ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

སངས་རྒྱས་ཀྱི་འཁྲུངས་སྐར་སྲུང་བརྩི་ཞུ་བ།

[རྩོམ་པ་པོ:ཀླུ་སྨྱོན།  ཡོང་ཁུངས:སེང་རྡོར་དྲ་བ།  དུས་ཚོད:2011/6/9 23:17:15  བཀླགས་ཐེངས:1048][ཡིག་གཟུགས:ཡིག་གཟུགས་མདོག]

ཁྱེད་རང་སངས་རྒྱས་ཀྱི་འཁྲུངས་སྐར་སྲུང་རྩི་ཞུ་རྒྱུར་གྲ་སྒྲིག་ཨེ་ཡིན།

ཀླུ་སྨྱོན་ཧེ་རུ་ཀ

དེ་རིང་ནི་འདི་ག་བྱང་ཨ་རིའི་ནང་དུ་ས་ག་ཟླ་བའི་ཚེས་པ་བརྒྱད་དང་བོད་ཁ་བ་ཅན་གྱི་ནང་པ་ཚོའི་རྩིས་ལུགས་ཕལ་མོ་ཆེར་སངས་རྒྱས་ཐུགས་རྗེ་ཅན་གྱི་འཁྲུངས་སྐར་ཡིན་པས། བསྟན་དང་སྟོན་པ་གཅིག་པའི་ཆོས་ཀྱི་གྲོགས་པོ་དག་གིས་རང་རེའི་སྟོན་པ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ལམ་སྟོན་ཆེན་པོ་གང་ཉིད་ཀྱི་འཁྲུངས་སྐར་སྲུང་རྩི་རེ་གནང་རྒྱུ་དང་། མྱུར་མགྱོགས་གློག་གི་དྲ་ལམ་བརྒྱུད་དེ་སྟོན་པའི་འཁྲུངས་སྐར་ཤིས་ཤོག་རེ་ཡང་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་རང་གི་གཉེན་ཉེ་དང་གྲོགས་པོ་གྲོགས་མོ་སོགས་ལ་བསྐུར་གནང་ཡོང་བ་དང་། དེ་བཞིན་རང་གི་སྙིང་ཉེ་བ་དག་ལ་སྟོན་པའི་འཁྲུངས་སྐར་ལེགས་སྐྱེས་རེ་ཡང་འབུལ་རྒྱུ་མ་རྗེད་རོགས་གནང་།

སྟོན་པའི་འཁྲུངས་སྐར་ཤིས་ཤོག་བསྐུར་དུ་འགྲོ །
སྟོན་པའི་འཁྲུངས་སྐར་ལེགས་སྐྱེས་ཉོ་རུ་འགྲོ །
སྟོན་པའི་འཁྲུངས་སྐར་གསོལ་སྟོན་བཤམ་དུ་འགྲོ། །
སྟོན་པའི་འཁྲུངས་སྐར་དགེ་བ་བསྒྲུབ་ཏུ་འགྲོ །

ད་དུང་འདི་ནས་ཉིན་དྲུག་བདུན་རྗེས་ཀྱི་བོད་ཚེས་བཅོ་ལྔ་ཉིན་སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་པ་དང་། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཡང་འཁེལ་གྱི་ཡོད་པ་བཅས། ས་ག་ཟླ་བ་འདི་ནི་དུས་ཆེན་གསུམ་འཛོམས་ཀྱི་ཟླ་བ། ཆོས་སྤྱོད་ཀྱི་བྱ་བ་གང་ཞིག་བསྒྲུབ་ཀྱང་ཕན་ཡོན་འགྱུར་སྤྱད་ལྷག་པར་ཆེ་བའི་ཚོགས་བསགས་སྒྲིབ་སྦྱོང་གི་དུས་བཟང་ཞིག་ཡིན་པས། ལྷན་རྒྱས་ནས་དེ་ལུགས་ཐུགས་འཇགས་གནང་སྟེ་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་དྲིན་རྗེས་དྲན་གྱིས་སྡིག་སྤོང་དགེ་སྒྲུབ་དང་དུས་ཆེན་བསྲུང་བརྩི་ཞུ་རྒྱུའི་དགེ་བསྐུལ་གསལ་འདེབས་ཀྱང་ཞུ་བ་ཡིན།

སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་།།

བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་།།

བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས།།

བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག

སྟོན་པ་བླ་ན་མེད་པའི་བསྟན་པ་དང་།།

མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས།།

དགེ་བ་འདི་ཡང་འགྲོ་བ་མ་ལུས་པ།།

བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ།།

·གསར་འགྱུར་གོང་མ:SEE﹒TNC སྐྱེ་ཁམས་བྱ་དགའ།
·གསར་འགྱུར་འོག་མ:སློབ་གསོའི་རོགས་སྐྱོར་སྙན་ཞུ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·འཁྲུངས་སྐར་བདེ་ལེགས། 2013/5/21 10:12:44
·མཁའ་འགྲོ་བདེ་ཆེན་དབང་མོའི་འཁྲུངས་སྐར་ལ་ཕུལ་བ། 2012/12/5 21:21:44
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:32:02 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:06:00 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 22:46:42 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 46 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS