ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

ང་ཚོས་ཅིས་ཀྱང་རོགས་སྐྱོར་བྱ་འོས་བའི་མི་ཞིག

[རྩོམ་པ་པོ:ཁ་  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2011/4/25 23:48:10  བཀླགས་ཐེངས:1273][ཡིག་གཟུགས:ཡིག་གཟུགས་མདོག]

ང་ཚོས་ཅིས་ཀྱང་རོགས་སྐྱོར་བྱ་འོས་བའི་མི་ཞིག

ཁྱེད་རང་ང་ཡི་མིག་ནང་ན། ཁྱེད་རང་ང་ཡི་སེམས་ཁོང་ན།……… གལ་ཏེ་མི་ཞིག་གི་མིག་ལོང་བར་གྱུར་ཚེ་དེ་ནི་ཅི་འདྲའི་ཡ་བ་དང་ཉམ་ཐག་པ། འཇིགས་སུ་རུང་བ་ཞིག་རེད་ཨང་།
ཁོའི་མིང་ལ་རྒྱལ་ལོ་དང་། ད་ལྟ་ཕོ་ལོ༣༩ཡིན། ཕ་ཡུལ་ནི་མདོ་ལྷོ་སྟེ་རྒྱ་ནག་གི་སྐད་ལ་ཀན་སུའུ་ཀན་ལྷོ་བྱ་བའི་ཁོངས་གཏོགས་གཙོས་གྲོང་ཁྱེར་གྱི་མངའ་ཞབས་ཁ་གྱ་སྟོད་བྱ་བ་སྟེ་རོང་མ་འབྲོག་གི་ས་ཆ་དེ་ཡིན་ལ། ཨ་མ་ཁོ་རང་ཆུང་དུས་སུ་འདས་བས་ད་ལྟ་ཁྱིམ་ནང་དུ་ལོ་ན་རྒས་བའི་ཨ་ཕ་དང་ཆུང་མ། བུ་གཉིས་དང་བུ་མོ་གསུམ་བཅས་བསྡོམས་པས་མི་ལྔ་ལས་མེད། ལྔ་སྐྱོང་ཁྱིམ་ཚང་སོགས་ཀྱི་མིང་བཏགས་མེད་ནའང་། ཁྱིམ་ནང་དུ་ར་ལུག༡༠ཙམ་དང་ཅི་ཡང་མེད་པས། ཁྱིམ་ཚང་གི་ཡོང་འབབ་གཙོ་དེ་ཁོས་ཕྱི་རོལ་ནས་སེན་མགོ་ཁྲག་དང་སེན་རྩ་རྣག་བྱེད་དེ་གསོགས་པའི་སྒོར་རྡོག་དེ་ཚོར་ཁེན་ནས་ཡོད།
ན་ནིང་ཧོར་ཟླ༨པར། རྒྱལ་ལོར་མིག་ནད་ཅིག་ཕོག་སྟེ་མིག་ཤེས་དེ་ཇེ་ཐུ་ཇེ་ཐུ་རུ་གྱུར། ཟླ༡༠བའི་ཚེས་༢༣ཉིན་ཁོ་རང་སེམས་བཟང་ཅན་གྱི་སྡེ་མི་དག་གི་འགྲོ་རོགས་འོག་ཀན་ལྷོ་ཁུལ་མི་དམངས་སྨན་ཁང་ལ་སོང་ནས་ཉིན༩ཙམ་ལ་བརྟགས་དཔྱད་བྱེད་དེ་དམངས་སྒོར་སྟོང༥ཙམ་བརླགས་ཡོད་ན་ཡང་མིག་ལ་དྲག་སྐྱེད་ཡོང་རྒྱུ་ཕར་ཞོག་ཐ་ན་ནད་ངོ་ཙམ་ཡང་མ་ཟིན་པས་སྨན་ཁང་དེ་གས་སྨན་ཁང་གཞན་ཞིག་ཏུ་སྤོར་དགོས་བར་སྐུལ། ཟླ༡༡པའི་ཚེས༥ཉིན། ཁོ་རང་ཕ་ཡུལ་གྱི་སློབ་ཆེན་པ་ཞིག་གི་འགྲོ་རོགས་འོག་ལན་ཀྲུའུ་དམག་གི་སྨན་ཁང་ནང་དུ་སོང་སྟེ་ཉིན༢ལ་བརྟག་དཔྱད་བྱས་མཐར་སྨན་ཁང་གིས་མ་མཐའ་ཡང་སྒོར་མོ་ཁྲི༤མེད་ན་མིག་ནད་འདི་བཅའ་ཐབས་མེད་པར་ལབ་བྱུང་བས། དཔལ་འབྱོར་གྱི་དབུལ་ནས་ཡོད་པའི་ཁོ་རང་ཐབས་ཟད་ཨུ་ཐུག་ཕྱིར་ཕ་ཡུལ་དུ་མི་ལོག་ག་མེད་བྱུང་།
མིག་སྔར་ཁོ་མིག་ནད་དེ་ཇེ་ཐུ་ནས་ཇེ་ཐུ་དང་།  འཇིག་རྟེན་གྱི་གཟུགས་རིས་དག་ཇེ་མོག་ནས་ཇེ་མོག་ཏུ་འགྲོ་བཞིན་པའི་སྒང་ཡིན།
ལས་དབང་ནི་བརྩེ་མེད་ཅིག་ཡིན་ན་ཡང་རང་རེའི་མི་ཚོར་བརྩེ་བ་དང་བྱམས་སྙིང་ཡོད་པ་དྲན་བཞིན་ཁོས་མིག་ནད་ཀྱི་ན་ཟུག་དག་བཟོད་སྲན་གྱིས་ཏེ་སུ་ཞིག་གི་ངེས་དོན་དང་རོགས་སྐྱོར་གྱི་ཕྱག་ཟུང་ལ་རེ་ཞིང་སྒུག་ནས་ཡོད། ངས་འདི་ནས་རང་རེའི་ཆོལ་གསུམ་ཕུ་ནུ་གཙོས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་དགེ་སྦྱོར་བ་དང་བླ་སྤྲུལ་དག ད་དུང་འབྲེལ་ཡོད་ཀྱི་ཚོགས་པ་དང་ལས་རིགས་སོ་སོའི་ཕུ་ནུ་དག་ལ་འབོད་སྐུལ་ཞུས་བ་ཡིན། ང་ཚོས་གང་མགྱོགས་དང་ཅི་ཐུབ་སྒོས་མི་ཕོ་འདི་ལ་རོགས་བྱས་ཏེ་ཁོའི་འཚོ་བར་བདེ་སྐྱིད་ཀྱི་འོད་སྣང་གསར་བ་ཞིག་འདྲེན་རྒྱུ་དང་།  བྱམས་བརྩེ་ནི་མུན་ནག་ལས་རྒྱལ་ཐུབ་པར་བདེན་དཔང་ཞིག་བྱ་རྒྱུ། ཁོའི་བུ་དང་བུ་མོ་ཚོས་མུ་མཐུད་དུ་ཀ་ཁའི་ཤེས་རིག་གི་ལྡིང་ཁང་དུ་མདུན་ལམ་གསར་བ་ཞིག་རྙེད་ཐུབ་རྒྱུར་སྨོན་ ལམ་དང་རེ་འབོད་སྙིང་ནས་ཞུའོ། །
རྒྱལ་ལོའི་ཨ་ཕ་དང་ཆུང་མ་བུ་ཆུང་བ་དང་བུ་མོ།༼བུ་ཆེ་དང་རྒྱལ་ལོ་གཉིས་སྐབས་འདིར་ཉལ་ཁང་ནང་ན་ཡོད༽

ཁྱིམ་གྱི་དངོས་གསོག་དང་ཉལ་ཁང་།
མིག་ནད་དང་འབྲེལ་ཡོད་ཡིག་ཚགས།
རྒྱལ་ལོ་དང་ཁོའི་ཨ་ཕའི་ཐོབ་དཔང་།

བཅར་འདྲའི་བརྙན་ཐུང་། http://v.youku.com/v_show/id_XMjUxMDA1MDQw.html

ནད་པའི་འབྲེལ་ཡོད་ཡིག་ཚགས།
མིང་།  རྒྱལ་ལོ།   མི་རིགས།  བོད།     སྐྱེས་སྐར། 1972ལོ་ཟླ5ཚེས23ཉིན།    སྡོད་གནས།  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་ཁ་གྱ་སྟོད་ཞང་སྔོ་འཁྱིག་སྡེ་བ།
ཐོབ་དཔང་ཨང་རྟགས།     623001197205234019
འབྲེལ་གཏུགས་བྱ་ས།  1
མིང་།  ཚེ་རྒན།  ༼ནད་པའི་ཕ༽
སྡོད་གནས། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་ཁ་གྱ་སྟོད་ཞང་སྔོ་འཁྱིག་སྡེ་བ།   ༼གནས་འདི་ན་ལག་འཁྱེར་ཁ་པར་གྱི་བརྡ་རྟགས་མེད༽
ཁ་པར།  0941-8259165༼ཚེ་རྒན་ནམ་རྒྱལ་ལོ་ལ་སྐོར་དགོས༽

ནད་པའི་དངུལ་བྱང་།
བྱང་བུའི་མིང་།  རྒྱལ་ལོ།
དངུལ་ཁང་།  ཀྲུང་གོའི་ཞིང་ལས་དངུལ་ཁང་།
བྱང་བུའི་ཨང་གྲངས།  6228 4840 5047 2256 511

འབྲེལ་གཏུགས་བྱ་ས།  2
མིང་། དཀའ་ཐུབ་རྒྱལ།༼ཁ་བུ༽
སྡོད་གནས། སི་ཁྲོན་ཁྲིན་ཏུའུ་ལྷོ་ནུབ་མི་རིགས་སློབ་ཆེན་༠༩ལོའི་ཞིབ་འཇུག་སློབ་མ།
ཁ་པར།   13408084299
E-mail:gadanmujia@163.com  QQ:584298669

ནད་པ་སྡོད་སའི་ལམ་ཐིག
ཀན་སུའུ་ཞིང་ཆེན། ཀན་ལྷོ་ཁུལ༼ཁུལ་ཐོག་སྟེ་གཙོས་གྲོང་ཁྱེར༽ཁ་གྱ་སྟོད།  སྔོ་འཁྱིག་སྡེ་བ།

གལ་ཏེ་ཁྱེད་ལ་ནད་པའི་ཞིབ་ཕྲའི་གནས་ཚུལ་མཁོ་ཚེ་ང་ལ་འབྲེལ་བ་བྱོས། ཞལ་དྲོ།
༢༠༡༡  ༤  ༢༠ ཉིན།  ཁ་བུས་གུས་ཕུལ།
·གསར་འགྱུར་གོང་མ:ནུབ་བྱང་དུ་དྲ་རྩོམ་བགྲོ་གླེང་སྤེལ་བ།
·གསར་འགྱུར་འོག་མ:བསོད་ནམས་དབང་ཀླུང་ཡར་ལ་སྐྱོད།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 17:26:47 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 22:16:29 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 9:24:13 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 41 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS