《འབྲོང་རྭའི》རྩོམ་བརྡ།
རྣོ་མིག
དུས་ཚོད་ཀྱི་འཁོར་འགྲོས་གུས་རྟག་གིས་བཞུར་བས་ན།ན་ནིང་གི་དབྱར་ཟླ་བདུན་པའི་ནང་གཉོམ་དུང་དུང་གིས་ངང་མི་ཡུལ་དུ་རྡོག་ཐོན་བྱས་ཤིང་མུ་མཐུད་དུ་ཚེ་སྲོག་གི་རྒྱུན་ཐག་ངེས་ཅན་ཞིག་གི་བར་ལ་གསོན་ཐག་ཆོད་ཡིན་པའི《འབྲོང་རྭ》ལོ་དེབ་ཡང་བསྐྱར་དེབ་ཕྲེང་གཉིས་པ་བསྐྲུན་དགོས་པའི་དུས་ལ་བབ་བྱུང་།ད་ཐེངས་ཡང་རྩོམ་སྒྲིག་པ་སྔོན་མ་ཚོའི་སྒྲིག་སྟངས་དང་བསམ་ཚུལ་ལྟར།འབོལ་རྩོམ(བསྒྱུར་རྩོམ་དང་དཔྱད་རྩོམ་གཉིས་འདུ)ཆེད་འགོད་ཀྱི་ཚོགས་དེབ་ཅིག་ཏུ་བསྐྲུན་རྩིས་ཡོད་སྟབས།འདི་ལྟ་བུའི་ལོ་དེབ་གྲལ་མཐའ་ན་འདུག་པ་ཚོར་སྐུལ་འདེད་དང་ཡར་འཐེན་གྱི་ཀུན་སློང་གཙང་ཞིང་ལྷག་བསམ་དཀར་བའི་རང་རེའི་སྨྱུན་འཛིན་པ་ཀུན་ནས།རང་གི་ཤ་ཁྲག་གི་རྔུལ་ཆུས་བརླན་པའི་བྲིས་རྩོམ་རེས་རོགས་རམ་དང་དབུལ་སྐྱོར་གནང་རོགས་ཞུ། །
1. རྩོམ་ལུས་ཀྱི་ཐད།༼འབོལ་རྩོམ་དང་བསྒྱུར་རྩོམ།དཔྱད་རྩོམ་བཅས་ལས་གང་ཡིན་རུང་།༽
2. རྩོམ་སྐུར་ཡུན།༼ལོ་ཁུངས་འདིའི་སྤྱི་ཟླ༦ཚེས༣༠བར་དུ།༽
གླེང་མོལ་ཡིན་ཟམ།756953454 གཉིས་སྟབས་གང་བདེས་སྐུར་ཆོག་ལ། གཞན་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་སུ་ཡོད་མཁན་ཚོས།༼རྣོ་མིག་གི་ཟིན་བྲིས༽སུ་སྐད་བཞག་ཀྱང་ཆོག་པ་ཡིན།༽