ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

བོད་ཀྱི་སློབ་ཆེན་པ་འགས་དྲ་བའི་རིག་གནས་ལ་མིག་བཤེར་བྱས་པ།

[རྩོམ་པ་པོ:གཞོན་གསར།  ཡོང་ཁུངས:ན་གཞོན་གསར་པ།  དུས་ཚོད:2011/6/20 19:15:53  བཀླགས་ཐེངས:1037][ཡིག་གཟུགས:ཡིག་གཟུགས་མདོག]

བོད་ཀྱི་སློབ་ཆེན་པ་སྐོར་ཞིག་གིས་བོད་ཀྱི་དྲ་བའི་རིག་གནས་ལ་

མིག་བཤེར་བྱས་པ།

ཟླ་འདིའི་ཚེས་༡༡ཉིན་ཏེ་གཟའ་སྤེན་པའི་ཕྱི་དྲོར་མདོ་ལྷོ་གཙོད་གྲོང་དུ་ཆགས་པའི་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གྲོགས་སྐོར་ཞིག་ཉེ་ལམ་གསར་དུ་སྒོ་ཕྱེས་པའི་ཉི་མ་བླ་བྲང་ཚང་ཞེས་པར་མཉམ་དུ་འཛོམས་ཏེ་བོད་ཀྱི་དྲ་བའི་སྐོར་ནས་ཁ་བརྡ་གློད་ཅིང་། བརྗོད་དོན་རགས་ཙམ་རེ་རེ་བཞིན་བཀོད་ན་འདི་ལྟ་སྟེ།

གནོད་སྦྱིན།  བོད་ཀྱི་སློབ་ཆེན་པ་ནི་བོད་སྤྱི་ཚོགས་ཀྱི་སྣེ་འདྲེན་པ་རེད། དུས་རབས་འགྱུར་བ་དང་བསྟུན་ནས་སྤྱི་ཚོགས་འགྱུར་འགྲོ་དགོས་ནི་རེད། དེ་བས་དྲ་བ་འདི་ཡང་རིག་གནས་ཤིག་ཏུ་གྲུབ་ཚར་འདུག ཡིན་ན་ཡང་། བོད་ཀྱི་སློབ་ཆེན་པས་སྤྱི་ཚོགས་ཀྱི་རྗེས་ཆོད་ཀྱིན་མི་འདུག གསལ་བོར་བཤད་ན། དྲ་བའི་རིག་གནས་ཀྱི་དགེ་མཚན་ཤེས་ཀྱིན་མི་འདུག རྩོམ་ཡིག་རེ་གཉིས་ལ་བལྟ་བ་ལས་ཡོངས་ཁྱབ་ཀྱིས་བལྟ་ཐུབ་ཀྱིན་མི་འདུག

དྲ་ཐོག་ནས་ལབ་རྒྱག་པ་ལས་དཀྱེལ་ཡངས་ཀྱི་མཁའ་དབུགས་མཐོང་གིན་མི་འདུག ངས་བལྟས་ན་དྲ་ཐོག་ནས་སྐབས་དོན་གླེང་རྒྱུ་ཤིན་ཏུ་ཤིན་ཏུ་གལ་ཆེ་བ་རེད་སྙམ་བྱུང་། གོ་ཚོད་ཡིན་ན་བོད་ཀྱི་རང་གི་དྲ་བ་ཉིས་བརྒྱ་ལྷག་འདུག་པར་བཤད། ཡིན་ན་ཡང་།སྐབས་དོན་སོགས་ཀྱིས་མཚོན་པའི་འཚོ་བ་ལ་ཉེ་བར་མཁོ་བ་ཞིག་སྤེལ་ཐུབ་ཀྱིན་མི་འདུག འདི་ནི་འུ་ཅག་གི་འགན་ཁུར་རེད། འགན་ཁུར་གྱི་འདུ་ཤེས་ཤིན་ཏུ་ཞན་པོ་ཡིན་པ་ནི་འུ་ཚོའི་ངོ་ཚ་ཆེ་ཤོས་ཤིག་རེད།

འཇག་མ།  ང་རང་ཉིད་སློབ་གྲྭ་ཆེན་མོ་བ་ཞིག་ཡིན་པས་ཆ་ནས་བཤད་ན།བོད་ཀྱི་དྲ་བའི་རིག་གནས་སམ་བོད་ཡིག་ཟིན་བྲིས་སུ་ང་ཚོ་ངེས་བར་དུ་ཞུགས་དགོས།ངས་འདི་དག་ཚང་མ་དེང་ རབས་ཅན་ལ་ངེས་འཛིན་རྒྱུ་ཡོད།རྒྱུ་མཚན་ནི་ང་ཚོའི་སློབ་གྲྭའི་དཔེ་མཛོད་ཁང་གི་དཔེ་ཆ་ཁོ་ནས་རིག་གནས་གསར་བ་དང་ལེན་བྱེད་ཐུབ་ཀྱིན་མི་འདུག་སྙམ།ལྷག་པར་དུ་ང་ཚོའི་ བོད་ཀྱི་སློབ་ཆེན་པ་ཚོས་ཆ་འཕྲིན་གསར་བ་མཐོང་ཐུབ་ཀྱིན་མི་འདུགསྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་བསམ་བློར་འགྱུར་ལྡོག་བྱུང་ཐུབ་ཀྱིན་མི་འདུགརང་ཉིད་ཀྱི་འགན་འཁྲི་མི་ཤེས་བ་དང་ རང་ལ་རང་གིས་བདག་པོ་རྒྱག་ཐུབ་ཀྱིན་མི་འདུགགནད་དོན་ལ་དབྱེ་ཞིབ་ དང་བསམ་གཞིགས་ཀྱི་ནུས་བ་བསྐྱེད་སྲིང་ཐུབ་ཀྱིན་མི་འདུག གང་ལྟར་ང་ཚོ་སློབ་གྲྭ་ཆེན་མོ་བའི་ཚད་གཞི་ལོན་གྱིན་མི་འདུགགཞན་ད་དུང་དྲ་བའི་རིག་གནས་དང་ལེན་བྱ་རྒྱུ་ནི་རང་གིས་རང་གི་སྐད་དང་ཡི་གེ་ལ་བདག་པོ་རྒྱག་པའི་རྣམ་པ་གསར་བ་ཞིག་རེད་འདོད། དེའི་ཕྱིར་ང་ཚོ་ངེས་པར་དུ་དྲ་ཞུགས་བྱེད་ནས་རང་ཉིད་ལ་སྦྱོང་བརྡར་བྱེད་དགོས་པའི་དུས་ལ་ཐོན་འདུག་སྙམ་མོ།།

མགར་ཤུལ་དཔལ་ཁོ། ད་ལྟའི་བོད་ཀྱི་དྲ་བའི་རིག་གནས་དེ་ད་དུང་ཅུང་བཀག་སྡོམ་རང་བཞིན་གྱི་གནས་སུ་འདུག་ལ། ཡོངས་ཁྱབ་རང་བཞིན་དང་གསལ་བསྒྲགས་རང་བཞིན་ཅུང་ཁག་པོ་འདུག རྒྱུ་མཚན་ད་ལྟའི་བོད་ཀྱི་དྲ་བ་ལ་རིགས་ཀྱང་ཧ་ཅང་ཉུང་སྟེ། རྩོམ་རིག་ཐད་ཀྱི་དྲ་བ་རེ་འགའ་ཞིག་དང་གླུ་དབྱངས་ཐད་ཀྱི་དྲ་བ་རེ་འགའ། ཏང་གི་འཛུགས་སྐྲུན་སོགས་ཀྱིས་མཚོན་པའི་སྲིད་གཞུང་གི་དྲ་བ་རེ་འགའ་ཙམ་ལས་མི་འདུག ཐ་ན་སེར་པོའི་དྲ་བ་ཞིག་སྒྲུབ་པའི་སྤོབས་པའང་མི་འདུག དེ་བས་ད་ལྟའི་བོད་ཀྱི་དྲ་བའི་རིག་གནས་འདི་ཙམ་པ་ཡིས་འུ་ཅག་གི་འདོད་པ་སྐོང་ཐུབ་གྱིན་མི་འདུག གསལ་ཐག་ཆོད་པའི་སྐད་ཆ་ཞིག་བཤད་ན། ད་ལྟའི་ང་ཚོའི་ཟིན་བྲིས་པ་དག་ཀྱང་དྲ་བར་འཇུག་ཐེངས་རེར་ངོ་གདོང་གི་འཛུམ་དེ་ཉམས་ནས་ཕྱིར་ལོག་ཡོང་བའི་ངང་ཚུལ་དེས་ཀྱང་གང་ཞིག་ན་ཆད་ལྷག་ཅིག་འདུག་པ་མཚོན་གྱིན་མི་འདུག་གམ།

ལྗགས་མདའ་། བོད་ལ་ཡོད་ཡོད་འདྲ་ལ་མེད་མེད་ཀྱང་སྣང་བའི་དྲ་བའི་རིག་གནས་འདི་ནི། བོད་པས་ཀྱང་ངེས་པར་དུ་གདོང་གིས་བསུ་དགོས་པའི་རིག་གནས་ཤིག་ཡིན་པ་ལོ་རྒྱུས་ཀྱི་ཐག་གིས་བཅད་ཟིན། དངོས་ཡོད་ཀྱིས་གཏན་ལ་ཕབ་ཟིན། ད་ནི་འུ་སྐོལ་གྱིས་བོད་ཀྱི་དྲ་བའི་རིག་གནས་ཞེས་གླེང་ཡོང་ན། བོད་ཀྱི་དྲ་ཚིགས་རེ་འགའ་དང་། པོད་ཁུག་རེ་གཉིས་ཙམ་ལ་ངོས་འཛིན་མི་བྱེད་ཐུ་མེད་རེད་སྙམ། ཡིན་ཙང་། འདི་ཙམ་དང་དེ་ཙམ་ལས་མི་འདུག་ཟེར་ཏེ་རང་གི་མིག་ཟུང་གཞན་གྱི་སྟེང་དུ་བསྐོར་བ་ནི། དོན་དམ། རང་གི་སྤྱི་ཚོགས་ཟེར་ན་ཡང་འདྲ། དངོས་ཡོད་གནས་ཚུལ་ཟེར་ན་ཡང་ཆོག རང་གིས་རང་ལ་འགན་འཁུར་མི་འཁུར་གྱི་གནད་དོན་ཞིག་ཏུ་འཁུམས། ཡང་གཅིག་བཤད་ན། འུ་ཅག་ནི་ཉེ་འཁོར་གྱི་མི་དེ་དག་དང་གཏན་ནས་མི་འདྲ་བར། འདི་ནི་དབྱངས་གསལ་སོ་བཞིའི་ཚེ་སྲོག་ལ་བདག་པོ་རྒྱག་སྟངས་གཞན་ཞིག་ཡིན་པས་ན། གཟབ་ནན་གྱིས་དྲ་བར་འཇུག་པ་ནི་དྲ་ཞུགས་པ་ཀུན་དང་། སྒོས་སུ་བོད་ཀྱི་སློབ་ཆེན་པ་དག་གི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ཅིག་ཡིན་མོད། ཡིན་ནའང་། བོད་ན་གཟབ་ནན་གྱིས་དྲ་བར་འཇུག་མཁན་གྱི་སློབ་ཆེན་པ་ཕར་ཞོག བོད་ཡིག་ཕབ་ལེན་བྱེད་ཤེས་མཁན་གྱི་སློབ་ཆེན་པ་ག་ཙམ་བདོག འདི་ལྟར་རེ་རེ་བཞིན་གླེང་ཡོང་ན། ང་ཚོ་བོད་ཀྱི་སློབ་ཆེན་པ་དག་གི་ངོ་གདོང་དག་ལྷང་ལ་བུད་མི་ཡོང་ངམ། མི་རིགས་ཤིག་གི་ཉེན་ཚབས་རང་བཞིན་ཤུགས་ཀྱིས་རྟོགས་མི་ཡོང་ངམ། ང་ཚོ་ནི་སྣ་མང་རིག་གནས་ལ་འབྲེལ་འདྲེས་བྱེད་པའི་བོད་ཀྱི་སློབ་ཆེན་པ་ཞིག་ཡིན་པའི་ངོས་ཐད་ནས། དྲ་བའི་རིག་གནས་ལ་མིག་བཤེར་བྱེད་པ་ནི་འགངས་གལ་ཤིན་ཏུ་ཆེའོ་སྙམ་མོ། ། དེ་ལྟ་ཙམ་དུ་མ་ཟད། དྲ་བར་འཇུག་མི་ཐུབ་པའི་སློབ་ཆེན་དག་ནི་ལར་མི་འགྱངས་པར་ཡིག་རྨོངས་པར་མི་བརྩི་བའི་ངེས་པ་ཁྱོན་ནས་མེད་དོ ། །

བྱང་ཁུ་ལོ། དྲ་བའི་བསྟན་པ་མེ་བཞིན་འབར་ནས་འོད་བཞིན་མཆེད་པའི་དུས་འདིར།དྲ་བ་ནི་འཛམ་གླིང་ལ་ལྟ་བའི་མིག་དང་རང་རིགས་ལ་གཟིགས་པའི་མེ་ལོང་ལྟ་བུར་གྲུབ་འདུག་ནའང་།ཤེས་ཡོན་པར་རློམ་པའི་བོད་ཀྱི་སློབ་ཆེན་པའི་སྡེ་ན་བོད་ཡིག་དྲ་ཚུགས་སུ་ཞུགས་མཁན་མཛུབ་མོ་གུག་ནས་བརྩི་ཆོག་པ་ཙམ་རེད།ལྷག་པར་དུ་ཟིན་བྲིས་པ་དག་གིས་གཏག་ནོར་ཡིན་མིན་གྱི་ཡིག་ནོར་ཁྱི་རོ་འདྲ་ཁྱེར་འོང་བ་ནི་མིག་ལ་རན་པོ་མིན་པས་གཟབ་དགོས་པའི་སྐྱོན་བརྗོད་གནང་ཆོག་ཆོག་ཡིན།འོན་ཀྱང་སྒམ་ཚུགས་དང་ཆེ་ཚུགས་ཀྱིས༼ཡིག་ཚོགས་ཀྱི་གད་སྙིགས༽སུ་བགྲངས་ནས་ཐལ་དྲགས་པའི་སྐྱོན་བརྗོད་བྱེད་པ་ནི་ཕན་པ་ལས་གནོད་པ་མང་སྟེ།ང་ཚོར་མཚོན་ན་གྲངས་སྤུས་གཉིས་ཀ་གཙོ་བས་གཅིག་གིས་ཉུང་ན་ཉུང་སྐྱོན་ཡོད་ལ།ནོར་བ་ལས་མ་ནོར་བ་དགའ་ཡང་མེད་པ་ལས་ཡོད་པ་ལེགས་པས་ཡིག་ནོར་བ་ཕྱིར་འབུད་མི་གཏོང་བར་ཞུ།ཞོར་ཏུ་ཡིག་ནོར་འབྲི་བ་ནི་ང་ཁྱོད་ཁོའམ་ཁོ་མོ་ཚང་མ་བརྒྱུད་དགོས་པ་དང་བརྒྱུད་ཟིན་པ།བརྒྱུད་བཞིན་པའི་གོ་རིམ་ཞིག་ཡིན་ཞེས་ཀྱང་སྨྲ་བར་སྤོབས།

ལྷན་པ། ཆ་འཕྲིན་རིག་གནས་ཀྱི་ཚ་རླབས་དྲག་ཏུ་འཕྱུར་བའི་སྟོང་ལོ་ཉེར་གཅིག་གི་སོ་མཚམས་འདི་ནས་ང་ཚོ་བོད་མི་གང་མང་ཞིག་ད་དུང་ཁ་པར་དང་བརྙན་འཕྲིན་ཙམ་ལས་སྣ་མང་ཅན་གྱི་དྲ་བའི་རིག་གནས་ལ་ཕྱོགས་ཐུབ་ཀྱིན་མེད་པའི་སྐྱ་ཆད་ངོ་སྡུག་གི་གནས་བབ་འདི་དང་འདི་ལྟ་བུའི་རིག་གནས་མཁའ་དབུགས་ཤིག་གི་ཁྲོད་ནས་ནར་སོན་པའི་ང་ཚོ་སྟེ།ཤེས་ཡོན་པར་འབོད་ཀྱིན་པའི་སློབ་ཆེན་པའི་སྡེ་འདིས་ཀྱང་རྒྱུ་འབྲས་དྲང་འཇོག་གི་བློ་མིག་གསལ་བོ་ཞིག་གིས་འཕེལ་མེད་སོར་གནས་ཀྱི་མི་རིགས་འདིའི་གནས་བབ་ལ་བསྐྱར་ལྟ་བྱས་ཏེ་རང་གི་རིགས་ལ་འགན་ཁུར་གྱི་འདུ་ཤེས་ཤིག་ཡོད་དགོས་ལ་ཡོད་པ་དེ་ཡང་འདུ་ཤེས་ཡོད་པ་ཁོ་ན་ཙམ་མིན་ལ།དེ་ཡང་ཁ་ཤོམ་དང་སྤམ་བཤད་བྱས་ནས་རྫིག་མདོག་དང་འཁྱོངས་མདོག་བསྟན་ཏེ་མཁས་རྟགས་དང་རང་ཉིད་ཁྱབ་བསྒྲགས་ཀྱི་དམིགས་ཡུལ་བཟུང་ནས་ཕྱི་ཚུལ་སྟོན་པ་ཙམ་ཡང་མ་ཡིན་པར་དོན་གྱི་མི་རིགས་འདིར་ཤ་ཚ་ཚ་དང་གྲོས་འདེབས་འདེབས་ཀྱི་དོན་ལ་འཁེལ་བའི་བྱ་བ་ཆེ་ཆུང་ཅི་རིགས་རེ་སྒྲུབ་སྟེ།སྤྱི་ཚོགས་འདི་ནས་ཁ་ཐོག་ཙམ་མིན་པར་དོན་ཐོག་དུ་འབབ་པའི་ལས་དོན་རེ་ལ་གཞོལ་རྒྱུ་ནི་རང་རེ་ན་གཞོན་དག་དང་ཤེས་ཡོན་པ་དག་གི་ལྡོག་མེད་ཀྱི་འགན་འཁྲི་ཡིན་ལ་གཞོན་སྐྱེས་དག་གིས་མི་རིགས་ལ་བཟུང་བའི་དོ་ཁུར་གྱི་རྣམ་འགྱུར་ཞིག་གི་མཚོན་ཚུལ་ཀྱང་རེད་སྙམ་མོ།།

རྐང་རིང་། ༡སྤྱིར་རང་ཉིད་ཀྱིས་སློབ་ཆེན་པ་ཞེས་པའི་མིང་བྱང་འདི་ལ་གོ་བ་ལེན་སྟངས་ཀྱི་ཆ་དང་། རང་ཉིད་འཚོ་བ་དངོས་དེ་ལ་ཞུགས་ཐུབ་མིན། རང་ཉིད་སློབ་ཆེན་པ་ཡིན་སྙམ་པའི་འདུ་ཤེས་རང་རྒྱུད་ལ་འཇགས་ནུས་མིན། ད་དུང་གང་ཡིན་ཆ་མ་འཚལ་མོད། རྒྱ་ མཚན། རང་དང་ཁོར་ཡུག་གཅིག་པའི་སློབ་གྲོགས་མང་ཕྱོགས་ཤིག་གིས་སློབ་ཆེན་པའི་མི་ང་བྱང་འདི་གཞན་ལ་ངོམ་བྱེད་ཙམ་དང་རང་ཉིད་ཀྱི་གཟི་བརྗིད་སྟོན་བྱེད་ཙམ་ལས། འུ་ཅག་གིས་བསམ་བློ་སྐྱེད་སྲིང་བྱེད་ཐུབ་ཀྱིན་མེད་པ། ནུབ་བྱང་གི་བསམ་བློའི་སྙིང་སྟོབས་དང་བསྡུར་ན་ང་ཚོ་ནི་གོག་མ་ལངས་ཀྱིས་བགྲོད་པ་ལས་ཅི་ཡང་མི་འདུག གཙོ་བོ་བསམ་བློའི་ཁོར་ཡུག་གཙང་མ་ཞིག་བསྐྲུན་རྒྱུ་དང་། བསམ་བློ་དེས་མི་གཞན་ནམ་སློབ་གྲོགས་ཚོ་ལ་སྐུལ་སློང་དང་སྣེ་ཁྲིད་ཡག་པོ་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ལགས། འུ་ཅག་གི་དྲ་ཚིགས་རིག་གནས་ལས་མི་རང་སོ་སོའི་གདོང་བག་རྫུན་མ་རེ་གྱོན་ནས་མི་ཡར་འགྲོ་བའི་དོད་དུ་བྱ་བྱེད་སྣ་ཚོགས་ཀྱི་སྐྱོ་གར་རོལ་གྱིན་འདུག བརྒྱ་ཆའི་དྲུག་ཅུ་ཙམ་དེ་ག་རང་རེད། དེ་ན་འུ་ཅག་གིས་དྲ་ཚིགས་དོ་དམ་པའམ་ལས་བཟོ་བ་རྣམས་ལ་སྡིགས་དམོད་དང་ལེ་བདའ་བྱེད་རྒྱུ་མི་འདུག་སྙམ། རྒྱུ་མཚན་འུ་ཅག་ལན་པས་རེད།འུ་ཅག་གི་ཟིན་བྲིས་པ་ལན་པས་རེད། ད་ལྟ་སློབ་ཆེན་པ་མང་ཕྱོགས་ཤིག་གིས་བོད་ཡིག་ཟིན་བྲིས་འདི་ཕར་ཞོག་ཐ་ན་ཕབ་ལེན་ཙམ་ཡང་བྱེད་ཐུབ་ཀྱིན་མི་འདུག འདི་ལ་བལྟས་ཡོང་ན་ང་ཚོ་རང་ཉིད་ནས་ཤུགས་རྒྱག་རྒྱུ་གལ་ཆེ་བར་འདོད་དོ། །

རྡོག་སྒྲ། སྤྱིར་ན་གོང་དུ་གྲོགས་པོ་མང་པོས་ལབ་པ་ནང་བཞིན་བོད་ཡིག་དྲ་ཚིགས་དག་ནི་རྣམ་པ་ཆིག་རྐྱང་ཡིན་པ་དང་ཞུགས་མཁན་ཉུང་བ་སོགས་ཀྱི་སྐྱོན་ཧ་ཅང་མང་བས་འུ་ཅག་གི་འདོད་བློ་ཡོངས་སུ་ཚིམ་ཐབས་མེད་པ་དོན་དངོས་རེད་མོད།ཁོ་བོས་འདོད་ཚུལ་ལ་མིག་སྔའི་སྐྱ་ཆད་སྔོ་སྡུག་གི་གནས་བབ་འདི་འདྲའི་འོག་ཏུ་གློག་འཕྲིན་དྲ་ལམ་སོགས་སུ་དབྱངས་གསལ་སོ་བཞིའི་གཟུགས་བརྙན་ཙམ་ཞིག་མཐོང་དུ་ཡོད་པ་ཡང་ལས་སྐལ་དམན་པའི་འུ་ཅག་གི་ལས་སྐལ་ཙམ་དང་བདག་པོ་མེད་པའི་ཡིག་རིགས་འདི་ལ་བདག་པོ་རྒྱག་སྟངས་ཤིག་ཏུ་མཐོང་ཡོད་པས་འདི་ལ་ཀུན་སློང་གཙང་མས་རྣམ་འགྱུར་ལེགས་པོ་འཛིན་པ་ནི་བོད་སྐད་སྨྲ་བ་ཡོངས་དང་སྒོས་སུ་བོད་ཡིག་དྲ་ཞུགས་པ་རྣམས་ཀྱི་འོས་འགན་འབའ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།གཞན་དུ་འུ་ཅག་འཚོ་གནས་ཀྱི་འཇིག་རྟེན་འདི་ན་བོད་ཡིག་དྲ་ཚིགས་ཁོ་ན་ལས་རང་སྐད་རང་ཡིག་གི་ལམ་ནས་བོད་མིས་བོད་མིར་སེམས་པ་གླན་ཆོག་པའི་གནས་ཤིག་གང་དུ་ཡང་འཚོལ་དཀའ་བས་ཉམ་ཆུང་དབང་ཆུང་གི་འུ་ཚོར་མཚོན་ན་འདི་ཙམ་པོ་ཞིག་ལ་ཡང་དགའ་བ་མི་སྐྱེ་རང་སྐྱེས་རེད་འདོད།དེ་བས་བོད་ཡིག་དྲ་བར་ཞུགས་མཁན་དང་ཀློག་མཁན་ཚང་མས་འདི་ཉིད་སྲུང་འཛིན་དང་ལེགས་བསྒྱུར་གྱི་རྨང་གཞིའི་སྟེང་ནས་སོ་སོའི་རྣམ་དཔྱོད་དང་སྨྲ་ལྕེ་ཡུན་གྱིས་བརྡར་ན་བདག་གཞན་སྤྱི་སྒེར་གྱི་ཀུན་ལ་ཕན་པ་རབ་ཏུ་ཆེ་བར་སྙམ།

·གསར་འགྱུར་གོང་མ:ཆ་འཕྲིན་གྱི་གོ་སྐབས་བཟུང་ནས་བོད་ཡིག་སྤེལ།
·གསར་འགྱུར་འོག་མ:མགོ་ལོག་ནས་དམངས་གླུ་འགྲན་ཚོགས་བསྡུས་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:33:21 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:09:46 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 7:47:54 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 49 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS