ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
གསར་འགྱུར་ཀློག་པ།

བོད་ལྗོངས་ཀྱི་ལས་རིཊ་ལག་རྩལ་སློབ་གྲྭའི་དོ་དམ་སྐོར་གླེང་བ།

[རྩོམ་པ་པོ:གཉལ་ཕྲུག་རྒྱ་མཚོ།  ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།  དུས་ཚོད:2011/6/13 16:26:34  བཀླགས་ཐེངས:1186][ཡིག་གཟུགས:ཡིག་གཟུགས་མདོག]

རང་ལྗོངས་ཀྱི་ལས་རིགས་ལག་རྩལ་སློབ་གྲྭའི་དོ་དམ་ལས་ཀའི་སྐོར་གླེང་བ།

གཉལ་ཕྲུག་རྒྱ་མཚོ།

ཉེ་བའི་ལོ་ཤས་ནང་རང་ལྗོངས་ཀྱི་ལས་རིགས་ལག་རྩལ་སློབ་གྲྭ་མེད་པ་ནས་ཡོད་པ་དང་།ཡོད་པ་ནས་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད་ལ།  དགེ་རྒན་གྱི་དཔུང་ཁག་རིམ་བཞིན་འཐུས་ཚང་དང་།   སློབ་གྲྭའི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བ་དང་སྦྲགས་ལོ་ན་ཕྲ་ལ་རིག་གནས་བྱང་ཚད་མཐོ་བའི་མགོ་ཁྲིད་དཔུང་ཁག་གསར་བརྗེས་ཀྱིས་སྒྲིག་གཞི་རིམ་བཞིན་འཐུས་ཚང་དུ་སོང་ནས་སློབ་ཁྲིད་ལས་དོན་གྱི་གོམ་སྟབས་དངོས་གཞི་ཅན་དུ་སྤོ་འགོ་ཚུགས་བཞིན་ཡོད།  འོན་ཏེ་རང་ལྗོངས་ཀྱི་ལས་རིགས་ལག་རྩལ་སློབ་གསོ་གོང་འཕེལ་འགྲོ་བའི་མྱུར་ཚད་ད་དུང་དོ་མི་སྙོམས་པ་དང་། ལྷག་པར་དུ་མེས་རྒྱལ་ནང་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གྲྭ་དང་བསྡུར་ན། ད་དུང་ཞན་ཆ་དང་མི་ལྡེང་བའི་ཕྱོགས་དུ་མ་ཞིག་མཆིས་པས། ཇི་ལྟར་བྱས་ཏེ་རང་ལྗོངས་ཀྱི་ལས་རིགས་ལག་རྩལ་སློབ་གྲྭའི་དོ་དམ་ལས་ཀའི་མི་ལྡེང་བའི་ཕྱོགས་སྒྱུར་བཅོས་དང་ཁ་སྐོང་བྱ་ཐབས་སྐོར་ལ་ཅུང་ཟད་གླེང་བར་འདོད།དང་པོ།  སློབ་དུས་གསར་པའི་ལས་ཀའི་འཆར་གཞི་དང་སློབ་མཇུག་སྒྲིལ་བའི་ཕྱོགས་བསྡོམས་ཀྱི་ལས་ཀ་དུས་ཐོག་ཏུ་དོ་ནན་གྱིས་བསྒྲུབ་དགོས་པ།  མ་གཞི་བྱས་ན་ཚོགས་པ་ཅི་དང་ཅི་ཡིན་རུང་ཚང་མར་ལས་ཀའི་འཆར་གཞི་དང་ཕྱོགས་བསྡོམས་ཡོད་ནའང་ལས་རིགས་ལག་རྩལ་སློབ་གྲྭ་ལྟ་བུར་མཚོན་ན།ལས་ཀའི་འཆར་གཞི་དང་ཕྱོགས་བསྡོམས་སོགས་བྲེལ་བྲེལ་འཚུབ་འཚུབ་དང་རྣམ་པ་རིང་ལུགས་ཁོ་ནའི་དབང་དུ་སོང་ཚེ།  སློབ་གྲའི་རྒྱུན་གཏན་ཅན་གྱི་སློབ་ཁྲིད་ལས་ཀར་ཐད་ཀའི་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད། དཔེར་ན། འཆར་གཞིའི་ལས་ཀ་ཚགས་ཚུད་པོ་མ་བྱུང་བས་སློབ་གྲྭའི་ནང་ལས་རིགས་ཆེད་ལས་མི་ཉུང་བ་ཞིག་བཀོད་སྒྲིག་བྱས་ཀྱང་ལ་ལར་ཆེད་ལས་དགེ་རྒན་མི་ལྡེང་བ་དང་།  ཁ་ཤས་སར་སློབ་གྲྭའི་སློབ་ལོ་གང་དེའི་རྣམ་པ་ཙམ་དུ་སོང་བ་ལས་སློབ་མར་དོན་དངོས་ཀྱི་ལག་རྩལ་ཤེས་བྱ་གང་ཡང་ཐོབ་མེད་པ་ལྟ་བུའོ། དེས་ན། གཙོ་གནད་ནི་སློབ་གྲྭའི་དངོས་དོན་དང་འཚམ་པའི་འཆར་གཞི་བཀོད་སྒྲིག་བྱ་རྒྱུ་ནི་གལ་འགངས་ཆེ་བ་ཡིན་པས། སློབ་གྲྭས་འཆར་འགོད་ཟིན་པའི་ལས་ཀར་ངེས་པར་དུ་ལྟ་སྐུལ་དང་། ཞིབ་བཤེར།  གྲུབ་འབྲས་བཟང་ངན་སོགས་ཀྱི་དབྱེ་བ་འབྱེད་དགོས་པ་ཡིན། དེ་ཡང་གཅིག་ནས་སློབ་གྲྭའི་མགོ་ཁྲིད་ཚོས་ལས་རིགས་སློབ་གསོའི་འབྲེལ་ཡོད་ཡིག་ཆ་སློབ་སྦྱོང་གཏིང་ཚུགས་པ་བྱེད་པ་དང་།    ཅིག་ཤོས་སུ་ཡུལ་བབ་དང་མཐུན་པའི་ཁྲོམ་རྭའི་དགོས་མཁོ་ཤེས་རྟོགས་ཐུབ་པ་བྱས་ཏེ་མགོ་ཁྲིད་ལྷན་འཛོམས་ཀྱིས་ཐུན་མོང་གི་བློ་དང་བཀོད་པ་མཉམ་བསྡུར་བྱས་ཏེ། ལས་རིགས་སློབ་གྲྭའི་དངོས་དོན་ལ་གཞིགས་པ་དང་། གཅིག་ནས་གཉིས་སུ་གྱེས་པའི་ལྟ་ཚུལ་གྱི་ཐོག་ནས་བསྒྲུབ་ཐུབ་པ་དང་།   སྒྲུབ་བཞིན་པའི་ལས་དོན་རྣམས་གཏན་ལ་ཕབ་སྟེ་འཆར་གཞི་ཁ་གསལ་འགོད་དགོས་པ་དང་དུས་མཚུངས་སློབ་མཇུག་སྒྲིལ་མཚམས་སུ་དོ་དམ་ལས་བྱེད་པ་ཚོས་དུས་ཐོག་ཏུ་འདས་ལ་ཉེ་བའི་སློབ་དུས་དེའི་ལས་ཀར་ཕྱོགས་ཡོངས་ནས་ཞིབ་ཚགས་དང་བརྣག་ཐོག་གཙག་འཁེལ་གྱིས་ཞིབ་བཤེར་དང་ཕྱོགས་བསྡོམས་བྱེད་དགོས་ཤིང་།  དེའང་ཐོག་མའི་འཆར་གཞི་དང་བསྡུན་ན་གྲུབ་འབྲས་གང་བྱུང་བ་དང་།  དགེ་མཚན་གང་ཞིག་ཐོན་པ།  ལྷག་དོན་དུ་མི་ལྡེང་བའི་ཆ་གང་ཞིག་ཡོད་པ་སོགས་ཀྱི་གནད་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་བསྡོམས་ནན་པོ་ཞིག་བྱས་ཐུབ་ན།   རྗེས་མའི་ལས་དོན་ཁག་བདེ་བླག་བསྒྲུབ་པར་མཐུན་རྐྱེན་བཟང་པོ་ཞིག་བསྐྲུན་ཐུབ་པར་ངེས་སྙམ།
གཉིས་པ། ཚན་རིག་དང་མཐུན་པའི་དོ་དམ་ལམ་ལུགས་ཡོད་དགོས་པ།
ལས་རིགས་ལག་རྩལ་སློབ་གྲྭ་ནི་སྤྱིར་བཏང་གི་སློབ་གྲྭ་འབྲིང་ཆུང་དང་བསྡུར་ན་སློབ་མའི་རིག་གནས་ཆུ་ཚད་དང་དགེ་རྒན་ལས་བཟོའི་བྱང་ཚད་སོགས་ཕྱོགས་ཡོངས་ནས་མི་མཐུན་པའི་ཆ་མང་དུ་མཆིས།  ལྷག་དོན་དུ་ཕྱི་ཕྱོགས་ནས་གདན་ཞུ་བྱས་པའི་ཆེད་ལས་དགེ་རྒན་སོགས་ནི་སློབ་གྲྭའི་དགེ་རྒན་ལས་བཟོ་དངོས་ལྟར་ལས་ཀར་གཏན་འཇགས་རང་བཞིན་མི་ལྡན་པས།  སློབ་གྲྭའི་དངོས་དོན་དང་འཚམ་པའི་བརྐྱང་བསྐུམ་རང་བཞིན་གྱི་དོ་དམ་ལམ་ལུགས་ཤིག་གཏན་ལ་ཕབ་རྒྱུ་དེ་ལས་རིགས་ལག་རྩལ་སློབ་གྲྭ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་དུ་མཐོང་།
དེ་ཡང་རྣམ་ཀུན་སྤྱིར་བཏང་གི་སློབ་གྲྭ་འབྲིང་ཆུང་དུ་སྤྱོད་བཞིན་པའི་མཁྲེགས་འཛིན་གྱི་ལམ་ལུགས་བཀོལ་ནས་མི་སྣ་གཅུན་ཐབས་ཀྱི་འཆིང་རྒྱ་ལས་གྲོལ་བར་བྱས་ཏེ། སློབ་གྲའི་ནང་ལམ་ལུགས་སྣེ་མང་ཅན་དང་།  བྱ་དགའ་ཆད་སྤྱོད་སྣེ་མང་ཅན་བཀོལ་སྤྱོད་བྱེད་དགོས། དཔེར་ན།  རྨང་གཞིའི་རིག་གནས་གཙོ་བོར་བྱས་པ་སྟེ།  ལས་རིགས་མཐོ་འབྲིང་འཛིན་གྲྭ་ལྟ་བུར་མཚོན་ན། ཚན་རིག་དང་མཐུན་པའི་ཡིག་རྒྱུགས་སློབ་གསོའི་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་། ལས་རིགས་ལག་རྩལ་སློབ་གསོ་གཙོ་བོར་འཛིན་པའི་འཛིན་གྲྭ་ཁག་ལ་སྐབས་བསྟུན་བཞིན་བརྐྱང་བསྐུམ་རང་བཞིན་གྱི་ལམ་ལུགས་ལག་ལེན་དུ་བསྟར་དགོས་པའི་འདོད་ཚུལ་འཛིན་གྱིན་ཡོད།  དེ་བཞིན་བྱ་དགའ་ཆད་སྤྱོད་ཀྱི་ཐོག་ནས་གླེང་ན།   ཡིག་རྒྱུགས་སློབ་གསོ་གཙོ་བོར་དམ་བཟུང་བྱས་པའི་དགེ་རྒན་དང་སློབ་གཉེར་བར་རིག་གནས་སློབ་གསོའི་བྱང་ཚད་ལེགས་ཞན་ལ་བལྟོས་ནས་བྱ་དགའ་ཆད་སྤྱོད་ལམ་ལུགས་ལག་ བསྟར་བྱེད་དགོས་པ་དང་།ལས་རིགས་ལག་རྩལ་སློབ་གསོ་ལྟེ་བར་བཟུང་བའི་དགེ་རྒན་དང་ལས་བཟོ། དེ་བཞིན་སློབ་གཉེར་བ་ལ་ལག་ཤེས་ཀྱི་ནུས་རྩལ་ལ་དཔག་ནས་བྱ་དགའ་ཆད་སྤྱོད་ལག་ལེན་བསྟར་ དགོས་པ་ལྟ་བུའོ།
གསུམ་པ། ལས་ཀའི་ཐབས་ཤེས་བཟང་པོར་བརྟེན་ནས་མགོ་ཁྲིད་ལས་བྱེད་པ་དང་དགེ་སློབ་དབར་གྱི་
འབྲེལ་ལམ་ཡང་དག་འཛུགས་པར་འབད་དགོས།
མཐུན་སྒྲིལ་དང་སྒྲིག་འཛུགས་ཡོད་པའི་མཉམ་སྡེབ་ཅིག་འཛུགས་སྐྱོང་བྱེད་པར་མགོ་ཁྲིད་ལས་བྱེད་ར་བརྟེན་དགོས་པ་དང་། བློ་གྲོས་ཆེ་ལ་འཇོན་ཐང་གིས་ཕྱུག་པའི་མགོ་ཁྲིད་ལས་བྱེད་པ་བཟང་པོའི་མཚན་སྙན་བཏོད་པར་གཤམ་འོག་གི་མང་ཚོགས་ལ་བརྟེན་དགོས་པ་ཡིན། དེས་ན་ལས་ཀའི་བྱེད་ཐབས་བཟང་པོ་ཞིག་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དེ་ཐམས་ཅད་ཡར་འཕེལ་ཡོང་བའི་རྒྱུ་གཙོ་བོ་ཡིན།
ཐོག་མར་སློབ་གྲྭའི་མགོ་ཁྲིད་ཚོས་སློབ་གྲའི་གོང་འོག་གི་འབྲེལ་བ་དང་བར་བརྒྱུད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ཏེ་དགེ་རྒན་དང་ལས་བཟོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་སྤེལ་གཏོང་དགོས།  མ་གཞི་སློབ་གྲྭར་རིམ་པ་སྟར་ཆགས་ཀྱི་མགོ་ཁྲིད་དཔུང་ཁག་གི་སྒྲིག་གཞིའི་མ་ལག་ཆ་ཚང་བ་ཞིག་ཡོད་ཀྱང་སྐབས་རེ་མགོ་ཁྲིད་གཙོ་བོས་ཐད་ཀར་དགེ་རྒན་དང་སློབ་ཕྲུག་གི་ཁྲོད་དུ་གནད་དོན་ཐག་གཅོད་བྱེད་པ་སོགས་ཀྱི་སྣང་ཚུལ་རིག་རྒྱུ་ཡོད།   སྣང་ཚུལ་དེས་དགེ་རྒན་དང་ལྷག་དོན་དུ་འཛིན་གྲྭའི་རྒན་བདག་གི་ནུས་པ་ཉམས་དམས་སུ་སོང་ནས་དགེ་རྒན་དང་སློབ་མའི་ཁྲོད་དུ་གནས་ཚུལ་ཆེ་ཆུང་གང་ཞིག་ཐོན་ཀྱང་སློབ་གྲྭའི་མགོ་ཁྲིད་ཁོ་ན་འཚོལ་བའི་གོམས་སྲོལ་ངན་པ་ཞིག་ཆགས་པ་མ་ཟད།  དགེ་རྒན་དང་སློབ་མའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་ལ་ཐད་ཀར་འགོག་རྐྱེན་བཟོ་གི་ཡོད།  དེས་ན་སློབ་གྲྭའི་དོ་དམ་ལས་ཀ་སྤུས་ཚད་ལྡན་པ་ཞིག་ཡོང་དགོས་ན།   གཤམ་འོག་གི་དགེ་རྒན་ལས་བཟོ་དང་འཛིན་གྲྭའི་ཀྲུའུ་རེན་སོགས་ཀྱི་བློ་གྲོས་དང་འཇོན་ཐང་འདོན་སྤེལ་བྱེད་རྒྱུར་ཐབས་དང་ཇུས་འདོན་དགོས། ཐབས་ཇུས་ལེགས་པོས་སློབ་གྲྭའི་སྤྱི་ཡོངས་ཀྱི་ལས་དོན་བདེ་བླག་ཡོང་བར་མཐུན་རྐྱེན་བཟང་པོ་བསྐྲུན་ཐུབ་པ་ཡིན།  དེ་བཞིན་དགེ་སློབ་ལས་བཟོའི་ཚོགས་འདུ་གང་རུང་ཞིག་སྐོང་འཚོག་བྱེད་ནའང་སློབ་གྲྭའི་དོན་དངོས་གནད་དོན་དང་ལསཀའི་བསམ་འཆར་ལ་གཞིགས་ཏེ་སྐད་ཆ་ཚོད་རན་པོ་དང་ཐག་གཅོད་རང་བཞིན་ལྡན་པ་ཞིག་འཚོགས་པ་ཡིན་ན།དགེ་སློབ་ཡོངས་ཀྱི་བློར་བབས་ནས་ཚང་མའི་ཡར་སྐུལ་བསམ་པ་སྐོང་འཐེན་བྱེད་ཐུབ་སྙམ།
མདོར་ན།  ལས་རིགས་སློབ་གསོ་ནི་དུས་རབས་ཀྱིས་སྤྲད་པའི་ལས་འགན་དོར་དུ་མེད་པ་ཞིག་ཡིན་ལ། རང་ལྗོངས་སུ་སློབ་གསོ་སྣ་མང་ཅན་དང་།སློབ་གསོ་ཁྲོམ་རྭ་ཅན།སློབ་གསོ་རྒྱང་བསྲིངས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་སྐར་ཁུང་ལྟ་བུ་ཞིག་ཀྱང་ཡིན་པས།   དེར་ཚན་རིག་དང་མཐུན་པ་དང་། མི་སེམས་ལ་བབ་པའི་དོ་དམ་ལམ་ལུགས་ཤིག་འཛུགས་སྐྱོང་ཐུབ་པ་བྱ་རྒྱུ་ནི་གཞུང་ཕྱོགས་དང་།ལས་རིགས་སློབ་གསོའི་ཕྱག་ལས་གནང་མཁན་དབུ་ཁྲིད་དང་དགེ་རྒན་ཚང་མའི་ཕྲག་ཐོག་ཏུ་བབ་པའི་ལས་འགན་ཞིག་ཡིན། །

·གསར་འགྱུར་གོང་མ:རྨུ་ཐག་འདོན་ཐེངས་དགུ་པའི་འགྲེམ་སྤེལ་མཛད་སྒོ།
·གསར་འགྱུར་འོག་མ:ཨ་མདོ་ནས་ལྷ་སར་རྐྱང་ཕྱག་འཚལ་བ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཅོག་ངོས་ཀྱི་ཧི་གཟུགས་ཁ་ཡིག་ཆེ་རུ་གཏོང་སྟངས། 2012/3/15 17:39:15
·msnབགྲོ་གླེང་པའི་དྲ་མིང་བོད་ཡིག་ལ་སྒྱུར་སྟངས་པར་རིས་ཅན། 2010/6/12 17:07:57
·རིགས་རུས་ཆོ་འབྲང་གི་འབོད་མིང་། 2009/10/23 16:19:43
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 9:00:36 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 12:05:23 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 17:58:10 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 49 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS