ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

༼འདུན་ལམ་༽དུས་དེབ་ཀྱི་རྩོམ་བརྡ།

[རྩོམ་པ་པོ:འདུན་ལམ།  ཡོང་ཁུངས:མཚོ་སྔོན་པོ་ཟིནབྲིས།  དུས་ཚོད:2011/4/4 15:09:13  བཀླགས་ཐེངས:918][ཡིག་གཟུགས:ཡིག་གཟུགས་མདོག]

འདུན་ལམ་དུས་དེབ་ཀྱི་རྩོམ་བརྡ།

༧ རིག་པའི་གནས་ལ་མཁྱེན་སྤྱན་ཡངས་པའི་རྩོམ་པ་བོ་རྣམ་པ་ལགས།   སྔོན་ཆད་མགོ་ལོག་གཅིག་སྒྲིལ་ཁང་སར་ཇོ་ནང་དགོན་འདུན་ལམ་རྩོམ་སྒྲིག་ཁང་གིས་ ༡༩༩༥  ལོ་ནས་རང་དགོན་གྱི་ན་གཞོན་སློབ་མ་རྣམས་ཀྱི་རྩོམ་རིག་གི་ཆུ་ཚད་མཐོར་འདེགས་གཙོ་བོར་དམིགས་ཏེ་ལོ་རེ་བཞིན་འདུན་ལམ་དུས་དེབ་པར་སྐྲུན་བྱེད་འགོ་བརྩམས། འོན་ཀྱང་མ་དངུལ་མེད་པ་སོགས་ཀྱི་དབང་གིས་དེབ་སྤུས་ལེགས་མ་འཁྱོངས་པས། དང་བོ་ཚར་གཅིག་ལག་བྲིས་བྱས་ནས་དེ་སྐྱར་དཔར་བྱས་ཏེ་ལོ་རེར་དེབ་ཉི་ཤུ་སུམ་ཅུ་རེ་སྤེལ་བ་ཡིན། དེའི་སྟབས་ཀྱིས་དུས་དེབ་འདི་རྒྱ་ཆེའི་ཀློག་པ་བོ་རྣམས་ལ་ཆ་རྒྱུས་དེ་འདྲ་མེད་པར་མ་ཟད།  ༢༠༠༧ལོ་ནས་ཕྱི་ནང་གི་འགལ་རྐྱེན་མང་བོའི་ཁྲོད་ནས་དུས་དེབ་འདིའི་ཚེ་སྲོག་རེ་ཞིག་འགགས་སོང་།  ན་ནིང་ཙམ་ནས་རང་དགོན་གྱི་གྲྭ་བཙུན་གཞོན་སྐྱེས་འགའ་ཞིག་བསྟན་པ་རབ་རྒྱས་སོགསགི་ལྷག་བསམ་གྱིས་དུས་དེབ་འདིའི་ཚེ་སྲོག་གི་མྱུ་གུ་སླར་ཡང་རྒྱས་པར་འབད་བརྩོན་ལྷོད་མེད་བྱས་པའི་བཀའ་དྲིན་ལས་ང་ཚོ་ཡང་སྐྱར་ལོག་ས་དེ་ནས་ཡར་ལ་ལངས་ཨེ་ཐུབ་ལྟ་བཞིན་ཡོད།  ལྷག་པར་དུ་ད་ལོ་ནས་རྩོམ་སྒྲིག་པ་རྣམས་ཀྱིས་མིག་རྒྱ་ཆེར་སྐྱེད་ཀྱིས་སྤྱིར་གངས་ཅན་བོད་ཀྱི་རིག་གནས་དང་། ཁྱད་པར་དུ་དགོན་སྡེའི་སློབ་གསོའི་ཁ་ཕྱོགས་གཙོ་བོར་བཟུང་ནས། དུས་རབས་འདི་དང་མི་རབས་འདིའི་མ་འོངས་པ་ལ་བསམ་གཞིག་གཏོང་ཁུལ་གྱིས། དེང་གི་སྤྱི་ཚོགས་དང་། མིག་སྔའི་གནས་ཚུལ་ཐད་བསམ་འཆར་འདོན་པ་དང་། སྐྱོན་མཚང་ཐེར་འདོན་བྱེད་པ། ཁ་ཕྱོགས་ཡང་དག་པ་སྟོན་པའི་རྩོམ་ཡིག་རྣམས་ཆེད་དུ་འགོད་རྒྱུ་དང་། དེ་ལས་ཀྱང་ང་ཚོར་དུས་སུ་བབས་ཤིང་ལག་ལེན་ལ་ཐེབས་པ། བཅོས་སྒྱུར་མི་གཏོང་ཐབས་མེད་ཀྱི་གནད་དོན་དག་ལ་ཆེད་དུ་མཁས་དབང་རྣམ་པ་ཚོར་དྲི་བ་བཏོན་ནས་ལན་འདེབས་སུ་འཇུག་པ་དང་། གཞན་ཡང་རང་གི་མི་རིགས་དང་རིག་གནས་ལ་ཤ་ཚ་ཞིང་སྙིང་ནས་གཅེས་མཁན་རྣམས་ཀྱིས་སྐབས་བབས་ཀྱི་གནད་དོན་རིགས་ལ་དྲི་བ་འདོན་པ་དང་། གཞན་གྱིས་དྲི་བ་དེ་ལ་ལན་བཏབ་པ་དག་ཇི་བཞིན་དུ་འགོད་པ་སོགས་ཡིན་པས། རྒྱ་ཆེའི་རྩོམ་པ་བོ་རྣམས་ཀྱིས་དེ་ལྟར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུ་ལགས། དུས་དེབ་འདིའི་ཚེ་སྲོག་ལ་གསོན་ཤུགས་གནང་འདོད་ན། རྩོམ་ལུས་ལ་བཀག་རྒྱ་མེད་ཅིང་། སྐྱ་སེར་དང་གྲུབ་མཐའ། མི་རིགས་དང་ཆོས་ལུགས། ཕོ་མོ་རྒན་གཞོན་སོགས་ཀྱི་དབྱེ་བ་མེད། རྩོམ་རིང་བོའི་རིགས་དག་མུ་འགོད་བྱེད་རྒྱུ་ཡིན། ད་ལོ་འཕུད་རྒྱུ་ནི་སྤྱི་དེབ་གྲངས་བཅུ་གཉིས་པ་ཡིན་ལ། སྤྱི་ཟླ་བཅུ་བའི་བར་ངེས་པར་དུ་དཔར་རྒྱུ་ཡིན།
འབྲེལ་ཟམ།  ( sanbalengzhi@163.com      )ནང་དུ་འཇོག་པ་དང་། ཡང་ན།
རྩོམ་སྒྲིག་པ།  ཁང་སར་བསམ་པ་ལྷུན་འགྲུབ།  ༠༩༧༥༨༣༣༩༣༤༠  ༡༣༨༩༧༥༥༥༣༠༨  ༡༨༩༠༩༧༥༥༣༠༠

青海省果洛州久治县藏文中学(落周老师)收

·གསར་འགྱུར་གོང་མ:བོད་ཀྱི་གློག་བརྙན་གསར་པ་གཉིས་ལ་བྱ་དགའ་ཐོབ་འདུག
·གསར་འགྱུར་འོག་མ:མཐོ་སྒང་ཨ་ཅག་ཚན་སྡེབ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·རྩོམ་བརྡ་ལེགས་པོ་ཞིག 2012/11/19 21:39:13
·༼ གསོན་ཤུགས༽ དུས་དེབ་ཀྱི་རྩོམ་བརྡ། 2011/11/23 16:44:44
·ནུབ་བྱང་གི་རྩོམ་བརྡ་གལ་ཆེན་ཞིག ། 2011/10/24 19:56:59
·སློབ་གླིང་རྩོམ་བསྡུའི་བརྡ་ཐོ། 2011/10/14 17:09:51
·༼བོད་༽དེབ་ཀྱི་རྩོམ་བརྡ། 2011/8/26 23:09:44
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 21:39:45 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 22:41:10 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 22:36:33 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 60 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS