ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

སྒྱུ་རྩལ་པ་སྨན་བླ་སྐྱབས་ཀྱིས་༼ལམ་བཟང་གཟའ་སྤེན་པའི་བགྲོ་གླེང༽འཆད་འཁྲིད།

[རྩོམ་པ་པོ:གཡུལ་རྒྱལ།  ཡོང་ཁུངས:ཆོས་གྲོགས་དྲ་བ།  དུས་ཚོད:2011/5/22 10:10:33  བཀླགས་ཐེངས:1381][ཡིག་གཟུགས:ཡིག་གཟུགས་མདོག]

བོད་ཀྱི་སྙན་ངག་མཁན་དང་སྒྱུ་རྩལ་པ་སྨན་བླ་སྐྱབས་ཀྱིས་༼ལམ་བཟང་གཟའ་སྤེན་པའི་བགྲོ་གླེང༽ཐེངས་༣༣པའི་ཐོག་འཆད་འཁྲིད་གནང་བ།

དགེ་རྒན་སྨན་བླ་སྐྱབས་ཀྱིས་འཆད་འཁྲིད་གནང་བཞིན་པ།

འདི་ཟླའི་ཚེས་༡༩རེ་གཟའ་ཕུར་བུའི་དགོང་དྲོ་ཆུ་ཚོད་༧པའི་ཐོག་ལྷ་ས་ལམ་བཟང་སྐད་ཡིག་སློབ་གྲྭའི་ཐོགས་བརྩེགས་གཉིས་པའི་སློབ་ཁྲིད་ཁང་ཆེན་ནང་ལྷ་ས་ཁུལ་གྱི་སློབ་གྲྭ་ཆེ་མོ་བ་དང་།  ཞིབ་འཇུག་སློབ་མ།  དགེ་རྒན།  དེ་བཞིན་སྤྱི་ཚོགས་སྟེང་ཀྱི་ལས་རིགས་མི་སྣ་སོགས་མི་གྲངས་བརྒྱ་དང་ལྔ་བཅུ་སྐོར་ཞིག་ལ།  དེང་དུས་བོད་ཀྱི་སྐད་དང་རིག་གནས་སྒྱུ་རྩལ་སོགས་ཀྱི་གནས་བབ་ཐད་ལ་སྔོན་འགྲོའི་གསུང་བཤད་མ་གནང་གོང་གཟའ་སྤེན་པའི་བགྲོ་གླེང་གི་གཙོ་སྐྱོང་པ་ས་དམར་གྲགས་པས་བགྲོ་གླེང་གི་སྒྲིག་འཛུགས་དང་།  དགེ་རྒན་སྨན་བླ་སྐྱབས་མཛད་བྲེལ་གྱིས་རྐྱེན་པས་ད་ཐེངས་ཀྱི་བགྲོ་གླེང་སྔོན་བསུ་བྱེད་དགོས་པའི་གསལ་བཤད་གནང་རྗེས་བགྲོ་གླེང་འདི་བཞིན་འགོ་ཚུགས།

འཆད་འཁྲིད་ལ་ཕེབས་པའི་སློབ་མ།

དང་ཐོག་ཁོང་གིས་གསུངས་དོན་ལས་བྲེལ་གྱིས་རྐྱེན་པས་བགྲོ་གླེང་ཁ་བྱང་གྲ་སྒྲིག་བྱེད་ཁོམ་མ་བྱུང་བས་དེ་རིང་གི་དུས་ཐུང་འདི་སྤྱད་དེ་ང་ཚོ་ཕན་ཚུན་བགྲོ་གླེང་དང་བསམ་བློ་བརྗེ་རེས་ཀྱི་ལམ་ནས་ཕྱིན་ན་བསམ་བྱུང་།   ང་རང་གི་ལོ་ངོ་ཉི་ཤུ་སུམ་ཅུའི་ལས་ཀའི་ཉམས་མྱོང་ཐོག་ནས་ཅུང་ཙམ་ཞུས་ན།   གློག་བརྙན་གྱི་སྐད་བསྒྱུར་པ་དང་།   འཁྲབ་འཁྲིད་པ།    ལོ་ཙཱ་བ་དང་ཞུ་ཆེན་སོགས་ལས་ཀ་འདྲ་མིན་བྱས་པ་དང་།   དེ་རྗེས་ཁ་ཤགས་༼དགོད་བྲོའི་གཏམ་གླེང༽དང་གར་ཆུང་༼གཏམ་བརྗོད་ཟློས་གར༽ད་དུང་གཞས་ཚིག་བྲི་བ།   ལས་ཞོར་དུ་གཏམ་རྒྱུད་བྲི་བ་དང་།   འབོལ་རྩོམ།   སྙན་ངག་སོགས་འདྲ་མིན་བྲིས་པ་རྣམས་ལ་མང་ཚོགས་ཀྱིས་གདེང་འཇོག་གང་འཚམས་ཐོབ་ཡོད།
ལོ་རབས་བརྒྱད་བཅུ་ནས་ད་བར་ང་རང་དབུས་གཙང་ཁུལ་དུ་ཐེངས་ཁ་ཤས་སླེབས་མྱོང་བའི་བརྒྱུད་རིམ་ནང་དགའ་འོས་པ་ཞིག་ལ་སྔོན་མ་དང་ད་སྐབས་བསྡུར་ན་བཟང་ཕྱོགས་ཀྱི་འགྱུར་བ་མང་པོ་ཞིག་ཕྱིན་འདུག   ཡིན་ནའང་ད་སྐབས་ལས་རིགས་གང་གི་ཐོག་ཏུ་ཡོད་པའི་བོད་མི་རེ་རེས་རང་གི་སྐད་དང་ཡི་གེར་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད།   དེ་ཡང་མི་རིགས་ཀྱི་སྲོག་རྩ་དེ་སྐད་ལ་ཐུག་ཡོད་པ་དང་། སྐད་ཀྱི་སྲོག་རྩ་དེ་ཡི་གེར་ཐུག་ཡོད།   སྐད་ཡིག་བེད་སྤྱོད་བྱེད་ས་དེའང་རིག་གནས་ལ་ཐུག་ཡོད།   ང་ཚོའི་རིག་གནས་དེ་གཞན་དང་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་དུས་ང་རང་བོད་ཀྱི་ས་ཆ་གང་དུ་ཕྱིན་ཀྱང་ས་དེ་གའི་སྐད་དང་ཡི་གེར་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད།  ད་དུང་ང་ཚོ་མདོ་དབུས་ཁམས་གསུམ་ཕན་ཚུན་འགྲོ་འོང་བྱེད་རྒྱུ་དེའང་གལ་ཆེན་པོར་མཐོང་གི་འདུག

གཤམ་དུ་དྲི་བ་དྲི་ལན་གྱི་ཐོག་ནས་ཁ་བརྡ་བྱས་ན་འདོད།   ཡིན་ན་ཡང་ང་རང་ཤེས་རྒྱ་ཆེན་པོ་མེད་པས་ང་རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་དང་འབྲེལ་བའི་དྲི་བ་འདོན་ན་བསམ་སོང་

སློབ་མས་དྲི་བ་འདོན་བཞིན་པ།

དྲི་བ།   ད་སྐབས་བོད་མདོ་དབུས་ཁམས་གསུམ་དབར་སྤྱི་སྐད་ཞིག་མེད་པས་དཀའ་ངལ་ཡོད་མུས་ཡིན་པར་བརྟེན།  དེ་སྔོན་ཁྱེད་ཀྱིས་ཁ་ཤགས་དང་གར་ཆུང་སོགས་མང་པོ་ཞིག་བྲིས་ཡོད་ཀྱང་དེ་ཚོ་བོད་སྤྱི་ཡོངས་ཀྱིས་གོ་ཐུབ་པའི་སྤྱི་སྐད་ཀྱི་ལམ་ནས་ཕན་ཚུན་གོ་བརྡ་འཕྲོད་མིན་ཐད་བསམ་བློ་གཏོང་མྱོང་ངམ།
དྲི་ལན། འཛམ་གླིང་སྤྱི་ཡོངས་ཀྱི་དབང་དུ་བྱས་ན་རིག་གནས་དང་སྒྱུ་རྩལ་གྱི་རིན་ཐང་དེ་དུས་ནམ་ཡང་ཉམས་པ་མེད།  སླད་ང་ཚོས་བོད་ཀྱི་ས་ཆ་རེ་རེར་བསྐྱོད་ནས་ཡུལ་སྐད་དང་གྲོང་སྐད་མི་འདྲ་བར་སློབ་སྦྱོང་བྱས་ཏེ་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བཏོན་ཐུབ་ན་ཕན་ཚུན་གོ་བརྡ་འཕྲོད་པའམ་ང་ཚོའི་སྤྱི་སྐད་ཅིག་ཆགས་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད།   དེ་སྔོན་ཡང་ང་ལ་ཁྱོད་ཀྱི་ཁ་ཤགས་དེ་ཚོ་ལྷ་སའི་སྐད་ཀྱི་ཐོག་ནས་བཤད་ཐུབ་ན་ལྷ་ས་ནས་དགའ་བསུ་ཆེན་པོ་ཐོབ་ངེས་རེད་ཅེས་བཤད་མྱོང་། ངས་ཀྱང་དེའི་ཐད་བསམ་བློ་བཏང་མྱོང་། བོད་སྤྱི་ཡི་དབང་དུ་བྱས་ན་ཡུལ་སྐད་ཆེན་པོ་གསུམ་ཡོད་པ་དང་། དེ་ཚོའང་སྒྲ་འབྱུང་སྟངས་གི་ཁྱད་པར་ཙམ་ལས་དོན་གྱི་ཡིག་སྐད་ལ་ཁྱད་པར་གང་ཡང་མེད། དེ་སྔོན་ཆོ་ག་གསུམ་སོ་སོས་སོ་སོའི་སྐད་དེ་ཡང་དག་པ་ཡིན་ཟེར་ནས་ཕྱོགས་འཛིན་གྱི་བསམ་བློ་ཁྱེར་སྡོད་ཀྱི་ཡོད། དེང་སང་མི་མང་ཆེ་བས་ལྷ་སའི་སྐད་འདིར་སྒྲ་འབྱུང་སྟངས་གང་གི་ཐད་ནས་ཀྱང་ལྷ་སའི་སྐད་དང་མཐུན་པར་དགོས་ཞེས་ཁ་འཆམ་གྱི་ཡོད།  ཡིན་ནའང་ང་རང་ངོས་ནས་བསམ་ན་ཨ་མདོ་བ་དང་ཁམས་པ་ཚོས་ལྷ་སའི་སྐད་ལབ་ཤེས་པ་དང་།   ལྷ་ས་བས་ཀྱང་ཨམ་སྐད་དང་ཁམས་སྐད་སྨྲ་ཤེས་པ་ཞིག་བྱུང་ན་རང་བཞིན་གྱིས་སྤྱི་སྐད་ཞིག་ཆགས་ཐུབ་རྒྱུ་རེད།
སྒྱུ་རྩལ་གྱི་ཆ་ནས་བཤད་ན་གཞས་ཀྱི་སྒྱུ་རྩལ་དེ་གལ་ཆེན་པོ་ཞིག་མཐོང་གི་འདུག   གཞས་ཀྱི་ལམ་ནས་རིག་གནས་རྒྱུད་བསྒྲགས་དང་ཕན་ཚུན་གོ་བརྡ་འཕྲོད་པར་དམིགས་བསལ་ནུས་པ་ཐོན་གྱི་ཡོད་པར་བརྟེན་ངས་ཀྱང་གཞས་ཚིག་སོགས་ཀྱི་ཐད་ལ་ཤུགས་བརྒྱབ་ཀྱི་ཡོད་ལ་གཞན་ལ་ཡང་དེ་ལྟར་སྐུལ་གྱིན་ཡོད།   བརྙན་འཕྲིན་དང་རླུང་འཕྲིན་སོགས་ཀྱི་རྒྱུད་ལམ་དེ་ཚོས་ཀྱང་སྒྱུ་རྩལ་ཁྱབ་བསྒྲགས་བྱེད་པར་ནུས་པ་དང་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་བཞིན་པ་རེད།      ཡིན་ནའང་དེང་སང་མི་འགའ་ཞིག་གིས་གཞས་ཀྱི་གདངས་ལ་མ་གཏོགས་ཚིག་ལ་དོ་སྣང་བྱེད་མཁན་ཧ་ཅང་ཉུང་།    དེ་འདྲ་མུ་མཐུད་ཕྱིན་པ་ཡིན་ན་གོམ་པ་དེ་མགྱོགས་དྲགས་པ་ཡིན་པའི་ཚོར་སྣང་ཞིག་ཡོང་གི་འདུག་ལ་ད་སྐབས་ཀྱི་ང་ཚོའི་སྤྱི་ཚོགས་སྟེང་མི་རིགས་རང་གི་དམངས་གཞས་ཀྱི་རྨང་གཞི་བརྟན་པོ་ཞིག་མེད་ཁར། སྲོལ་རྒྱུན་གྱི་སྒྲ་སྙན་སོགས་ཀྱི་གཞི་རྐང་ཚུགས་མེད་པས་མི་རིགས་གཞན་གྱི་མ་ལེགས་པའི་ཆ་དེ་ཚོ་ཡང་མཉམ་དུ་བསྲེས་ངེས་པས་ག་དུས་ཡིན་ཡང་ཉེན་ཁ་ཆེན་པོ་ཞིག་མཐོང་གི་འདུག   སྙན་ངག་ཡང་དེ་བཞིན་ནོ།

གཞན་ཡང་ཁ་ཤགས་ཀྱི་འབྱུང་ཁུངས་དང་ལོ་རྒྱུས་སོགས་ལ་དྲི་བ་དྲི་ལན་གྱིས་ཐོག་ནས་ཞིབ་རྒྱས་ཤིག་གླེང་ནས་བགྲོ་གླེང་འདི་བཞིན་དུས་ཡུན་ཆུ་ཚོད་གཅིག་ལྷག་གནང་རྗེས་སློབ་མ་ཚོའི་ཐལ་མོའི་རྡེབ་སྒྲའི་ཁྲོད་མཇུག་སྒྲིལ་སོང་།

བགྲོ་གླེང་གཙོ་སྐྱོང་པས་དགེ་རྒན་སྨན་བླ་སྐྱབས་ལ་ཐུགས་ཆེའི་མཇལ་དར་སྒྲོན་པ།

·གསར་འགྱུར་གོང་མ:ཀ་བྲག་བཀྲ་དབྱངས་ཀྱི་ཆེད་སྒྲིག་བརྙན་འཁོར་བཀྲམས་པ།
·གསར་འགྱུར་འོག་མ:གཡང་འཁོར་ནོར་འཕེལ་བོད་ཟས་ཁང་།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཨེ་ཝྃ་ཆོས་སྨན་གླིང་གི་ཡིག་རྒྱུགས་གཉིས་པ་ལེགས་གྲུབ། ། 2012/3/9 21:13:21
·གླིང་སྲས་དྲྭ་ཚིཊ་དྲྭ་ལམ་དུ་སྤེལ་བར་རྟེན་འབྲེལ་ཞུ། 2012/3/8 14:39:04
·སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་དྲུག་པ་ཞལ་བཞེས་བྱུང་བ། 2012/3/8 12:40:57
·བོད་ཀྱི་སྐད་ཡིག་སློབ་གསོའི་གླེང་དེབ་༼སྒྲོན་མེ་འགྲེམ་སྤེལ་བྱས་པ། 2012/3/6 13:51:38
·རྒྱལ་ཡོངས༼སྨོན་ལམ་བུམ་པ་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་བརྡ། 2012/3/6 13:40:44
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 9:18:22 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 12:27:15 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 18:31:24 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS