ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

ལམ་བཟང་གཟའ་སྤེན་པའི་བགྲོ་གླེང་།

[རྩོམ་པ་པོ:གཡུལ་རྒྱལ།  ཡོང་ཁུངས:ཆོས་གྲོགས་དྲ་བ།  དུས་ཚོད:2011/5/9 18:03:57  བཀླགས་ཐེངས:1149][ཡིག་གཟུགས:ཡིག་གཟུགས་མདོག]

ལམ་བཟང་གཟའ་སྤེན་པའི་བགྲོ་གླེང་བརྩམས་སྒྲུང་

༼ལུག་ཚེ་ཐར༽སྐོར་གླེང་བ།

གཡུལ་རྒྱལ།

རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།

སྤྱི་ལོ་༢༠༡༡ལོའི་ཟླ་༥ཚེས་༧ཉིན་ལམ་བཟང་གཟའ་སྤེན་པའི་བགྲོ་གླེང་ཐེངས་༣༡པའི་ཐོག་སྐབས་ལྔ་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་སྒྲུང་༼ལུག་ཚེ་ཐར༽གྱི་སྐོར་ལ་བོད་ཀྱི་གྲགས་ཅན་རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་ཀྱིས་སྔོན་འགྲོའི་གཏམ་བཤད་དང་འབྲེལ་བགྲོ་གླེང་དེ་དབུ་ཚུགས་སོང་།

ཐེངས་འདིའི་བགྲོ་གླེང་ནང་ལྷ་ས་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་སློབ་མ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་གྱ་བཅུ་ལྷག་ཙམ་ཞིག་མཉམ་བཞུགས་བྱས་འདུག

དེ་ཡང་དང་ཐོག་ཁོང་གིས་ད་ལྟའི་དུས་རབས་འདིར་དེང་དུས་རིག་གནས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་མི་རིགས་ཀྱི་རིག་གནས་དེ་ཚོ་ཉམས་ཞན་དུ་གྱུར་དང་འགྱུར་བཞིན་པ་ནི་ཀྲུང་གོ་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཡོངས་ཀྱི་གནས་ཚུལ་ཞིག་ཆགས་ཡོད།  དེར་བརྟེན་ང་ཚོའི་ན་གཞོན་ཚོར་རང་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་དར་འཕེལ་བྱེད་རྒྱུའི་དམིགས་བསལ་འོས་འགན་ཡོད་ཞེས་གསུངས་པ་དང་།  ཁོང་རང་ཉིད་ཀྱིས་བརྩམས་པའི་སྒྲུང་༼ལུག་ཚེ་ཐར༽དེར་གཞན་དང་མི་འདྲ་བའི་རྩོམ་རྩལ་མིང་མཐའ་གཉིས་པ་བེད་སྤྱད་པ་དང་།  རང་མི་རིགས་ཀྱི་རིག་གནས་ཀྱི་གཞི་བྱས་ཏེ་ཐུན་མོང་མ་ཡིན་པའི་མི་གཤིས་སོགས་མཚོན་ཐབས་བྱས་པས་འཇིག་རྟེན་གྱི་ལྟ་ཚུལ་མི་འདྲ་བའི་མི་རིགས་ཁག་དང་འཛམ་གླིང་སྤྱི་ཡོངས་ཀྱི་ཀློག་པ་པོའི་བློ་སྒོ་འབྱེད་པར་ནུས་པ་ཆེན་པོ་ཐོན་ཏེ་ཁོང་ཚོས་འདེང་འཇོག་དང་དགའ་མོས་བྱེད་ཀྱིན་འདུག   རྗེས་སུ་ཁྱེད་ཚོས་རྩོམ་ཡིག་བྲི་སྐབས་ངེས་པར་དུ་རང་མི་རིགས་ཀྱི་རིག་གནས་དང་ཁ་བྲལ་ཏེ་རྩོམ་ཡིག་རྩ་བ་ནས་མ་བྲི་རོགས་ཞེས་སློབ་མ་ཚོར་རེ་སྐུལ་ཡང་གནང་སོང་།   ཁོང་རང་ཉིད་ལ་ཡང་ལོ་ངོ་བཅོ་བརྒྱད་ལྷག་གི་རྩོམ་འབྲིའི་རྒྱུད་རིམ་དང་ད་ལྟའི་རྒྱ་ཡིག་གི་རྩོམ་འབྲིའི་ཚད་གཞི་འདིར་སླེབས་པའི་རྒྱུ་རྐྱེན་གཙོ་བོའམ་དགའ་ཚོར་བྱེད་དགོས་པ་ཞིག་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་ལ་བསྐྱོད་ཐུབ་པ་དེའི་འབྲས་བུ་ཡིན་པ་དང་།   གལ་ཏེ་བོད་ཡིག་ཚན་ཁག་ལ་འགྲོ་ཐུབ་མེད་ཚེ་ད་ལྟའི་སྒྲུང་དེ་འབྲི་ཐུབ་ཀྱི་མེད་པ་ཁས་ལེན་བྱེད་ཀྱི་འདུག

ད་ལྟའི་བོད་ཀྱི་རྩོམ་ཡིག་གི་གནས་བབ་དེ་རྒྱལ་ཡོངས་ཀྱི་རིམ་པ་གཉིས་པར་སླེབས་ཀྱི་འདུག་པས་མ་འོངས་པར་ང་ཚོས་རང་མི་རིགས་ཀྱི་རིག་གནས་ལ་སྣང་ཆུང་གཏན་ནས་མ་བྱས་པར་རྒྱུན་འཛིན་བྱས་པ་ཡིན་ན།  ང་ཚོའི་རྩོམ་རིག་གི་ལམ་བུར་གཡུར་དུ་གཟར་བའི་འབྲས་བུ་ཐོབ་པའི་རེ་བ་ཆེན་པོ་ཡོད་ལ་སླད་འཛམ་གླིང་དུ་སྐད་གྲགས་ཆོད་པའི་༼ནོ་ཝའེ་རྩོམ་རིག་བྱ་དགའ༽ཡང་ཐོབ་པའི་རྩོམ་པ་པོ་ཐོན་ཐུབ་པའི་ཡིད་ཆེས་ཡོད།   ད་དུང་བརྩམས་སྒྲུང་ནི་ལོ་རྒྱུས་ཀྱི་ཤ་དང་རུས་པ་ལྟ་བུ་ཡིན་པ་དེང་དུས་དཔྱད་ཞིབ་པ་མང་པོས་ཡོངས་ཁྱབ་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས་ང་ཚོས་སྒྲུང་བྲི་བའི་དགོས་པ་ཡང་འདི་ལས་མ་འདས།  དེ་ཡང་ང་ཚོས་སྒྲུང་རྩོམ་བྲི་བའི་སྐབས་སུ་ངེས་པར་དུ་དུས་རབས་དང་འཚམས་པའི་སྒོ་ནས་འབྲི་དགོས་ཤིང་དཔེར་ན་དུས་རབས་གོང་མར་ཕྱི་རྒྱལ་གྱི་འཁྲབ་གཞུང་རྩོམ་ཡིག་༼ཀ་ཏོའོ་སྒྲུག་པ༽ཞེས་པ་དེའི་ནང་དོན་ལ་དེ་ཙམ་གྱི་སྙིང་པོ་མེད་རུང་སྐབས་དེའི་སྤྱི་ཚོགས་ལ་ཟུར་ཟ་དང་ངོ་རྒོལ་བྱེད་པའི་རྣམ་པ་ཞིག་མཚོན་ཡོད།

དུས་རྒྱུན་ང་ཚོས་རྩོམ་ཡིག་བྲི་བའི་སྐབས་སུ་མི་སྣའི་རང་བཞིན་མཐའ་གཅིག་ཏུ་ལེགས་ཉེས་གཏན་འཁེལ་དུ་ངོས་འཛིན་གྱི་ཡོད།   ཡིན་ནའང་དངོས་ཡོད་འཚོ་བའི་ནང་གང་ཟག་གཅིག་གི་སྟེང་དུ་དགེ་སྐྱོན་གཉིས་ཀ་འཛོམས་པའི་ཕུན་སུམ་ཚོགས་པོ་ཞིག་ཡིན་པར་བརྟེན་དུས་ཕྱིས་རྩོམ་ཡིག་གི་ཁྱབ་ཁོངས་ཡང་རྒྱ་ཆེ་རུ་ཕྱིན་ཡོད།   ང་རང་གི་ངོས་ནས་བཤད་ན་གནས་ཚུལ་བྱུང་ཚད་སྒྲུང་རྩོམ་གྱི་བརྗོད་བྱར་ངོས་འཛིན་གྱི་མེད།  སྒྲུང་ཞིག་ཡིན་ན་མི་དང་མིའི་བར་གྱི་བརྩེ་བ་དང་འགལ་ཟླ།  མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་སོགས་མིའི་རིགས་ཀྱི་མ་འོངས་པའི་ཁ་ཕྱོགས་སྟོན་ཐུབ་པའི་ནུས་པ་ལྡན་དགོས་པ་སོགས་བརྩམས་སྒྲུང༼ལུག་ཚེ་ཐར༽གྱི་སྐོར་ལ་ཡང་གསར་རྩོམ་གྱི་བརྒྱུད་རིམ་དང་། བརྩམས་སྒྲུང་དེ་ཉིད་ལས་བོད་རིགས་སམ་བོད་ལྗོངས་ཀྱི་རིག་གནས་རྒྱབ་ལྗོངས་སུ་བགྱིས་ཏེ་རྩོམ་རིག་གསར་རྩོམ་གྱི་མ་འོངས་ཁ་ཕྱོགས་ལ་བལྟ་བ། བརྩམས་སྒྲུང་གསར་རྩོམ་བྱེད་དགོས་པའི་རྒྱུ་མཚན་དང་དོན་སྙིང་། དེང་རབས་བོད་ཀྱི་རྩོམ་རིག་གི་གནས་སྟངས་བཅས་དོན་ཚན་བཞིར་དབྱེ་གནང་བ་དང་། བརྩམས་སྒྲུང༼ལུག་ཚེ་ཐར༽གསར་རྩོམ་གྱི་བརྒྱུད་རིམ་དེ་ལའང ༡༽བརྩམས་སྒྲུང་འདི་བྲིས་དགོས་པའི་རྒྱུ་མཚན་དང་། ༢༽བརྗོད་དོན་གང་འདྲ་ཞིག་གླེང་དགོས་པ། ༣༽གསར་རྩོམ་ཐབས་རྩལ་རང་བཞིན་གྱི་རྒྱུན་ལྡན་རྩོམ་རྩལ་ལས་བརྒལ་བ་བཅས་དོན་ཚན་གསུམ་གྱི་ཐོག་ནས་ངོ་སྤྲོད་ཞིབ་པར་གནང་རྗེས་བརྩམས་སྒྲུང་ལུག་ཚེ་ཐར་དང་འབྲེལ་བའི་སློབ་མའི་དྲི་བ་ཁག་ལའང་ལན་ཁ་གསལ་གནང་སོང་།

སློབ་མས་དྲི་བ་འདོན་བཞིན་པ།

·གསར་འགྱུར་གོང་མ:རྩིས་རིག་དྲ་བ་ཞིག་ལེགས་འགྲུབ་བྱུང་འདུག
·གསར་འགྱུར་འོག་མ:༼འབྲོང་རྭའི་༽རྩོམ་བརྡ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 8:27:18 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 11:25:09 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 16:57:26 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS