ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཚོང་ལམ
གསར་འགྱུར་ཀློག་པ།

ལྷ་མོ་བླ་མཚོ་སྒྱུ་རྩལ་གླིང་གི་དབུ་འཛིན་རྡོ་རྗེ་དོན་འགྲུབ།

[རྩོམ་པ་པོ:བོད་  ཡོང་ཁུངས:ངེད་་དྲ་བ།  དུས་ཚོད:2011/5/14 12:53:45  བཀླགས་ཐེངས:1626][ཡིག་གཟུགས:ཡིག་གཟུགས་མདོག]
༄༅། །བོད་ལྗོངས་ལྷ་མོ་བླ་མཚོ་སྒྱུ་རྩལ་གླིང་གི་དབུ་འཛིན་རྡོ་རྗེ་
དོན་གྲུབ་ཀྱི་ལོ་རྒྱུས་མདོར་བསྡུས། །

༡ ཁོང་ད་ལྟ་རྒྱལ་ཁབ་རིམ་པའི་བོད་ལྗོངས་ཀྱི་རིག་གནས་ཐོན་ལས་རྣམ་གྲངས་ཀྱི་འགན་གཙོ་དང་འཆར་འགོད་གཙོ་བོ་དང་།
༢ ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུང་ཧྭ་བོད་ཡིག་གསུངས་རབས་གཏེར་མཛོད་ཆེན་མོའི་བློ་འདྲི་ཡུལ།
༣ ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་མགྲོན་ཞུའི་སློབ་དཔོན།
༤ ཤམ་བྷ་ལའི་རིག་གནས་འགྲེམ་སྟོན་གླིང་གི་བློ་འདྲི་ཡུལ།
༥ ཀྲུང་གོའི་གེ་སར་སྟོང་ཐང་ཆེན་མོའི་རི་མོའི་སྒྱུ་རྩལ་གྱི་བློ་འདྲི་ཡུལ།
༦ ཀྲུང་གོའི་ཐང་ཁ་རིག་དངོས་འགྲེམས་སྟོན་ཁང་གསར་བཞེང་གི་བློ་འདྲི་ཡུལ།
༧ ༢༠༡༠ལོར་བོད་ལྗོངས་ཐེངས་དང་པོའི་ཐང་ཁའི་སྒྱུ་རྩལ་འགྲན་ཚོགས་ཀྱི་དཔྱད་འདེམས་པ།
༨ རྡོར་ལུགས་ཐང་ཁ་གསར་པའི་སྲོལ་གཏོད་པ་པོ་བཅས་ཀྱི་འགན་བཞེས་མྱོང༌།

དེ་ཡང་ཁོང་ནི་༡༩༦༧ལོ་ཟླ་བ་༦པའི་ཚེས་༦ལ་ཁམས་མི་ཉག་ལྷ་སྒང་ཁོང་གི་སྐུ་ནང་སྡེ་བར་ཉན་ཤུལ་གྱི་རིགས་སུ་སྐྱེས། ཁོང་གི་ཞང་པོ་ཉན་ཤུལ་རྒྱལ་ཁོའམ་དཀོན་མཆོག་རྣམ་རྒྱལ་དང༌། ཉན་ཤུལ་རྒྱལ་དབང་ཉི་མ། ཉན་ཤུལ་མཁྱེན་རབ་འོད་གསལ་དང༌། ཉན་ཤུལ་འཇམ་དབྱངས་གྲགས་པ་སོགས་ལས་བོད་ཡིག་དང་སུམ་རྟགས་དག་གསུམ། སྙན་ངག་སོགས་ལ་སྦྱངས། དེ་ནས་གྲྭ་པ་བྱས་ཤིང་སྐུ་ནང་དགོན་ལ་ཞུགས། དཔལ་རི་དགོན་པ་གསར་བཞེངས་ལ་འགན་ཁུར་ཅུང་ཟད་བྱས། མི་ཉག་རག་ཤུལ་སྤྲུལ་སྐུའི་མདུན་ནས་སྔོན་འགྲོ་དང་ཁྲིད་ཡིག་ཡེ་ཤེས་བླ་མ་དང་ཆོས་རྒྱལ་གླིང་པའི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ཐོབ། དེ་ནས་མཁན་ཆེན་འཇིགས་མེད་ཕུན་ཚོགས་མི་ཉག་བེ་ལོ་རི་ཁྲོད་དུ་ཕེབ་པའི་མདུན་ནས་བཀའ་ཆོས་དབང་ལུང་མན་ངག་ཟབ་ཆོས་དང་བཅས་པ་ཐོབ། དེ་ནས་སྐྱིད་ལེགས་སྤྲུལ་སྐུའི་མདུན་ནས་དུས་འཁོར་གཙོས་པའི་སྔགས་གསར་མའི་དབང་ལུང་ཆ་ཚང་དང་ཁྲིད་ཁ་ཤས་ཀྱང་ཐོབ། དེ་ནས་ཞིང་ཆེན་བོད་ཡིག་སློབ་གྲྭ་མགར་ཐར་པལ་སྨད་ལ་སྤོས་དུས་སློབ་གྲྭ་དེར་ཞུགས་ནས་བྲག་མཁར་མཁན་པོ་ཚེ་རིང་ཉི་མའི་མདུན་ནས་བྲིས་དང༌། མཁན་པོ་རྩ་ར་ཆོས་གྲགས། སྤྲུལ་སྐུ་པད་རྡོར། ས་འགོ་སྤྲུལ་སྐུ། མི་ཉག་བུ་ཕྲུག སྤྲུལ་སྐུ་ཡེ་ཤེས་དར་རྒྱས་སོགས་ནས་སྙན་ངག་དང་སྡེབ་སྦྱོར་ཚད་མ་དང་བཟོ་རིག་པ་སོགས་སྦྱངས། དེ་ནས་སྡེ་དགེ་པར་ཁང་གི་པར་དཔོན་བཀྲ་ཤིས་རྡོ་རྗེ་དང་སྡེ་རོང་ཚེ་རིང་དོན་གྲུབ། ལྷ་མོ་རྩེའི་སྤྲུལ་སྐུ་དར་རྒྱས་སོགས་དང་མཉམ་དུ་སྡེ་དགེ་པར་ཁང་གི་དཀར་ཆག་ཆ་ཚང་གསར་བསྒྲིགས་དང་པར་ཤིང་ཡོངས་ལ་དག་སྒྲིག་བྱས། དེ་ནས་པཎ་ཆེན་རིན་པོ་ཆེ་བཅུ་པའི་བཀའ་ལྟར་འབར་ཁམས་སུ་བཀའ་འགྱུར་ཐེངས་དང་པོའི་ལྕགས་པར་ལ་ཞུ་དག་ཚོགས་ཆུང་གི་འགོ་འཛིན་གཞོན་པའི་འགན་ཁུར། ༡༩༩༨ལོར་རྔ་པ་བཀྲ་ཤིས་གླིང་རྫོང་ནས་ཡང་པཎ་ཆེན་རིན་པོ་ཆེའི་པེ་ཅིན་གསེར་བྲིས་བསྟན་འགྱུར་ལྕགས་པར་ལ་འགོད་སྐབས་ཞུ་དག་ཚོགས་ཆུང་གི་འགོ་འཛིན་བྱས། དེ་ནས་དར་མདོའི་ཁུལ་སློབ་གསོ་ཅུས་ཀྱིས་གདན་ཞུས་ལྟར་དར་མདོའི་དགེ་འོས་སློབ་གྲྭའི་དགེ་རྒན་ལོ་གཅིག་ལ་བྱས།
༡༩༩༠ལོར་སྐྱ་སར་བབ། དེའི་ལོར་དར་མདོར་ཁམས་པའི་བོད་ཡིག་དཔེ་ཚོང་ཁང་བཙུགས་ནས་ཁམས་ཕྱོགས་ཀྱི་དགོན་སྡེ་མང་པོ་དང༌། སློབ་གྲྭ་མང་པོར་དཔེ་ཆའི་དགོས་མཁོ་བསྐངས། ལས་ཁུངས་དང་སློབ་གྲྭ་དགོན་སྡེ་སོགས་སྡེ་ཁག་བརྒྱ་དང་བདུན་ཅུ་ལྷག་གི་གཟེངས་བསྟོད་ཀྱི་དར་ཆ་དང་ཡིག་ཆ་ཐོབ། ཀྲུང་གོའི་བོད་ལྗོངས་དང་སྦྲང་ཆར་སོགས་སུ་གསར་འགྱུར་མང་པོ་བཀོད། ༡༩༩༣ལོར་ཟི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་དཀར་མཛེས་ཁུལ་ཨུ་དང་སྲིད་གཞུང་བཅས་ཀྱིས་སྔོན་ཐོན་ཚོང་པ་དང་ཕུལ་བྱུང་ཚོང་ལས་པའི་བྱ་དགའ་ཐོབ། ༡༩༩༦ལོར་སྡེ་དགེ་དཀོན་མཆོག་བཀྲ་ཤིས་དང་མཉམ་དུ་ཁྲིན་ཏུ་རུ་མདོ་ཁམས་ལྷ་རིས་གླིང་བཙུགས་ནས་ཀརྨ་སྒར་བྲིས་ཀྱི་རི་མོ་རྒྱུད་འཛིན་དང་དར་སྤེལ་བྱས། ༡༩༩༨ལོར་ལྷ་རིས་གླིང་ལྷ་སར་སྤོས་ནས་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་མིང་བསྒྱུར་ཅིང་ལྷ་མོ་བླ་མཚོ་སྒྱུ་རྩལ་གླིང་ཞེས་བཏགས། སྒྱུ་རྩལ་གླིང་ནས་ད་བར་བོད་ཀྱི་ན་གཞོན་རི་མོ་བ་༣༠༠ལྷག་གསོ་སྐྱོང་བྱས། རི་མོའི་ལུགས་ནི་དང་པོ་ཀརྨ་སྒར་བྲིས་ཀྱི་རྒྱུད་བཟུང༌། དེ་ནས་བཀའ་གདམས་པའི་རི་མོའི་ལུགས་སླར་གསོ་བྱས།  ད་དུང་ལྷ་རིས་ཐམས་ཅད་ཀྱི་ལེགས་ཚོགས་ཕྱོགས་བསྡུས་ཀྱི་རྡོར་ལུགས་རི་མོ་ཞེས་པ་གསར་གཏོད་བྱས་པས་མཁས་པ་མང་པོས་དགའ་བསུ་ཐོབ་པ་དང༌། ཀྲུང་དབྱང་བརྙན་འཕྲིན་སོགས་གསར་འགྱུར་སྡེ་ཁག་༢༠༠ལྷག་གིས་རྒྱལ་ཕྱི་ནང་ལ་ངོ་སྤྲོད་བྱས།
དེ་ནས་ཐོན་མིའི་གནའ་སྤོས་ཀུང་སི་གསར་འཛུགས་བྱས་ནས་བོད་སྤོས་ཀྱི་ཕྱག་རྒྱུན་མ་ཉམས་གོང་འཕེལ་བཏང༌། འགོ་ལོག་དྭ་ཕྲུག་སློབ་གྲྭ་དང༌། རྔ་བ་ཀིརྟི་དགོན། ཁམས་རྫོགས་ཆེན་དགོན། མི་ཉག་གསེར་རྒྱ་སྒོ་དགོན་སོགས་ལ་ཐོན་མིའི་གནའ་སྤོས་ཀྱི་ལག་ལེན་བསླབ་ནས་དར་བར་བྱས། ༢༠༠༣ལོར་རོང་བྲག་གི་བྲག་སྟེང་ཚེ་དབང་དང་མཉམ་དུ་བོད་ལྗོངས་གཉན་ཆེན་ཐང་ལྷའི་འཁྲབ་སྟོན་གླིང་བཙུགས་ནས་ད་བར་བོད་ཀྱི་ན་གཞོན་གླུ་བྲོའི་སྒྱུ་རྩལ་བ་༢༠༠ཙམ་གསོ་སྐྱོང་བྱས།
༢༠༠༩ལོར་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཙོ་བོ་མཛད་ནས་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་གསར་རྩོམ་མཛད་སྐབས་ཀྱི་རྩོམ་སྒྲིག་པར་ཞུགས་པ་དང༌། དང་པོར་རྩོམ་སྒྲིགས་ཀྱི་འཆར་གཞི་དང་ལས་ཀའི་ཕྱོགས་ལ་མཐུན་རྐྱེན་མི་དམན་པ་བསྒྲུབས།   དེ་ནས་ལྷ་ས་རུ་ཐོན་མིའི་གླིང་ཞེས་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཐམས་ཅད་འདུས་པའི་ཡུལ་སྐོར་ཀྱི་གྲོང་སྡེ་ཆེན་པོ་ཞིག་གསར་དུ་འཛུགས་པའི་རྣམ་གྲངས་ཀྱི་འཆར་འགོད་ལ་འབད་ཅིང་ད་ལྟ་གོང་རིམ་ནས་ཆོག་མཆན་ཐོབ་པ་དང༌། ས་ཆ་མུ་གྲུ་བཞི་མ་ཁྲི༡༦༦༠༠༠བཅས་ཐག་གཅོད་ཐུབ་ཡོད། ༢༠༠༨ལོ་ནས་༢༠༠༩བར་རྒྱལ་ཁབ་རིག་གནས་པུའུ་ནས་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་སྡེ་ཁག་གི་ཡིག་ཆ་བོད་ལྗོངས་ཀྱི་དང་པོ་དེ་ཐོབ་ཡོད། གཞན་ཡང་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། གྲོང་ཁྱེར་རིམ་པ་བཅས་ནས་གཟེང་བསྟོད་ཀྱི་ཡིག་ཆ་༥༠ལྷག་ཐོབ་ཡོད། ཁོང་གི་ཚོང་ལས་ནི་བོད་ཀྱི་རིག་གནས་དང་འབྲེལ་ཡོད་ཡིན་པ་དང༌། ལས་མི་རྣམས་ཀྱང་བོད་ཀྱི་ཞིང་འབྲོག་གི་དཔལ་འབྱོར་ཞན་པའི་མི་སྣ་ཤ་སྟག་ཡིན་པ་དང༌། ད་བར་དཀའ་ངལ་ཅན་གྱི་ན་གཞོན་༥༠༠ལྷག་ལ་ཤེས་ཡོན་དང་ལག་རྩལ་བསླབ་ཡོད། ད་ལྟ་ཁོང་གིས་བོད་ཀྱི་སྲོལ་རྒྱུན་གྱི་ལག་ཤེས་དང་སྒྱུ་རྩལ་རྒྱུད་འཛིན་དང་དར་སྤེལ་གྱི་བྱ་བ་གཙོ་བོར་བཟུང་ནས་འབད་བརྩོན་བྱེད་བཞིན་འདུག
སྤྱི་ལོ་༢༠༡༠ལོར་མི་ཉག་ཉན་ཤུལ་གྱི་རྩོམ་པ་པོ་རིམ་བྱུང་གི་བརྩམ་ཡིག་འཚོལ་སྡུད་དང་རྩོམ་སྒྲིག་བྱས་ནས་དེབ་བཅུ་ད་ལྟ་པར་དུ་སྐྲུན་གྱི་ཡོད་འདུག
ཁོང་གི་རྩོམ་ཡིག་ལ་བོད་ཀྱི་རི་མོའི་སྒྱུ་རྩལ་དང་འབྲེལ་བའི་ལོ་རྒྱུས་གཟུགས་འཛིན་ཤེས་པའི་དགའ་སྟོན་དང༌། ལེགས་བཤད་ཐོར་བུ་བཅས་ཡོད་ལ་པར་སྐྲུན་བྱེད་བཞིན་འདུག
ཁོང་གིས་བཙུགས་པའི་ཀུང་སི་དང་སློབ་གྲྭ་སོགས་ལ་ང་ཕོད་ངག་དབང་འཇིགས་མེད་དང་པཎ་ཆེན་བཅུ་གཅིག་པ། མཁན་ཆེན་འཇིགས་མེད་ཕུན་ཚོགས། ཨ་མདོ་བྱམས་པ། མཁན་པོ་ཚུལ་
ཁྲིམས་བློ་གྲོས། སྡེ་རོང་ཚེ་རིང་དོན་གྲུབ། ཞང་པོ་ཉན་ཤུལ་སྤྲུལ་སྐུ་འཇམ་དབྱངས་གྲགས་པ་
སོགས་ཀྱིས་ཕྱག་བྲིས་ཀྱང་ཐོབ་ཡོད།། །།

·གསར་འགྱུར་གོང་མ:༼མཚོ་སྔོན་པོའི་ཞོགས་ཟེར༽རྩོམ་བརྡ།
·གསར་འགྱུར་འོག་མ:སློབ་གསོའི་བརྩམས་ཆོས་གྲཊ་ཅན་གྱི་མཚན་ཐོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·༼སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ༽སློབ་གྲྭ་ངོ་སྤྲོད། 2010/1/2 23:55:20
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:55:29 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:47:42 [来自: 112.5.248.152]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:46:58 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 53 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS