ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> དཔེ་འཕྲིན
གསར་འགྱུར་ཀློག་པ།

ལམ་བུའི་རྩོམ་བསྡུའི་བརྡ་ཐོ།

[རྩོམ་པ་པོ:ནགས་ཤོད།  ཡོང་ཁུངས:ངེད་་དྲ་བ།  དུས་ཚོད:2011/5/28 12:35:00  བཀླགས་ཐེངས:1180][ཡིག་གཟུགས:ཡིག་གཟུགས་མདོག]
ལམ་བུ་ལོ་དེབ་ཀྱི་རྩོམ་བསྡུའི་བརྡ་ཐོ།

དཀའ་ཁག་གི་ལོ་ཟླ་མང་པོའི་འཕྲང་རིམ་བརྒྱུད་ནས་ཡོང་བའི༼ལམ་བུ༽ལོ་དེབ་ནི་འདོན་ཐེངས་གསུམ་ཙམ་བརྒྱུད་ནས་སྤྱི་ལོ༢༠༡༡ལོར་སླེབས་སོང་། འདི་ལྟར་འདོན་ཐེངས་རེ་འཕུད་ཐུབ་རྗེས་རྩོམ་སྒྲིག་པའི་སེམས་ལ་དགའ་སྤྲོ་ཚད་མེད་རེ་སྐྱེ་སྲིད་ངེས་ལ་གནོན་ཤུགས་ཀྱི་རི་བོ་གསར་པ་ཞིག་ཀྱང་པང་དུ་བླངས་ཚར་བ་རེད། འདི་ལྟར་བཤད་དགོས་པའི་རྒྱུ་མཚན་གང་ལགས་ཟེར་ན། བོད་ལྗོངས
༼ད་ལྟའི་བོད་རང་སྐྱོང་ལྗོངས་༽ཀྱི་མངའ་ཁོངས་ལ་ལྟ་བ་གསར་པའམ་རིག་པ་གསར་པའི་ལོ་དེབ་ཐོག་མ་ནི༼ལམ་བུ་༽ཡིན་ཞེས་བརྗོད་ཆོག་ལ།༼ལམ་བུ་༽ཡིས་སྡེ་ཆེན་གྱི་གཏམ་དང་མི་ཁ་མང་པོ་ཞིག་ལྟག་རྒྱབ་ཏུ་བཞག་ནས་སྙིང་སྟོབས་ཀྱིས་ལངས་ཏེ་བགྲོད་བཞིན་ཡོད་ཀྱང་འདས་ཟིན་པའི་ལོ་གསུམ་གྱི་ནང་དུ་བླ་མ་ཟེར་བའམ་སྤྲུལ་སྐུ་ཟེར་བ་འགའ་དང་ས་ཁུལ་གྱི་སྲིད་འཛིན་སྡེ་ཚན་གྱིས་ས་ཁུལ་སྲིད་གྲོས་དང་ནང་བསྟན་མཐུས་ཚོགས། མི་དམངས་འཐུས་མིའི་ཚོགས་ཆེན་ཟེར་བ་མང་པོ་ཞིག་བེད་སྤྱད་ནས་༼ལམ་བུ་༽ཡིས་སྤྱི་ཚོགས་བདེ་འཇགས་མེད་པའི་གཞི་བཟོ་བ་དང་ཁྲིམས་བཞིན་ཆོས་ལུགས་སྤེལ་མི་བཅུག་མཁན། ད་དུང་སྲིད་ཀྱི་ཞྭ་མོ་སྣ་ཚོགས་གཡོགས་ནས་ཡར་ཞུ་དང་གྱོད་གཏུག་བྱས་ནས་༼ལམ་བུ་༽ཡི་ཚེ་སྲོག་ལ་ཡོམ་ཡོམ་བཟོས་པ་ཐེངས་གཅིག་ག་ལ་ཡིན། སྤྱི་ལོ་༢༠༡༡ལོར་སླེབས་རྗེས་༼ལམ་བུ་༽རྩོམ་སྒྲིག་པ་ཡིས་གཙོ་འགན་འཁུར་ནས་༼གངས་ལྷ་མེ་ཏོག་བསམ་བློའི་བགྲོ་གླེང་༽ཟེར་བའི་བགྲོ་གླེང་གི་ལས་འགུལ་སྤེལ་ནས་༼མིའི་རིན་ཐང་༽དང་༼ཁྲིམས་ཀྱི་འདུ་ཤེས༽༼ན་གཞོན་གྱི་སྙིང་སྟོབས༽༼དུས་རབས་ཀྱི་འགན་འཁྲི་༽༼ཕོ་མོ་འདྲ་མཉམ༽༼གསར་བརྗེ་ཡི་དགོས་དོན༽༼ལམ་བུའི་འགྲེལ་བརྗོད༽སོགས་བགྲོ་གླེང་སྤེལ་ནས་མང་ཚོགས་དང་ཤེས་ཡོན་ཅན་གྱི་སྡེ་ཡི་བར་ལ་བསམ་བློ་བརྗེ་རེས་ཀྱི་གསེར་ཟམ་བཙུགས་ནས་༼ལམ་བུ་༽ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་སོང་། དེ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་ཐོག་ཏུ་སྤྲུལ་སྐུ་དང་དེའི་རྗེས་འབྲངས་རྨོངས་རྒན་མང་པོ་ཞིག་གིས་གྲུབ་འབྲས་དེ་དག་ལ་མཐོང་མི་འདོད་པ་དང་སྤྱི་དོན་རྒྱབ་ཀྱིས་ཕྱོགས་ཤིང་སྒེར་དོན་ལ་ཤི་འཐམ་བྱས་ནས་༼ལྟ་ལོག༽དང༼རྟོགས་སད་ཚོགས་པ༽ཟེར་ནས་ཁ་གཏད་བཅའ་མཁན་དང་གནོན་ཤུགས་སྤྲོད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པས་ང་ཚོའི་རྩོམ་སྒྲིག་པ་ཡིས་བདེན་པ་ནི་ནམ་ཡང་བདེན་པ་དང་ལྷག་པར་དུ་བོད་པ་ཟེར་བ་འདི་ཡི་བདེ་སྡུག་ཁོ་ན་ལ་བསམ་ནས་སྙིང་སྟོབས་མ་ཡལ་བར་༼ལམ་བུ་༽མུ་མཐུད་ནས་འདོན་རྩིས་ཡོད་པས་བདེན་རྫུན་གྱི་སྤྱན་མ་ཟུམ་པའི་རྩོམ་པ་པོའི་ཚོགས་ལ་ཞུ་རྒྱུར།  སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་མི་སེར་གྱི་བདེ་སྡུག་ལ་ཁ་གཏད་ནས་རང་དབང་དང་འདྲ་མཉམ། མི་དོན་མི་རིག་མཚོན་པའི་འབོལ་རྩོམ་དང་ལྷུག་རྩོམ། སྐབས་དོན་དཔྱད་བརྗོད་ཀྱི་རྩོམ་ཡིག་སོགས་བསྐུར་བར་དགའ་བསུ་ཞུ།
སྤྱི་ལོ་༢༠༡༡ལོའི་ཟླ་བ་༦པའི་ཚེས༡༥ཡི་སྔོན་ལ་རྩོམ་ཡིག་བསྡུ་མཚམས་འཇོག་རྒྱུ་ཡིན་པས་མཁྱེན་ལྡན་གྱི་རྩོམ་པ་པོ་རྣམས་ཀྱིས་གང་མགྱོགས་གནང་བར་ཞུ། །

རྩོམ་བསྐུར་ཡུལ། 376668720@qq.com
ནགས་ཤོད་༼ལམ་བུ་༽རྩོམ་སྒྲིག་ཁང་ནས།

·གསར་འགྱུར་གོང་མ:པཎ་ཆེན་རིན་པོ་ཆེའི་གསུང་འབུམ།
·གསར་འགྱུར་འོག་མ:སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·རྩོམ་བརྡ་ལེགས་པོ་ཞིག 2012/11/19 21:39:13
·༼ གསོན་ཤུགས༽ དུས་དེབ་ཀྱི་རྩོམ་བརྡ། 2011/11/23 16:44:44
·ནུབ་བྱང་གི་རྩོམ་བརྡ་གལ་ཆེན་ཞིག ། 2011/10/24 19:56:59
·སློབ་གླིང་རྩོམ་བསྡུའི་བརྡ་ཐོ། 2011/10/14 17:09:51
·༼བོད་༽དེབ་ཀྱི་རྩོམ་བརྡ། 2011/8/26 23:09:44
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:23:25 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:07:09 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 15:02:11 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS