ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

རྒྱོ་བཅད་ངོ་རྒོལ།

[རྩོམ་པ་པོ:ཉི་བུ།  ཡོང་ཁུངས:དབང་དྲ།  དུས་ཚོད:2011/4/4 15:50:53  བཀླགས་ཐེངས:1428][ཡིག་གཟུགས:ཡིག་གཟུགས་མདོག]

རྒྱོ་བཅད་ངོ་རྒོལ།

མཚམས་རེར་འདི་ནི་རྣམ་འགྱུར་ཙམ་ལས་ཅི་ཡང་མིན་ཡང་སྲིད་པ་རེད། འོན་ཀྱང་གལ་སྲིད་ཁྱོད་ཀྱིས་འགྱུར་བ་ཞིག་ལ་རེ་བ་རྒྱག་གི་ཡོད་ན། ཁྱོད་ཀྱི་བསམ་ཚུལ་དེ་མ་མཐའ་ཡང་ཁྱོད་ཀྱི་སྐྱ་ཡ་འགྲོ་རོགས་དེས་ཤེས་དགོས་ཀྱི་རེད། གལ་སྲིད་ཁྱོ་ཀ་ནས་མགོ་འཛུགས་ཚེ་ཁོ་ལ་གང་ནས་ཁག་ས་དེ་ནས་བཙུར་དགོས་པ་རེད།

སུ་ཌན་ནང་གི་རྒྱོ་བཅད་ངོ་རྒོལ་ཞིག་གོ་དོན། ༢༠༠༢ ལོར་མིང་ལ་སཱ་མི་རཱ་ཨ་མི་རྡུ་ཞེས་པའི་གཙུག་ལག་སློབ་ཆེན་ཞིག་གི་དགེ་རྒན་ཞིག་གིས་མི་ལོ་ ༡༩ རིང་གི་ནང་འཁྲུག་དེ་མཚམས་འཇོག་ཕྱིར་རྒྱོ་བཅད་ངོ་རྒོལ་ཞིག་གོ་མགོ་བསླངས་ཡོད་པ་རེད། མོ་རང་གི་འབོད་ཚིག་དེའི་མིང་ལ། ༼བུད་མེད་ཚོས་ཁྱོ་ཀ་ཚོར་རྒྱོ་མ་སྤྲོད་༽ཅེས་པ་དེ་རེད། ལས་འགུལ་དེ་ཐོག་མར་ལོའོ་དང་རྗེ་ཁ་ནེ་ཞེས་པའི་ཚོ་ཁག་གཉིས་ཀྱི་བུད་མེད་ ༢༠ ཡིས་འགོ་བརྩམས་ཡོད་འདུག ཚོ་ཁག་འདི་གཉིས་ནི་ནང་འཁྲུག་གི་ནང་ལ་ཞུགས་མཁན་གཙོ་བོ་གཉིས་ཡིན་འདུག

ཊར་ཀིའི་ནང་དུ་ལོ་ཤས་གོང་གསེར་གྱི་གཏེར་ཁ་ཕོན་ཆེན་པོ་བསྔོག་ཡོད་ལ།  སྐབས་དེར་ས་གནས་ཤིག་གི་ངོ་རྒོལ་བ་འགའ་གསེར་བརྐོ་སའི་ཉེ་འཁོར་དུ་གཅེར་བུར་རྒྱུག་ཅིང་། ༼ཡུ་རོབ་གསེར་བརྐོ་བས་ང་ཚོ་གཅེར་བུར་མ་ཕུད་གོང་། ང་ཚོ་གཅེར་བུར་ལངས་ཆོག་༽ཅེས་འབོད་ཚིག་བསྒྲགས་ཡོད་པ་རེད། བུད་མེད་ཚོས་སོ་སོའི་ཁྱོ་ཀ་ཚོར་གསེར་བརྐོ་བ་དེ་ཚོ་ཕྱི་ལ་མ་ཕུད་བར་དུ་རྒྱོ་མི་སྤྲད་པའི་ངོ་རྒོལ་སྤེལ་ཡོད་པ་རེད།

ཀོ་ལོམ་བྷེ་ཡ་རུ་དུད་ནག་གི་དམག་འཁྲུག་ལ་ངོ་རྒོལ་བྱེད་ཆེད་རྒྱོ་འགོག་ལས་འགུལ་སྤེལ་ཡོད། པོ་ལན་རྡི་རུ་སྐྱེ་སྒོ་རྩ་འགོག་ཆོག་པའི་ཁྲིམས་ལ་ངོ་རྒོལ་བྱས་པ་དང་། ཨམ་སུ་ཊར་ཌམ་དུ་བུད་མེད་ལ་བརྙས་བཅོས་བྱེད་པར་ངོ་རྒོལ་བྱས་ཡོད་པ་རེད།

ལོ་རེའི་ཕྱི་ཟླ་ ༣ པའི་ཚེས་ ༨ ཉིན་གོ་ལའི་བུད་མེད་ངོ་རྒོལ་ཞེས་པ་སྤེལ་གིན་ཡོད་ལ། ཁོང་ཚོས་ལས་འགུལ་དེ་སྤེལ་ནས་འཛམ་གླིང་གི་ལས་དོན་ཅི་འདྲའི་མང་པོ་ཞིག་བུད་མེད་ཚོས་སྒྲུབ་གིན་ཡོད་པ་སྟོན་པ་དང་། གལ་སྲིད་ཁོང་ཚོའི་ལས་དོན་དེ་ཚོ་མཚམས་བཞག་པ་ཡིན་ན་ཤུགས་རྐྱེན་ཇི་འདྲའི་ཆེན་པོ་ཞིག་ཐེབས་རྒྱུ་ཡིན་པའི་སྐོར་སྟོན་གི་ཡོད་པ་རེད། ཁོང་ཚོའི་དྲ་ཚིགས་ནི།

www.globalwomenstrike.net ཞེས་པ་འདི་རེད།

ཆུ་མེད་ན། རྒྱོ་མེད་དོ།  (No Water, No Sex)

ཕྱི་ལོ་ ༢༠༠༡ ལོར་ཊར་ཀིའི་ སིར་ཊི་ ཞེས་པའི་གྲོང་གསེབ་ཅིག་ཏུ་འཐུང་ཆུ་ཆད་པའི་དབང་གིས་བུད་མེད་སྐོར་ཞིག་གིས་སོ་སོའི་ཁྱོ་ཀ་ཉལ་སའི་ནང་ལ་ཡོང་མ་བཅུག་པ་རེད། སྐབས་དེར་མི་ལོ་ ༢༧ རིང་གི་ཁོང་ཚོའི་འཐུང་ཆུའི་མ་ལག་ལ་སྐྱོན་ཤོར་ཅིང་། བུད་མེད་ཚོས་ཆུ་སྣོད་ཁུར་ཏེ་ས་ཐག་རིང་པོར་སོང་སྟེ་ཆུ་ཁུར་ནས་ལོག་ཡོང་དགོས་ཐུག་པ་རེད། ཡིན་ཡང་། ཁོང་ཚོའི་ལས་འགུལ་དེར་ལམ་སེང་ནུས་པ་ཐོན་པ་རེད། ཁྱོ་ཀ་ཚོས་གཞུང་ལ་ཞུ་གཏུགས་བྱས་པར་བརྟེན་འཐུང་ཆུ་བསྐྱར་གསོ་བྱ་རྒྱུ་ཁས་བླངས་པ་རེད། འོན་ཀྱང་། ཆུ་དངོས་སུ་སྒོ་ཁར་མ་བསླེབ་བར་དུ་བུད་མེད་ཚོས་ཁྱོ་ཀ་ཚོ་ཉལ་སའི་ནང་ཡོང་མ་བཅུག་པ་རེད།

ཁ་ཆེའི་ལུགས་སྲོལ་ལ་འཁྲིག་པ་སྤྱད་རྗེས་ཁྲུས་རྒྱག་སྲོལ་ཞིག་ཡོད་པ་རེད། དེར་བརྟེན་བུད་མེད་འདི་དག་གི་ངོ་རྒོལ་དང་ཁོང་ཚོའི་དགོས་འདུན་གྱི་བར་ན་འབྲེལ་བ་དམ་པོ་ཞིག་ཡོད་འདུག

དེས་ན་་་་

·གསར་འགྱུར་གོང་མ:རྩོམ་བསྡུའི་བརྡ་ཐོ།
·གསར་འགྱུར་འོག་མ:འཇིག་རྟེན་ཁམས་ལས་འཕྲོས་པའི་གཏམ།༢
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཨེ་ཝྃ་ཆོས་སྨན་གླིང་གི་ཡིག་རྒྱུགས་གཉིས་པ་ལེགས་གྲུབ། ། 2012/3/9 21:13:21
·གླིང་སྲས་དྲྭ་ཚིཊ་དྲྭ་ལམ་དུ་སྤེལ་བར་རྟེན་འབྲེལ་ཞུ། 2012/3/8 14:39:04
·སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་དྲུག་པ་ཞལ་བཞེས་བྱུང་བ། 2012/3/8 12:40:57
·བོད་ཀྱི་སྐད་ཡིག་སློབ་གསོའི་གླེང་དེབ་༼སྒྲོན་མེ་འགྲེམ་སྤེལ་བྱས་པ། 2012/3/6 13:51:38
·རྒྱལ་ཡོངས༼སྨོན་ལམ་བུམ་པ་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་བརྡ། 2012/3/6 13:40:44
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 18:24:48 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 23:29:13 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 11:09:40 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 47 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS