ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

ཆ་འཕྲིན་གྱི་གོ་སྐབས་བཟུང་ནས་བོད་ཡིག་སྤེལ།

[རྩོམ་པ་པོ:ལྷམ་ཀོག  ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།  དུས་ཚོད:2011/6/18 23:23:43  བཀླགས་ཐེངས:1167][ཡིག་གཟུགས:ཡིག་གཟུགས་མདོག]

ཆ་འཕྲིན་གྱི་གོ་སྐབས་བཟུང་ནས་བོད་ཡིག་སྤེལ་འདོད་དམ།

ལྷམ་ཀོག

དེང་གི་ཆར་བོད་ཡིག་གི་ངོ་བོ་དང་རིན་ཐང་ཐད་ནས་འབུ་ཟས་ལ་ཧབ་ཤ་ཆེ་བའི་མི་རིགས་ཕར་ཟད་མིག་སེར་དང་མིག་ལྗང་གི་མི་རིགས་དག་གི་ཡིག་རིགས་ཀྱི་སྤུས་ཚད་ལ་ཡང་འགྲན་དུ་ཕོད་ཀྱང་།  དེ་དག་ལ་མེད་པའི་ང་ཚོའི་ཆོག་ཤེས་འདིས་འཚོ་ཐབས་ཙམ་དང་གང་གིས་ཀྱང་མི་ཚེ་ཕྱིད་ཐབས་ཙམ་བྱས་པར་བསྟུན།  ད་ལྟ་ཕྱིའི་དངོས་པོའི་ཡར་རྒྱས་ཀྱི་ངོས་ནས་བལྟས་ན་གདོད་མའི་ནགས་ཚལ་ལས་གྱེས་ཙམ་རེད་ཅེས་ན་དོན་དུ་འགྱུར་ངེས་རེད། དེ་ནི་ཁྱེད་ཀྱིས་རང་གི་མགོ་མཇུག་བར་གསུམ་ནས་ཞིབ་གཟིགས་ཀྱིས་དང་རང་གི་ལག་པ་དང་ཀླད་ཤུགས་ཀྱིས་ག་ཙམ་རང་རྐྱ་འཕེར་བའི་སྒོ་ནས་བཟོ་ཐུབ། ད་གདོད་ཅུང་ཟད་རེ་འགུལ་ཤེས་ཙམ་སྲིད་མོད། འཕྱིས་དྲགས་པས་གཞན་གྱིས་ཉིན་གཅིག་གི་དཀའ་ལས་དེ་རང་ཅག་གི་ལོ་དང་ཟླ་བ་སྦྲེལ་བའི་དཀའ་ལས་སུ་སོང་འདུག་པ་འདི་རེད། དེ་ལས་ཆ་འཕྲིན་རིག་གནས་ཀྱི་ལམ་ནས་རང་གི་རིག་གནས་སྤྱི་དང་དགོས་སུ་བོད་ཡིག་བཀོལ་སྤྱོད་བྱ་རྒྱུར་གནོན་ཤུགས་ལྕི་བ་དང་ཁོར་ཡུག་དོག་པ་སོགས་ཟད་མི་ཤེས་པའི་གནས་ཚུལ་ལྷག་ཡོད་པའི་སྐབས་འདིར།  གྲོགས་པོ་ལག་རྩལ་པ་ཞིག་གིས་མཚམས་སྦྱོར་བྱས་པ་ལྟར་ན་བོད་ཡིག་ཧིགཟུགས་དང་པན་གཟུགས་སྨོན་ལམ་སོགས་ཅི་འདོད་དུ་བཀོལ་ཐུབ་པའི་ཀོའུ་ཀོའུ་བོད་ཡིག་གླེང་མོལ་གཉེན་ཆས་འདི་བཀོལ་བར་ཀུན་ལ་སྐུལ་འདེད་གཏོང་གིན་ཡོད་པ་མ་ཟད།ངེད་ཅག་བོད་མི་རེ་རེ་ཡི་འགན་ཡང་རེད།  གཅིག་ནས་བོད་ཡིག་གི་ཁོར་ཡུག་ཅེ་ཆེ་དང་། གཉིས་ནས་བོད་རིགས་བྱེས་སྡོད་པ་དང་གྲོང་ཁྱེར་བ་བོད་ཡིག་དང་ཐག་རིང་དུ་གནས་པ་དག་ལ་ཚད་ལྡན་གྱི་བོད་ཡིག་གི་སློབ་སྦྱོང་ཞིག་སྤྲོད་ཐུབ་པས། ཀུན་གྱིས་དོར་སྣང་ཡོད་པར་ཞུ།  རང་ཅག་གིས་རང་ཅག་གི་བོད་ཡིག་བཀོལ་ས་འདི་འདྲ་ཞིག་ཡོད་བཞིན་དུ་དབྱིན་ཡིག་དང་རྒྱ་ཡིག་སོགས་ཡིག་རིགས་གཞན་ཁོ་ན་བཀོལ་བ་ནི་ཕ་བསད་པ་ལ་རྒྱལ་རྔ་བརྡུངས་པའི་ངང་ཚུལ་རེད།  མ་མཐའ་ཡང་ངེད་ཅག་གིས་གླེང་མོལ་མཉེན་ཆས་འདི་ལྟ་བུ་ཞིག་ལ་བོད་ཡིག་བཀོལ་རྒྱུར་བརྩོན་པའི་དམ་བཅའ་ཡོད་དགོས།  ལྷག་པར་དུ་དབྱིན་ཡིག་ཁོ་ན་བཀོལ་བའི་ནུབ་གླིང་ས་ཁུལ་གྱི་སློབ་མ་དང་། གྲོང་ཁྱེར་སོགས་ན་རྒྱ་ཡིག་ཟ་མ་བཞིན་དུ་མཆོད་པའི་སྐུ་ངོའི་རིགས་ཀྱི་བུ་དང་བུ་མོ།  ཁྱད་པར་དུ་བུ་མོའི་རིགས་ཀྱིས་གཤམ་གྱི་གླེང་མོལ་མཉེན་ཆས་བཀོལ་སྤྱོད་བྱ་ཚུལ་འདི་བརྒྱུད་ནས་ཕེབས་པ་དང་།  ལྷག་པར་དུ་རང་སྒེར་གྱི་རྩིས་འཁོར་ནང་དུ་བོད་ཡིག་ཧི་གཟུགས་དང་སྨོན་ལམ་སོགས་བླུགས་པ་དང་།  གཞན་གྱི་རྩིས་འཁོར་ས་གང་ནས་བེད་སྤྱོད་ན་བལྡུག་ཤེས་པར་འབོད་སྐུལ་ཞུ་ཞུ།

གླེང་མོལ་སྒྲོམ་བུའི་ནང་དུ་འཆར་བ་ཡང་ཤིན་ཏུ་ཚད་ལྡན་རེད།

སྔོན་ལ་དྲ་གནས་http://mail.google.comའདི་ནས་རང་ལ་ཡིག་སྒམ་ཞིག་ཐོ་འགོད་བྱེད་དགོས།དེ་རྗེས་གཉེན་ཆས་ཕབ་ལེན་བྱས་རྗེས་ནང་འཇུག་བྱས་བྱས་ཆོག
དེ་རྗེས་གཉེན་ཆས་ཕབ་ལེན་བྱས་རྗེས་ནང་འཇུག་བྱས་ཆོགm

གཉེན་ཆས་ཕབ་ལེན་ལྟེ་གནས།

ནང་འཇུག་ལྟེ་གནས།

བཀུར་འོས་པའི་སེར་སྐྱ་རིས་མེད་དང་རྒན་གཞོན་རིས་མེད་དག་གིས་གཅིག་གྱུར་གྱིས་བོད་ཡིག་གླེང་མོལ་འདི་བཀོལ་རྒྱུར་གསོལ་བ་སྙིང་ནས་འདེབས།  མཇུག་ཏུ་ཞུ་རྒྱུ་ཞིག་ལ་ང་ནི་ལག་རྩལ་པ་ཞིག་མིན་པས་ལག་རྩལ་པ་ལྷག་བསམ་ཅན་ཞིག་གི་སྐུལ་འདེད་འོག་ནས་འབོད་སྐུལ་འདི་ཞུ་བ་ལགས་ན།  ང་ལ་འདིའི་ཕྱོགས་ཀྱི་དྲི་བ་གང་དྲིས་ཀྱང་ལན་འདེབས་མི་ཤེས་པས། གངས་ལྗོངས་གཞོན་ནུའི་ཟིན་བྲིས་སུ་ཕེབས་དང་ཁོང་གིས་ཁྱེད་ཅག་ལ་མཛུབ་སྟོན་བྱ་ངེས་ཡིན། ཁ་བྲོ།   གངས་ལྗོངས་གཞོན་ནུའི་ཟིན་བྲིས་སུ་འགྲོ་ན་གཤམ་གྱི་འདི་གནོན།

ཁ་གསབ།   གླེལ་མོལ་ཡོ་བྱད་སྟེང་གི་ཡི་གེ་ཆུང་བ་དང་གྲོགས་པའི་མིང་ཅི་ལྟར་བརྗེ་ཚུལ། སྐུད་ལམ་ན་ཡོད་མེད་བརྗེ་ཚུལ་མཚམས་སྦྱོར་ཞིག་བྱེད།

འདི་ལྟ་བུ་ཡིན་དུས་ཅི་ལྟ་ཐག་གཅོད་བྱེད་དགོས་ཟེར་ན།

གྲུ་བཞི་དམར་པོའི་སྐོར་བའི་སྒྲིག་བཀོད་ལྡེབ་ན།  སྒྲིག་བཀོད་བྱང་བུ་འདི་ཐོན་སྲིད།

དེ་ཡང་གྲུ་བཞི་དམར་པོའི་སྐོར་བ་དེ་ལྡེབ་ན།

གྲུ་བཞི་དམར་པོའི་སྐོར་བའི་ནང་ཡིག་གཟུགས་དང་ཡི་གེ་ཆེ་ཆུང་འདེམས་རྗེས་གཏན་འཁེལ་བྱས་ན་ཆོག   ཡི་གེ་ཚད་ལྡན་དུ་གཏོང་བ་དེ་ལྟར་ཐག་གཅོད་བྱེད་ཐུབ།
སྐུད་ལམ་ན་ཡོད་མེད་དང་ཁོམ་གི་ཡོད་མེད། འདི་ནས་གཏག་དགོས།

རང་འདོད་ལྟར་སྐུད་ལམ་ན་ཡོད་མེད་འཇོག་ཐབས།
གྲོགས་པོའི་མིང་བཟོ་བཅོས་བྱེད་ཐབས།

གྲོགས་པོའི་མིང་འདེམས་རྗེས། གཡས་ལྡེབ་བྱས་ནས་མིང་རྗེས་ཆོག
གྲོགས་པོ་ཁ་སྣོན།

ཁ་སྣོན་ཞེས་པའི་ཡིག་འབྲུ་བསྣན་ན་གྲོགས་པོ་ཁ་སྣོན་བྱེད་པའི་བྱང་བུ་ཐོན་ལ། སྟོང་ཆ་དེ་ནང་གྲོགས་པའི་ཡིག་སྒམ་གཏག་རྗེས།  མུ་མཐུད་དུ་ཞེས་པའི་སྣོན་བྱ་བསྣན་ན་གྲོགས་པོ་ཁ་སྣོན་བྱེད་ཐུབ།
ད་དུང་མི་གསལ་པའི་ཆ་འདྲ་ཡོད་ན།  གངས་ལྗོངས་གཞོན་ནུ་ལ་འབྲེལ་གཏུགས་བྱས་ཆོག

གངས་ལྗོངས་གཞོན་ནུ།         lhamajak2012@gmail.com

·གསར་འགྱུར་གོང་མ:བོད་ཀྱི་སྲོལ་རྒྱུན་གནམ་གཤིས་བརྟག་ཐབས་
·གསར་འགྱུར་འོག་མ:བོད་ཀྱི་སློབ་ཆེན་པ་འགས་དྲ་བའི་རིག་གནས་ལ་མིག་བཤེར་བྱས་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 4:39:20 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 6:44:26 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 10:09:20 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS