ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

ནུབ་བྱང་དུ་དྲ་རྩོམ་བགྲོ་གླེང་སྤེལ་བ།

[རྩོམ་པ་པོ:རྩོམ་རིག་ཚོགས་ཆུང་།  ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།  དུས་ཚོད:2011/4/25 23:22:06  བཀླགས་ཐེངས:1168][ཡིག་གཟུགས:ཡིག་གཟུགས་མདོག]
དྲ་རྩོམ་བགྲོ་གླེང་སྐོར་གྱི་གནས་ཚུལ་གསར་བ།

ནུབ་བྱང་གི་རྩོམ་རིག་ཚོགས་ཆུང་གིས་ད་ཐེངས་ཀྱི་གཟའ་མཇུག་ལ་དྲ་རྩོམ་བགྲོ་གླེང་སྐོར་གྱི་ཚོགས་འདུ་བསྡུས་པ་དང་ཚོགས་ཐོག་ཏུ་བོད་ཀྱི་དྲ་བ་སྤྱིའི་གནས་བབས་དང་ཁ་ཕྱོགས།དྲ་རྩོམ་དང་དྲ་བདག་དག ཟིན་བྲིས་པ་སྤྱི་དང༼ནུབ་བྱང་བ༽དག་རེ་རེ་བཞིན་དགེ་སྐྱོན་སྣ་ཚོགས་ཀྱི་མཐོང་སྣེ་ནས་གླེང་ཞིང་།སློབ་གྲོགས་ཕན་ཚུན་བར་བགྲོ་གླེང་འཁྲུག་ཆ་དོད་པོ་བྱུང་ཡོད།གཞན་གླེང་གཞི་ལས་འཕྲོས་ཏེ་ན་གཞོན་གྱི་གསར་རྟགས་དང་རྒན་པོའི་ཞིབ་ཆ་སོགས་ཀྱང་ལྟ་ཚུལ་སྣ་ཚོགས་ཀྱི་ལམ་ནས་གླེང་བྱུང་ངོ།

གཅིག    གནས་ཚུལ་རགས་ཙམ།

ཚོགས་འདུའི་ཁ་བྱང་།   དྲ་རྩོམ་བགྲོ་གླེང་།

དུས་ཚོད།           2010.4.23.ཉིན།ཕྱི་དྲོའི་ཆུ་ཚོད 2.30

ས་གནས།           སློབ་གྲྭའི་རིག་གནས་ཐོག་ཁང་གི 409

ཚོགས་ཞུགས་མི་སྣ།  བཙན་སྒྲ  ཐུབ་པ།  མགར་མི།  བུ་ཆུང་།  རྣོ་ཟུར།  ཡར་འཕེལ།  རྣོ  གསོམ་བུ།  འོད་ནག  གནའ་གྲོང་།  སྟག་མིག  ཕུར་བ་སྐྱབས།  གདུགས་དཀར་ཚེ་རིང་།  སྟོབས་ལྡན་ཚེ་རིང་།  མགོན་པོ་རྒྱལ།  སྦྱིན་པ།  གླག  སྙིང་ལྕགས།  སྤྱན་དུངས།  རྡོ་རྗེ་ཚེ་བརྟན། ༼མཚོ་སྔོན་དགེ་ཐོན་སློབ་ཆེན༽སོགས་ཉི་ཤུ་རྩ་ལྷག་འདུས།

གཉིས།  དྲ་རྩོམ་སྐོར་གྱི་བསམ་ཚུལ་ཐུང་ངུ་ཞོར་བཀོད།

འོད་ནག

དྲ་བ་དག་གི་སྒྲིག་གཞི་ལ་བསྟུན་ནས་རྩོམ་བྲིས་ན།རང་གི་བྲིས་རྩོམ་གྱི༼རྭ༽གཅོད་དགོས་པ་རེད་པས།བྲིས་རྩོམ་དྲ་སྟེང་དུ་འགོད་མིན་དོ་དམ་པའི་དབང་ན་ཡོད་པས་ཁོ་ཚོའི་ལག་རེད་མོད།རང་གི་བྲིས་རྩོམ་གྱི༼རྭ༽གཅོད་མིན་རང་གི་ལག་རེད་པས།ང་ཚོས་རང་གི་བྲིས་རྩོམ་གྱི༼རྭ༽ལ་བདག་ཡག་པོ་བྱེད་དགོས་པར་འདོད།༼རྭ༽མེད་པའི་བྲིས་རྩོམ་ནི༼མགོ་རྡོ༽རེད་ལ།༼མགོ་རྡོ༽དག་གིས་ཅི་ཞིག་ནུས་སམ།

གསོམ་བུ།

ཟིན་བྲིས་སྤེལ་མཁན་གྱིས་རང་ཉིད་ཀྱི་རྩོམ་ཡིག་གི་རིགས་ལ་མ་བལྟས་པར།གང་འདོད་དུ་ལེ་ཚན་སྣ་ཚོགས་སུ་འགོད་པ་ནི་ཟིན་བྲིས་བཟོ་མཁན་དང་སྤེལ་མཁན་གཉིས་ཀྱི་བར་ཐག་ཅིག་ཡིན་པ་འདྲ།

སྦྱིན་པ།

གུས་པོས་བསམ་པར་རྩོམ་ཞིག་འབྲི་སྐབས།ངེས་པར་དུ་དོ་སྣང་དགོས་པ་ནི་ཡུལ་སྐད་ཕྱོགས་རེ་བ་མི་འདྲེས་པ་དེ་རེད་འདོད།

རྣོ་ཟུར།

ད་ལྟ་དྲ་རྩོམ་གཉེར་བའི་དཔུང་སྡེ་ནི་གཙོ་བོ་གསར་བུ་གསར་མོ་རེད་ལ།ལ་ལར་སྐྱོན་ཞིག་ཡོད་པར་འདོད་པ་ནི།ཁ་བྱང་གི་འགུག་ཤུགས་ལས་ནང་དོན་ལ་དེ་འདྲའི་གཙིག་ཆེན་བྱས་མེད་པ་ལྟ་བུ།དཔེར་ན། ཀློག་པ་པོར་ཆ་རྒྱུས་མངའ་བའི་དོན་དག་ཅིག་གི་ངོས་ནས་གླེང་བ་མང་ཀི

ཁ་བ་སྙིང་ལྕགས།

བོད་ཀྱི་དྲ་བའི་རིག་གནས་དར་ནས་ལོ་འགའ་མ་གཏོགས་འགོར་མེད་ནའང་།འདིའི་ཕྱོགས་ཀྱི་གླེང་བརྗོད་ཤིན་ཏུ་ཆེ་ཞིང་།ཚ་ཚ་འུར་འུར་དུ་གྱུར་ཡོད།ཡིན་ནའང་།ད་ལྟ་བོད་ཀྱི་དྲ་བ་ཁག་ཏུ་གླེང་རིན་ཡོད་པའི་རྩོམ་ཡིག་མང་པོ་ཞིག་མཐོང་རྒྱུ་མི་འདུག་ལ།ཟིན་བྲིས་སྤེལ་མཁན་དང་ཀློག་མཁན་གང་ཡིན་ཀྱང་གཟབ་ནན་གྱི་ཆ་དེ་འདྲ་མེད་པས།དྲ་བའི་རྩོམ་རིག་གི་རྒྱུ་སྤུས་དེ་སྤྱིའི་ཆ་ནས་ཉམ་ཞན་དུ་གྱུར་ཡོད།

དབལ་ཤུལ་བུ་ཆུང་།

དྲ་ཐོག་རྩོམ་རིག་གི་ལས་འདི་མི་བུ་སྦྱོང་བརྡར་བྱེད་པའི་ལམ་ཁ་ཞིག་ཡིན་པས་ཆ་ནས།རྩོམ་གང་དང་གང་ཡིན་རུང་།རང་ཉིད་ཀྱི་ཆེད་དུ་སྤེལ་བ་མ་ཡིན་པར།ཀློག་པ་པོའི་གདེང་འཇོག་དང་དཔྱད་བརྗོད་ཀྱི་ཆ་ནས་བསམ་གཞིག་ཡང་དག་ཅིག་བྱ་རྒྱུ་གལ་ཆེ་བར་འདོད།

གླག

དྲ་རྩོམ་ནི་སྐད་ཅིག་ཐོག་མའི་ནང་དུ་ཀློག་པ་པོའི་མིག་མདུན་དུ་བསྟར་ཐུབ་པས།དེ་ནི་རྩོམ་པོ་གང་དེའི་སྐབས་དེའི་སེམས་ཀྱིས་བརྗོད་འདོད་པའི་སྐད་ཆ་རེད།དེ་ལྟ་ན།ང་ཚོ་ཚང་མ་ན་གཞོན་རེད་པས།ཆོས་ལུགས་དང་ཀུན་སྤྱོད་མ་ལག སྒྲིགས་འཛིན་ཡོད་ཅོག་དང་མཐུན་མི་མཐུན་ལ་འདང་རྒྱག་ཅི་ཡང་མེད་པའི་སྒོ་ནས།རང་གི་བཤད་འདོད་པ་གང་དེ་མི་སྦེད་མི་གསང་མི་འཁྲབ་པར།དམར་ཧྲེངས་ཧྲེངས་སུ་སྒོ་ལ་ཅི་ཤོམས་དང་བྱོ་ཅི་ཐུབ་བྱས་ན་དེ་ནི་མཛེས་པོ་རེད་དེ།་མི་རབས་གསར་བའི་ཁྱད་ཆོས་གཙོ་བོའང་དེ་རེད་དོ།

RE:དྲ་རྩོམ་བགྲོ་གླེང་སྐོར་གྱི་གནས་ཚུལ་གསར་བ།
[ 2011-4-25 22:01:07 | By: lmgo ]

ཁྱེད་ཅག་གིས་འདི་ལྟར་བགྲོ་གླེང་བྱས་པར་བཀའ་དྲིན་རབ་ཏུ་ཆེ།  མུ་མཐུད་དུ་བྱ་ར་བྱེད་པ་དང་སྐུལ་སློང་བྱེད་པ་ནི་གནད་ཀྱི་དོན་པོ་རེད།  བཟའ་འཁོར་རེ་འམ་ཡང་ན་གཟའ་འཁོར་གཉིས་རེ་ཡི་སྐབས་དང་བསྟུན་ནས་དྲ་ཚིགས་ལ་བསམ་འཆར་དང་སྐུལ་འདེད་གཏོང་རྒྱུ་དང་དམིགས་བསལ་གྱི་རྩོམ་ཡིག་ལ་དཔྱད་པ་གཏོང་བ་སོགས་བྱས་ན་ཕན་རླབས་ཆེ་བར་འདོད།  ད་དུང་ཟིན་བྲིས་ལ་སྐུལ་འདེད་གཏོང་བ་དང་ཟིན་བདག་རེ་རེར་རེ་སྐུལ་བྱ་རྒྱུ་ཡང་ཡོད་ན་རེད།  དེ་མིན་ང་ཚོའི་ཟིན་བྲིས་དགག་སྒྲུབ་ཀྱི་ཆ་ནས་སོང་ན་འགྲིག་མོད།  སྡིག་མོལ་དང་འཁང་ར་ཙམ་གྱི་ངང་དུ་མི་འགྲོ་བར་ཡང་བྱ་དགོས།  དེ་ལས་གཞན་ཟིན་བྲིས་རེ་རེར་རང་རང་གི་ཐུན་མོང་མ་ཡིན་པའི་ལངས་ཕྱོགས་དང་འདོད་ཕྱོགས་ཡོད་པའི་ཁྱད་ཆོས་ཀྱི་སྟེང་ནས་བལྟ་དགོས་པ་དང་།  ཡང་ཟིན་བྲིས་པ་རེ་འགར་དམིགས་ཡིད་ཅི་ཡང་མེད་པར་ཁ་ཐུག་ལ་སྡིག་རྐྱང་བྱེད་པ་དེར་ཡང་ཁྱེད་ཅག་གིས་སྟོབས་ཤུགས་བཏོན་ནས་བགྲོ་གླེང་འདི་འདྲ་བྱས་ན་ན་གཞོན་གསར་བ་དག་གིས་རང་གི་འོས་འགན་སྒྲུབ་པ་དང་འགན་འཁྲི་འཁྱེར་བ་རེད་འདོད།  ངེད་ཅག་ཆ་འཕྲིན་རིག་གནས་སྐྱ་ཟད་སྔོ་རྡུགས་ཀྱི་གནས་བབ་འདིའི་འགན་ཁྱེད་ཅག་གིས་བཟུང་ནས་བསྒྲུབ་རྒྱུར་ཁོ་བོ་ཤིན་ཏུ་དགའ།  མིག་སྔར་གྱི་འགྱུར་བ་ལ་བལྟ་བ་དང་གནས་ལུགས་ཀྱི་རྒྱ་མ་ལ་འཇལ་བ་སོགས་སྐབས་ཀྱི་དགེ་དང་ཕུགས་ཀྱི་དམིགས་སོགས་སོ་སོར་རྩྭ་ཀུ་ཤུའི་རྩེ་མོ་བཞིན་མ་ནོར་བར་བྱ་རྒྱུར་སྨོན་པའོ།།  ང་རང་ཉིད་ལ་མཚོན་ན་ཡང་ཟིན་བྲིས་པ་ཞིག་ཡིན་པའི་ངོས་ནས་རང་གི་འགན་ལེན་དུ་རུང་བ་དག་ཅི་ནུས་སུ་བསྒྲུབ་ངེས་པ་དང་།  རང་ཉིད་ཀྱིས་སྐབས་སོ་སོའི་གནས་བབ་མ་ཚོར་བ་དག་ལ་ཅ་འབྱིད་འདོད་གང་ཡང་མེད་པར་ཞུ་བ་ཡིན།

·གསར་འགྱུར་གོང་མ:ང་ཚོའི་གཞིས་ཁྱིམ་ཆུང་ཆུང་།
·གསར་འགྱུར་འོག་མ:ང་ཚོས་ཅིས་ཀྱང་རོགས་སྐྱོར་བྱ་འོས་བའི་མི་ཞིག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 0:26:50 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:46:37 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 3:06:18 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 72 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS