ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> དམངས་སྲོལ
གསར་འགྱུར་ཀློག་པ།

“བོད་སྲོལ་རྒྱུན་སྐྱོང་”ཞེས་པའི་བྱ་འགུལ།

[རྩོམ་པ་པོ:འབའ་ཚེར་ཨ་རྡོ།  ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།  དུས་ཚོད:2011/7/3 9:02:05  བཀླགས་ཐེངས:1609][ཡིག་གཟུགས:ཡིག་གཟུགས་མདོག]
བོད་སྲོལ་རྒྱུན་སྐྱོང་ཞེས་པའི་བྱ་འགུལ།

དེ་ཡང་“བཅོས་བསྒྱུར་སྒོ་འབྱེད”ཀྱི་བསམ་བློའི་རླབས་རྒྱུན་ཁྲོད་མཚར་ལོངས་བྱུང་བའི“ནུབ་ཁུལ་གསར་སྤེལ”གྱི་སྲིད་ཇུས་མདོ་དབུས་ མཐོ་སྒང་དུ་སླེབས་རྗེས། སྒང་བ་བོད་པ་དག་གིས་ རྒྱལ་ཁབ་ཀྱིས་རོགས་འདེགས་འོག “བོད་ཁུལ་གྲོང་བརྡལ་ཅན”དུ་བསྒྱུར་མགོ་བརྩམས་ལ། ལོ་ངོ་ སུམ་ཅུ་ལྷག་གི་དུས་ཡུན་ནང་དུ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་ཀུན་གྱིས་མཁྱེན་གསལ་ལྟར་འདུག་པས་ཞིབ་རྒྱས་སུ་སྤྲས་པའི་དགོས་པ་མེད་དོ།།

འབྲོག་སྡེ་གསར་བ།                                                                        དར་ལྕོག་ཁ།

ཏག་ཏག“རྒྱལ་ཁའི་གདོང་ན་སྐྱོ་བའི་ཉམས་སྣང་མཐོང་”ཞེས་པའི་དཔེ་ལྟར། ཚེ་ཚེ་རབས་རབས་ལ་འབྲོག་དགོན་ཐང་དུ་ནོར་ལུག་གི་རྗེས་ བསྙེག་པའི་འབྲོག་པ་མང་ཚོགས། བོད་ཀྱི་ལོ་རྒྱུས་ ལས“རི་ཁྱིམ་ཀློང་དུ་སྤོས”ཞེས་པའི་ལམ་དུ་ཞུགས་ཏེ། མགོ་སྦྲ་རྒྱབ་ཏུ་བསྐྱར་ནས་མཁར་གྲོང་གི་
འཚོ་བའི་འདུ་འཛི་ལ་ཆགས་མགོ་བརྩམས་པ་ནས་བཟུང་། མང་མང་ཞིག་གིས་རང་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་བོད་སྲོལ་དག་དོར་བའམ་གད་ སྙིགས་ནང་དུ་འཕེན་པ་དང་། ཡང་ལ་ལས་རྡོག་རྫུས་གཏོང་བཞིན་རང་འཚང་མངོན་པའི་གཏམ་དུ་གནའ་མི་བླུན་པོ་དག་ཅེས་ལོ་ངོ་སྟོང་ཕྲག་དུ་མ༼བོད་ ཀྱི་ལོ་རྒྱུས་ཆེན་མོ་ལས། ཐོག་མའི་དབང་མཛད་བཅུའི་ནང་ཚན“རེ་ཏེ”མགོ་གཡག་བདུད་ཀྱི་དུས་སྐབས༽འི་ཡར་སྔོན་དུ་ཁ་བ་རི་བའི་མེས་པོ་དག་ གིས་འཚོ་བའི་དགོས་མཁོར་དམིགས་ནས་གསར་གཏོད་བྱས་པའི་གཞིས་ཁྱིམ་དྲོད་མོ་སྟེ། གནས་ངེས་མེད་དུ་སྤོ་བསྐྱོད་བྱེད་པར་སྟབས་བདེ་ཞིང་། ཁོར་ ཡུལ་སྲུང་སྐྱོབ་ལ་དགེ་མཚན་ཆེན་པོ་ལྡན་པས། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་གཅེས་སྐྱོང་ཚོགས་ པས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མྱོང་བའི“སྦྲ་ཁྱིམ་སྨུག་པོ”ལ་སྡང་སྡིག་གཏོང་བཞིན“ཉི་འོད་དྲོད་ཁང་”གི་དགེ་མཚན་གླེང་གིན་འདུག དེའི་གོ་རིམ་ཁྲོད་རིག་གནས་མང་པོ་ཞིག་བོར་ བརླག་ཏུ་གྱུར་ཏེ། རྗེས་རབས་པ་དག་གི་སྤྱན་ལན་དུ་མངོན་ཐབས་བྲལ། དེས་ཕྱིར་ཐེམ་ཆེན་རྫོང་འབྲོག་སྡེ་སྐད་ཡིག་གཅེས་སྐྱོང་ཚོགས་པས་སྣང་ཚུལ་ དེར་དམིགས་ནས་སྤྱི་ཟླ༦པའི་ཚེས༢༦ཉིན་ཐེམ་ཆེན་རྗོང་ མཁར་ཁུལ་ནུབ་འདབ་ཀྱི་དར་ལྕོག་ཁ་རུ“བོད་སྲོལ་རྒྱུན་སྐྱོང་”ཞེས་པའི་སྦྲ་སྟོན་གྱི་བྱ་ འགུལ་ཞིག་སྤེལ། བྱ་འགུལ་དེར་འབྲོག་ཁྱིམ་ཞིག་ལ་ལྡན་དགོས་པའི་ཁྱིམ་ཆས༼པར་རིས་ལས་མཐོང་བའི་སྦྲ་ནག་ དང་ཁྱིམ་ཆས་དག འབྲོག་སྡེ་གསར་ བའི་ཁྱིམ་ཚང་དུ་མས་ལོ་དུ་མར་ཆག་ཉར་དང་། གང་འདོད་དུ་དབྱུག་ནས་རྙིང་ཧྲིལ་དུ་གྱུར་བ་རོ་ལངས་བརྒྱག་ཏུ་བཅུག་པ་ཡིན༽ཡོད་ཚད་ལྷག་ལུས་ མེད་པར་འཛོམས་སུ་བཅུག་ཡོད་པས། མཁར་གྲོང་དུ་གཞི་བསྡོད་བྱས་ནས་ཡུན་རིང་འགོར་བའི་འབྲོག་པ་མང་ཚོགས་ལ། འབྲོག་ཁྱིམ་གྱི་འཚོ་བ་ཡང་ བསྐྱར་མཐོང་དུ་བཅུག་པར་མ་ཟད། མར་རྩམ་དང་འོ་ཞོའི་དྲོ་བ་ མྱོང་བའི་གོ་སྐབས་ལྡན་དུ་བཅུག དེ་མིན་ཡུལ་དངོས་ནས་འཐག་ལས་ལ་བྱང་ཆ་ལྡན་ པའི་རྒན་པ་སྐོར་ཞིག་གདན་འདྲེན་བྱས་ནས་སྦྲ་ནག་བཟོ་ཚུལ་སྐོར། ཐེངས་དེའི་བྱ་འགུལ་ལ་ཞུགས་པའི་མི་རྣམས་ཀྱི་སྤྱན་ལམ་དུ་མངོན་ལ། འགྲེལ་ བཤད་པས་སྒྲ་དག་གསལ་གསུམ་གྱི་སྒོ་ནས“སྦྲ་ནག་རིག་གནས”ཀྱི་སྐོར་ངོ་སྤྲོད་བྱས་ཏེ། རྗེས་རབས་པ་དག་ལ་ཕ་ངོ་སྤྲད་པ་ལྟ་བུའི་དགེ་མཚན་ བསྐྲུན།

རུས་སྦལ་གྱི་དབྱིབས་ལྟར་མཇོང་བའི་སྦྲ་ཁྱིམ་སྨུག་པོ།

ཚོགས་མི་དང་ཚོགས་ཞུགས་མི་སྣ་བར་བགྲོ་གླེང་ངྱེད་བཞིན་པའི་ཚུལ།

ཚོགས་གཙོས་འོ་ཇ་སྐོལ་བཞིན་པའི་ཚུལ།

གསར་དུ་ལས་པའི་ཕོ་གྲལ་དང་ཀོ་ཁའི་དབྱེ་བ་གསལ་ཞིང་རིས་དབྱིངས་ལྡན་པའི་ཐབ་ཀ

ཁྱིམ་ཆས་སྣ་ཚོགས།

འོ་ཟོལ།                                                               ཆུ་ཟོལ།

སྐུད་པ་འཁལ་བཞིན་པའི་ཚུལ།

འཐག་མགོ་རྩོམ་བཞིན་པའི་ཚུལ།

འཐག་ཤིང་།
གསལ་བཤད། ཟིན་ཐོ་འདི་འབྲོག་སྡེ་སྐད་ཡིག་གཅེས་སྐྱོང་ཚོགས་པར་རྒྱབ་སྐྱོར་གྱི་ཚུལ་དུ་འདིར་བཀོད་པ་ཡིན།རིན་ཐང་ལྡན་མིན་ཀློག་པ་པོ་དག་གིས་དཔྱད་བརྗོད་སྤེལ་བ་ལས་ཁོ་བོའི་ལས་འགན་མིན།

·གསར་འགྱུར་གོང་མ:ཨ་ལན་ཟླ་བ་སྒྲོལ་མ་དང་ཉི་ཧོང་འགུལ་རིས་གློག་བརྙན་སེང་ཁྱི་རྡོ་རྗེ།
·གསར་འགྱུར་འོག་མ:མཚོ་སྔོན་པོ་ཟིན་ཕྲན་མཚམས་སྦྱོར།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 2:53:18 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 4:39:44 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 7:12:22 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.97MS