ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

ཨ་མདོ་ནས་ལྷ་སར་རྐྱང་ཕྱག་འཚལ་བ།

[རྩོམ་པ་པོ:འཕུར་མདའ།  ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།  དུས་ཚོད:2011/6/14 8:53:50  བཀླགས་ཐེངས:1540][ཡིག་གཟུགས:ཡིག་གཟུགས་མདོག]

ཨ་མདོ་ནས་ལྷ་སར་རྐྱང་ཕྱག་འཚལ་བ།

འཕུར་མདའ།

ཁོང་ནི་ཁྲི་ཀ་རྫོང་འཕྲང་དམར་ཡུལ་ཚོ་བདུད་ཤུལ་དགོན་པའི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ལ།མི་རྐྱང་རྟ་རྐྱང་ལ་ལྷ་སར་འགྲོ་མཁན་ཞིག་རེད།

ཁོས་རོང་བོ་དགོན་པ་ནས་ཕྱག་མགོ་ཚུགས་ཤིང་།བྱ་ཁྱུང་དང་ངྷི་ཚ་དགོན་པ་སོགས་ལ་ཕྱག་སྐོར་བྱེད་བཞིན་ཉི་ཟླ་ཉག་ག་ནས་མཚོ་སྔོན་པོ་བརྒྱུད་ཅིང་།ན་གོར་མོ་ནས་ལྷ་སར་མི་རྐྱང་རྟ་རྐང་ལ་ལོ་ངོ་གསུམ་གྱི་རྒྱང་ཕྱག་འཚལ་ནས་འགྲོ་ཐེངས་གཉིས་པའི་ལམ་ལ་ཆས་དུས་ནི་ཏག་ཏག་དབྱར་ཟླ་ལྔ་བ་རེད།

མཐོ་སྒང་གི་དབྱར་ཟླ་ལྔ་བར་རྒྱ་ནང་གི་གྲོང་ཁྱེར་ཆེན་པོ་དག་དང་འདྲ་བར་ཚ་བ་ཧ་ཅང་ཆེ་བ་ཞིག་མིན་རུང་།རྐང་མཐིལ་གྱི་རྡོ་གཅལ་ནི་ཚ་ལམ་ལམ་བྱེད་ཀྱིན་འདུག

ཁོས་རྒྱང་ཕྱག་འཚལ་ཞོར་རང་གི་མལ་ཆས་དང་བྲོ་ཟས།ད་དུང་དཔེ་ཆ་མང་པོ་ཡོད་པའི་ལག་འདྲུད་འཁོར་ལོ་དྲུད་ནས་འགྲོ་དགོས་པ་ནི་ངོ་མ་སུ་ཞིག་གི་ཡིད་ལ་དྲན་ན་དངངས་འདར་རེ་རྒྱག་ངེས།

ཁོའི་དད་པ་སྙིང་སྟོབས་སུ་གྱུར་ཅིང་།སྙིང་སྟོབས་སྒུལ་ཤུགས་སུ་གྱུར་བའི་འགྲུལ་བཞུད་འདིས་རི་ལུང་ཐང་གསུམ་ལ་བསུབ་མེད་ཀྱི་རྐང་རྗེས་བཀོད་ཡོད།

ཁོས་ཉིས་སྟོང་བདུན་ཐེངས་དང་པོའི་ཉི་མ་ལྷ་སའི་ཕྱག་སྐོར་གྱི་མཇུགས་བསྡུས་ཤིང་ཕྱིར་ཕ་ཡུལ་ལ་ལོག་ཅིང་།ད་ཡང་འདི་ལྟར་མི་རྐྱང་རྟ་རྐྱང་ལ་ཐེངས་གཉིས་པར་འགྲོ་བཞིན་པ་ཤེས་དུས་ང་ལ་ཉིན་འགར་འདང་རྒྱག་རྒྱུ་འདུག

དབྱར་ཟླ་གསུམ་གྱི་ཚ་བ་ལ་དབུ་བསྙེས་ཤིང་།དགུན་ཟླ་གསུམ་གྱི་གྲང་ངར་ལ་གདོང་གཏད་ནས་ཁོས་མི་ལོ་གསུམ་ལ་ཁེར་རྐྱང་གིས་རི་ལུང་ག་ཚོད་འགྲིམ་དགོས་ཨང་།

ང་ཁོ་དང་འཕྲད་དུས་ཏག་ཏག་ཚ་བ་ཧ་ཅང་ཆེ་བའི་ཉིན་མོ་ཞིག་ཡིན་ལ།ངས་ཁོ་ལ་སྐོམ་ཞིག་གསོ་རུ་བཅུག་རྗེས་ཁོས་འདི་རུ་ཉིན་གཅིག་ལ་ངལ་གསོ་རྒྱུ་ཡིན་པ་ཐོས་པས།ཁོ་དང་ཡུན་རིང་བོ་ཞིག་ལ་ཁ་བརྡ་བྱས་རྗེས།ཁོའི་སྙིང་སྟོབས་དང་སྤོབས་པས་ང་ལ་ཡིད་འགུལ་ཐེབས་སུ་བཅུག

·གསར་འགྱུར་གོང་མ:བོད་ལྗོངས་ཀྱི་ལས་རིཊ་ལག་རྩལ་སློབ་གྲྭའི་དོ་དམ་སྐོར་གླེང་བ།
·གསར་འགྱུར་འོག་མ:ཀྲུང་གོའི་བོད་ཀྱི་གླུ་ཚོཊ་སྐབས་གཉིས་པ་ལྷ་ས་ནས་སྤེལ་བ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 5:33:52 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 7:53:58 [来自: 112.5.248.152]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 7:52:11 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 55 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS