ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
གསར་འགྱུར་ཀློག་པ།

སའི་གོ་ལའི་དུས་ཆེན་གྱི་ངོ་སྤྲོད་མདོར་བསྡུས།

[རྩོམ་པ་པོ:ཆོས་དཔལ་བཟང་བོ།  ཡོང་ཁུངས:སེང་རྡོར་དྲ་བ།  དུས་ཚོད:2011/4/22 14:04:32  བཀླགས་ཐེངས:1341][ཡིག་གཟུགས:ཡིག་གཟུགས་མདོག]

སའི་གོ་ལའི་དུས་ཆེན་གྱི་ངོ་སྤྲོད་མདོར་བསྡུས།

ཆོས་དཔལ་བཟང་བོ།

ས་གཞི་རིན་པོ་ཆེ་ནི་མིའི་རིགས་ཐུན་མོང་གི་ཁྱིམ་གཞིས་རེད། ཡིན་ནའང༌། ཚན་རིག་ལག་རྩལ་གྱི་གོང་འཕེལ་དང་དཔལ་འབྱོར་ཆུ་ཚད་ཀྱི་གོང་མཐོ་ཡིས་སའི་གོ་ལའི་ཁྱོན་ཡོངས་ཀྱི་རྣམ་པར་འདས་པའི་ལོ་༣༠ཡི་ནང་མངོན་གསལ་དོད་པོས་ཛ་དྲག་ཆེ་བའི་ཉམས་རྒུད་ཐེབས་བཞིན་པ་ཚོར་གྱི་ཡོད། ཚད་ལྡན་གྱི་ཡིག་ཆ་ལས་ཤེས་གསལ་ལྟར་ན། སྤྱི་ལོ་༡༨༦༠ལོ་སྟེ་གནམ་གཤིས་བརྟག་ཆས་དར་བ་ནས་བཟུང༌། འཛམ་གླིང་གི་དྲོད་ཚད་ལོ་རེར་ཆ་སྙོམས་ཏུའུ་གྲངས་ཐིག་ཚེག་དྲུག་རེས་ཇེ་མཐོར་འགྲོ་བཞིན་ཡོད་ལ། དྲོད་ཚད་ཆེས་མཐོ་བའི་ལོ་ངོ་༡༣་ནི་༡༩༨༣་ལོ་ཚུན་ཆད་ནས་བྱུང་བ་ཤ་སྟག་ཡིན། སྤྱི་ལོའི་དུས་རབས་༢༠བའི་ལོ་རབས་༨༠པར་འཛམ་གླིང་གི་ཆ་སྙོམས་གནོད་འཚེ་ཐེབས་པའི་མི་གྲངས་དུང་ཕྱིར་གཅིག་དང་བྱེ་བ་བཞི་ས་ཡ་བདུན་ཙམ་ཡིན་རུང༌། དུས་རབས་༢༠་པའི་ལོ་རབས་༩༠་པར་སླེབས་ཚེ་གནོད་འཚེ་ཐེབས་པའི་ཆ་སྙོམས་མི་གྲངས་དུང་ཕྱིར་གཉིས་དང་བྱེ་བ་གཅིག་ས་ཡ་གཅིག་ལ་འཕར་ཡོད་པ་རེད། མིག་སྔར་འཛམ་གླིང་གི་བརྒྱ་ཆ་བཞི་བཅུ་ཡི་མི་གྲངས་གིས་ཆུ་ཆད་ཀྱི་སྡུག་བསྔལ་མྱོང་གིན་ཡོད་ཅིང༌། གལ་ཏེ་གནད་དོན་དེ་སྔ་ཙམ་གྱིས་ཐག་གཅོད་མ་ཐུབ་ཚེ་ལོ་ངོ་༣༠་ཡི་ནང་དུ་འཛམ་གླིང་གི་མི་གྲངས་བརྒྱ་ཆ་༥༥་ཡིས་ཆུ་ཆད་ཀྱི་སྡུག་བསྔལ་ཚབས་ཆེན་མྱོང་དགོས་ཀྱི་ཡོད། ད་ལྟ་འཛམ་གླིང་གི་བརྒྱ་ཆ་བཅུ་གཉིས་ཀྱི་འདབ་ཆགས་དང་བརྒྱ་ཆ་ཉི་ཤུའི་འོ་འཐུང་སྲོག་ཆགས་ཀྱི་རྒྱུད་འཆད་ལ་ཉེ་ཞིང༌། ཚད་མེད་ཀྱིས་གསོད་འཛིན་བྱས་པས་ཉ་རིགས་བརྒྱ་ཆ་སུམ་ཅུའི་ཐོན་ཁུངས་རྩ་མེད་དུ་གྱུར་ཟིན་པ་རེད། གོང་གི་རྒྱུ་མཚན་དེ་དག་ལ་དམིགས་ནས་སྤྱི་ལོ་༡༩༧༠་ལོའི་ཟླ་༤་པའི་ཚེས་༢༢་ཉིན་ཨ་རིའི་དམངས་གཙོའི་ཏང་ཁག་གི་འཐུས་མི་གེ་ལོར་ཏི་ནེལ་སེན་(Gaylord Nelson)ལགས་ཀྱིས་གྲོས་གཞི་བཏོན་པ་དང་རྗེས་ནས་སའི་གོ་ལའི་དུས་ཆེན་གྱི་ཕ་ཡབ་ཏུ་འབོད་པའི་གདེ་ནིས་སི་ཧེ་སི(Dennis Hayes)ཞུ་བས་དབུ་ཁྲིད་གནང་བ་བརྒྱུད། ཨ་རི་ནས་རང་འགུལ་གྱིས་སའི་གོ་ལའི་སྲུང་སྐྱོབ་ཀྱི་ཆེད་དུ་མང་ཚོགས་རང་བཞིན་གྱི་བྱ་འགུལ་རྒྱ་ཆེན་པོ་ཞིག་སྤེལ་བ་སྟེ། ཆུང་འབྲིང་སློབ་གྲྭ་ཁྲི་གཅིག་དང་མཐོ་རིམ་སློབ་གྲྭ་སྟོང་གཉིས། གྲོང་སྡེ་སྟོང་གཉིས་དང་ཚོགས་པ་ཆེ་འབྲིང་མང་པོའི་ཁྱོན་མི་གྲངས་བྱེ་བ་གཉིས་ལྷག་བྱ་འགུལ་དེར་ཞུགས་པར་མ་ཚད། ཁོང་ཚོས་བཙོག་སྐྱོན་ཤོར་ཡོད་པའི་སའི་གོ་ལའི་འདྲ་གཟུགས་དང་པར་རིས་ཆེན་པོ། དཔེ་རིས་དང་རེའུ་མིག་སོགས་འཕྱར་ནས་ཁྲོམ་སྐོར་བྱས་ལ། འདུ་ཚོགས་དང་འཆད་ཁྲིད་སོགས་སྤེལ་ཅིང་སྲིད་གཞུང་གིས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་
པའི་ཁ་འབོད་ཀྱང་བྱས། སྐབས་དེའི་བྱ་འགུལ་གྱི་གཞི་རྒྱ་ཆེ་བས་གོང་འོག་ཐམས་ཅན་ལ་གཡོ་འགུལ་ཆེན་པོ་བཏང་གཤིས། ལོ་རབས་བདུན་ཅུ་པར་ཨ་རིའི་སྲིད་གཞུང་གི་བསྙོགས་ཆུ་ཚོད་འཛིན་དང་རླུང་ཁམས་ཆེན་མོ་གཙང་བཟོའི་ཁྲིམས་ལུགས་སོགས་ཀྱི་དག་བཅོས་འཆར་ཟིན་གཏན་འཁེལ་བྱས་པ་དང༌། ཨ་རིའི་ཁོར་སྲུང་ཅུས་དངོས་སུ་མགོ་ཚུགས་པར་ཡང་སྐུལ་མ་ཐེབས་ཡོད། དུས་དེ་ནས་བཟུང་ཨ་རིའི་མང་ཚོགས་ཀྱིས་ཟླ་ ༤པའི་ཚེས་༢༢ཉིན་ཨ་རིའི་སའི་གོ་ལའི་དུས་ཆེན་དུ་གཏན་འཁེལ་བྱེད་པའི་གྲོས་གཞི་བཏོན་ལ། གྲོས་གཞི་དེའི་ཐད་ཨ་རི་ཙམ་གྱིས་མ་ཚད་པར་འཛམ་གླིང་གི་རྒྱལ་ཁབ་མང་པོས་ཀྱང་དེ་དང་འགྲོས་མཐུན་གྱི་སྐད་ཆ་བཤད་ཡོད་པ་རེད།
སྤྱི་ལོ་༡༩༩༠ལོའི་ཟླ་༤པའི་ཚེས་༢༢ཉིན། སའི་གོ་ལའི་དུས་ཆེན་གྱི་བྱ་འགུལ་རྩ་འཛུགས་པའི་འབོད་སྐུལ་ལ་ཡ་གླིང་དང་ཧྥེ་གླིང། མེ་གླིང་དང་ཨོ་གླིང་བཅས་ཀྱི་རྒྱལ་ཁབ་༡༤༠དང་རྒྱལ་དམངས་དུང་ཕྱིར་གཉིས་ལྷག དེ་མིན་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཚོགས་པ་མང་པོས་རྒྱབ་སྐྱོར་ཐོབ་པས་ཨ་རིའི་སའི་གོ་ལའི་དུས་ཆེན་དེ་དངོས་སུ་རྒྱལ་སྤྱིའི་རང་བཞིན་གྱི་དུས་ཆེན་དུ་གྱུར་བ་རེད།
གདེ་ནིས་སི་ཧེ་སི(Dennis Hayes)ལགས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་གཞག་ཁྲོད་མཛད་རྗེས་ཆེ་བས། ཤེ་ར་ཚོགས་པ་(Sierra Club)དང་རྒྱལ་འབྲེལ་རི་སྐྱེས་སྲོག་ཆགས་མཐུན་ཚོགས། ཨ་རིའི་དགེ་ཕན་མཐུན་ཚོགས། ཨ་རིའི་ཉི་གློག་མཐུན་ཚོགས། འཁྲུག་བྲལ་ཚོགས་པ་དང་རེས་མེད་དད་ཚོགས་མཉམ་འབྲེལ་མཐུན་ཚོགས་སོགས་ཀྱི་ཆེས་མཐོའི་གཟེངས་རྟགས་ཐོབ་ཅིང༌། 《སྣང་བརྙན》དང་《དུས་ཚོད》དུས་དེབ་གཉིས་སོ་སོས་དུས་རབས་༢༠པའི་ཆེས་ཤུགས་རྐྱེན་ཆེ་བའི་ཨ་རིའི་མི་བརྒྱའི་ནང་གསེས་དང་སའི་གོ་ལའི་དཔའ་བོ་བརྒྱའི་ནང་གསེས་སུ་བདམས་པ་སོགས་བྱས་པས། འཛམ་གླིང་ཡོངས་ཀྱི་མ་གྲོས་རང་མཐུན་གྱིས་ཁས་ལེན་པའི་སའི་གོ་ལའི་དུས་ཆེན་གྱི་ཕ་ཡབ་ཏུ་དངོས་སུ་གྱུར་བ་རེད།

·གསར་འགྱུར་གོང་མ:འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཉིན་མོ་ཁག
·གསར་འགྱུར་འོག་མ:ལྷ་སའི་ཨ་ཤོ་ཀ་ཟ་ཁང་།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 4:43:28 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 6:49:08 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 10:16:20 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 63 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS