཅག་གི་ན་གཞོན་གང་མང་ཞིག་གིས་ཕྱི་ནང་གསང་གསུམ་ལ་རྒྱུས་མ་ལོན་པའི་ཚུལ་དུ་ཁ་རྒྱ་ཡན་དུ་འཕྱོ་བ་དང་ལྕེ་ཚོད་མེད་དུ་གཡུག་དུས་མིག་དབང་གསལ་བོ་དང་རྣ་དབང་གསལ་བོ་འོང་བར་སྨོན། ལྷག་པར་དུ། མེས་པོ་ཞིག་གིས། འུ་ཅག་བོད་འདི་ཁ་མང་ལ་གཏིང་ལྷོད། གཏམ་མཚང་ཅན་སྦེད་མི་ཤེས།   བྱ་བ་གལ་ཆེན་གསང་ནས་སྒྲུབ་དགོས་པ་ཡིན། ཞེས་དང་། ཡང་བོད་ཀྱི་མི་ལ་ཨོལ་མདུད་མེད་པས་སྲང་ནང་གི་འཁྱམས་པོ་ཚུན་ཆད་ལ་ཡིན་ལུགས་འཆད་པ་ཁྱོད་ཀྱི་དོན་གྲུབ་ཏུ་རེ་ཨང་། སོགས་གསུངས་པ་འདིའི་སྔར་ནས་འུ་ཅག་གིས་འགྲོ་ལུགས་འདུག་སྟངས་ཤིག་གསུངས་ཡོད་ཙ་ན། ད་ལྟའི་ཆར་ཡང་གསུང་ཆེམས་འདི་ཞེ་ལ་བཞག་ནས་འདོད་དོན་ཀུན་སྒྲུབ་པར་སྨོན། ཁ་ལ་གང་བྱུང་དང་ལག་ལ་གང་འོང་ཅི་ཐོལ་ཐོལ་དུ་བཤད་པ་དང་འབྲི་བར་ཕྱི་ནང་གི་ཁྱད་པར་ཞིག་ཡོད་པར་ཤོག ཅེས་ལོ་གསར་བར་བོད་ཕྱི་ནང་གཉིས་ཀྱི་ཕུ་ནུ་མིང་སྲིང་ཡོད་ཚད་དང་ལྷག་པར་དུ་བོད་ཕྱི་ནང་གི་རང་གི་དྲ་གྲོགས་དང་དྲ་འབུ་ཡོད་ཚད་ལ་ཕུལ་བ་ཡིན། བཀྲ་ཤིས་བདེ་ལེགས།
·གསར་འགྱུར་གོང་མ:ཀླུ་སྨྱོན་ཟིན་བྲིས་གསར་པ་སྒོ་ཕྱེས་ཡོད།
·གསར་འགྱུར་འོག་མ:གླིང་གེ་སར་རིག་གནས་དྲྭ་བ་ཚོད་ལྟ་བྱེད་བཞིན་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·གཡང་མོ་ལུག་གི་ལོ་སར་བཟང་། 2015/2/26 13:57:29
·རྟ་མཆོག་ལ་སྦྱར་བའི་ལོ་གསར་ཤིས་ཚིག 2014/3/4 12:47:19
·ཆུ་སྦྲུལལ་ལོ་གསར། 2013/2/11 9:36:33
·༢༠༡༡ལོ་སླེབས་སོང་། 2011/1/1 11:18:05
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 15:58:00 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 20:24:26 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 6:44:23 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།29.30MS