ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> སྒྲ་སྒྱུར
གསར་འགྱུར་ཀློག་པ།

བྱ་ལེན་མའི་ཟློས་གར༽བོད་འགྱུར་མའི་སྐོར་གྱི་སྐད་ཆ་འགའ།

[རྩོམ་པ་པོ:བདེ་གྲོལ།  ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།  དུས་ཚོད:2011/7/14 8:28:23  བཀླགས་ཐེངས:1728][ཡིག་གཟུགས:ཡིག་གཟུགས་མདོག]

བྱ་ལེན་མའི་ཟློས་གར༽བོད་འགྱུར་མའི་སྐོར་གྱི་སྐད་ཆ་འགའ།

༡ བདག་ལ་ཟློས་གར་གྱི་བསྟན་བཅོས་དེ་བོད་ཡིག་ཏུ་བསྒྱུར་བའི་ཀུན་སློང་དེ་དུས་སྔ་མོ་ནས་སྐྱེས་ཤིང་གཅིག་ན་དགེ་ཆོས་དང་དོན་གྲུབ་རྒྱལ་གཉིས་ཀྱིས་སྒྱུར་འཕྲོ་བྱས་ཡོད་པ་དང་། གཉིས་སུ་བོད་རང་གི་སྙན་ངག་གི་བརྡ་སྐད་ཐུན་མོང་མ་ཡིན་པ་དེ་ད་ལྟ་ཉམས་དམས་སུ་འགྲོ་བཞིན་པ། གསུམ་དུ་བསྟན་བཅོས་དེ་ནི་ནག་མོ་ཁོལ་གྱི་རྩོམ་དག་ལས་སྙན་གྲགས་ཆེ་ཤོས་ཡིན་པ་དང་དེའི་རྩོམ་རྩལ་གྱིས་ཁོ་བོ་རང་གི་ཡིད་ཀྱི་བརྟན་པའང་དབང་མེད་དུ་འཕྲོག་པ་སོགས་ཀྱི་རྐྱེན་པས་བདག་གིས་དེ་ཉིད་བོད་ཡིག་ཏུ་བསྒྱུར་བའི་ལས་འཕྲོ་བསྐྱངས་པ་ཡིན་སྙམ།
༢ ང་རང་གི་སྒྱུར་ཉམས་དེར་ཁོང་གཉིས་དང་མི་འདྲ་བའི་ཁྱད་ཆོས་ཅི་འདྲ་ཡོད་པ་ཚིག་གཅིག་གིས་སྨྲ་མི་ཐུབ་ཀྱང་འོན་ཀྱང་བདག་གིས་མ་རྩོམ་ནང་གི་རྟོག་ཡུལ་དང་བསྟན་དོན། ཚིག་རྒྱན་གྱི་མཛེས་པ་སོགས་རང་གི་བློ་ལ་བྱང་བར་བྱས་རྗེས་སླར་ཡང་དེ་ཉིད་བོད་ཡིག་གི་སྙན་ངག་ཏུ་བྲིས་པ་ཡིན་ལ་གཙོ་བོ་མཛེས་པའི་ཆ་དེ་བཟུང་བ་ཡིན། དེ་ལྟ་མིན་པར་ཚིག་གཅིག་རེ་གཅིག་རེ་ཐད་སྒྱུར་བྱས་ཏེ་སྙན་ངག་གི་རོ་ཉམས་མེད་པ་ལྟ་བུ་ཞིག་ཏུ་བསྒྱུར་ན་དོན་སྙིང་ཅི་ཡང་མེད་པར་སྙམ།
༣ འགའ་ཞིག་གིས་བཤད་ན་དགེ་ཆོས་ཀྱང་ཆ་ཚང་བར་བསྒྱུར་ཡོད་ཀྱང་བོར་བརླག་ཐེབས་པར་བཤད།དགེ་ཆོས་ཀྱི་བརྩམས་ཆོས་དཀར་ཆག་ཏུ་བཀོད་པ་དེར་ཡང་སྒྱུར་འཕྲོ་བྱས་པའི་སྐོར་གང་ཡང་གླེང་མི་འདུག དོན་གྲུབ་རྒྱལ་གྱིས་སྒྱུར་འཕྲོ་བྱས་པ་ནི་མངོན་གསལ་རང་རེད། གལ་སྲིད་དགེ་ཆོས་ཀྱི་འགྱུར་རྩོམ་ཆ་ཚང་བ་དེ་རང་རེའི་བགོ་སྐལ་དུ་ཡོད་ཚེ་བདག་གིས་ཀྱང་བྱི་བས་གླང་ཁུར་ལེན་པའི་ངལ་བ་རྩོམ་ཅི་ལ་དགོས། གསལ་བོར་བཤད་ན་དགེ་ཆོས་ཀྱི་འགྱུར་ཡིག་དེས་བདག་གི་ཡིད་དབང་མེད་དུ་བཀུགས་པས་བདག་གིས་ཡན་ལག་དང་པོའི་ནང་གི་ཚིགས་བཅད་གཅིག་ཁོང་གི་འགྱུར་ལྟར་རང་སོར་བཞག་ཡོད་། དེ་ནི་ང་ལ་དེ་ལས་ལྷག་པའི་སྒྱུར་ཐབས་ཤིག་མེད་པས་ཡིན། དོན་གྲུབ་རྒྱལ་གྱི་འགྱུར་དེ་དགེ་ཆོས་ཀྱི་འགྱུར་དང་བསྡུར་ན་ཅུང་ཙམ་རྩིང་བའི་རྣམ་པ་ཅན་དུ་གྲུབ་ལ་མི་སྣའི་མཚན་ཡང་རྒྱ་ཡིག་རང་སོར་བཞག་པས་སྤྱིའི་ཆ་ནས་དེ་ཙམ་ལེགས་པོར་མ་མཐོང་། འོན་ཀྱང་ཁོང་གི་བསྒྱུར་བའི་ཚིགས་བཅས་འགའ་ཤས་ཤིག་ནི་ཡག་པོ་དཔེ་མེད་པར་མཐོང་།
༤ ངས་ནི་ལེགས་སྦྱར་མི་ཤེས་པས་ང་རང་གི་འགྱུར་དེའང་དོན་གྲུབ་རྒྱལ་དང་འདྲ་བར་རྒྱ་ཡིག་གི་འགྱུར་ཡིག་གཙོ་བོར་བཟུང་ནས་བསྒྱུར་བ་ཡིན་པས་དེ་ནི་མ་འདང་ས་གཙོ་བོ་ཡིན། ཡན་ལག་རྗེས་མ་དག་གི་སྐབས་སུ་དབྱིན་ཡིག་གི་འགྱུར་ཡིག་ཀྱང་རྙེད་མོད་འོན་ཀྱང་དེ་ནི་ཕལ་སྐད་ཀྱི་ཁ་བརྡ་ལྟར་བསྒྱུར་བ་ཞིག་ཡིན་པས་དེ་ལས་སྙན་ངག་གི་ཉམས་ཟེར་བ་དེ་རྙེད་ཀྱི་མི་འདུག  ལྷག་པར་དུ་ལེགས་སྦྱར་གྱི་མ་ཡིག་མ་རྙེད་པས་མི་སྣ་དག་གི་མིང་ལེགས་སྦྱར་དུ་འབྲི་ཚུལ་ལ་འགྱུར་བཅོས་བྱ་དགོས་པ་མང་པོ་ཞིག་ཡོད་པས་ད་ལྟའི་བར་པར་དུ་མ་བཏབ་པར་ལུས་ཡོད་པ་ཡིན།
༥ སྤྱིར་ན་བྱ་ལེན་མ་དེ་སྤྲིན་གྱི་ཕོ་ཉ་ལས་བརྩམས་ཆོས་སྐད་གྲགས་ཅན་ཡིན་མོད། ཡིན་ནའང་བོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་མ་ཐུབ་པའི་རྒྱུ་མཚན་ཅི་ཡིན་ཞེས་ན་འགྱུར་མཐར་མ་ཕྱིན་པ་དེ་རྒྱུ་རྐྱེན་གཅིག་དང་བསྒྱུར་ཏེ་དུས་ཡུན་རིང་པོ་འགོར་མེད་པའང་རྒྱུ་རྐྱེན་གཅིག་རེད་སྙམ། དེ་ལས་གཞན་ཟློས་གར་དང་སྙན་ངག་གཉིས་ལས་བོད་པ་རྣམས་སྙན་ངག་ལ་ཅུང་དགའ་བས་ཀྱང་ཡིན་ནམ་སྙམ་སྟེ༼ཀླུ་ཀུན་ཏུ་དགའ་བའི་ཟློས་གར༽སོགས་ཟློས་གར་རེ་འགའ་ཡང་བོད་དུ་འགྱུར་ཡོད་ནའང་དེས་ཤུགས་རྐྱེན་ཆེན་པོ་མ་ཐེབས། འཇུ་མི་ཕམ་གྱིས༼གླུ་བྲོ་སྒྱུ་མའི་རོལ་མོ༽སོགས་བརྩམས་ཏེ་རྒྱ་གར་གྱི་ཟློས་གར་གྱི་རྩོམ་ཉམས་བོད་དུ་འདྲེན་པར་བརྩམས་ནའང་དེའང་གྲགས་མི་ཆེ། དེ་མིན༼སྤྲིན་ཕོ༽ནི༼བྱ་ལེན་མ༽དང་མི་འདྲ་བར་ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་གི་ཉམས་དང་ལྡན་པས་ན་བྱུང་རིམ་རྙོག་འཛིང་མིན་པས་གོ་བ་ལེན་ཡང་སྟབས་བདེ་བོ་ཡོད། འོན་ཀྱང༼བྱ་ལེན་མ༽འི་མཛེས་པ་ནི་བྱུང་རིམ་དང་། ཕྱིའི་སྤྱོད་པ་ལས་ནང་སེམས་ཀྱི་འགྱུར་བ་མཚོན་པ། ཁོར་ཡུག་ལས་སེམས་ཁམས་མཚོན་པ་སོགས་ཀྱི་སྟེང་ན་ཡོད་པས་གོ་བ་ལེན་ཅུང་དཀའ་མོར་འདུག དེ་དག་གིས་ཨེ་ཡིན་ནམ།
༦ རང་གིས་བསྒྱུར་བ་དེས་སྤྲིན་གྱི་ཕོ་ཉ་ཇི་བཞིན་བོད་ཀྱི་རྩོམ་རིག་ལ་ཤུགས་རྐྱེན་ཆེན་པོ་འཇོག་ཐུབ་པའི་གདེང་ཚོད་ཡོད་དམ་ཞེ་ན།གདེང་ཚོད་མི་འདུག རྒྱུ་མཚན་ནི་ལོ་ཙཱ་བ་ཤོང་སྟོན་མཆོག་གི་སྒྱུར་རྩལ་དང་ངེད་ཅག་སྡུར་ཐབས་མེད་ལ་བོད་པ་ཚོས་ཚིག་སྐྱོན་དུའང་རྩི་བའི་ཁོང་གི་ཚིག་སྡུད་དང་སྡེབ་སྦྱོར། རོལ་དབྱངས་ཀྱི་ཉམས་སོགས་ད་ལྟ་བེད་སྤྱད་ན་མཁས་པར་རློམ་པ་ཚོས་གཤེ་གཤེ་ཆེན་པོ་གཏོང་གི་རེད། ཡིན་ནའང༼བྱ་ལེན་མ༽ཉིད་ཨིན་ཇི་བའི་སྒྱུར་ཐབས་ལྟར་ཧ་གོ་བར་ཁོ་ནར་དམིགས་ཏེ་གཏམ་རྒྱུད་ཀྱི་རྣམ་པ་ལྟར་བསྐྱར་དུ་བྲིས་ན་ཤུགས་རྐྱེན་མི་ཐེབས་པའི་རྒྱུ་མཚན་ཡང་མི་འདུག དཔེར་ན་བསླབ་དེབ་སོགས་སུ་བདམ་རྒྱུ་བྱུང་ན། ཡིན་ཡང་འདི་ནི་ང་རང་གི་བསམ་ཚུལ་ཙམ་ཡིན། མ་འོང་བའི་དོན་དེ་སུས་ཀྱང་དཔག་མི་ཐུབ།
༼གོང་གི་སྐད་ཆ་དེ་དག་བྱ་ལེན་མའི་ཟློས་གར་བོད་འགྱུར་མའི་སྐོར་ལ་ཞིབ་འཇུག་བྱེད་མཁན་སྐུ་ཞབས་འཇམ་དཔལ་མཆོག་གི་དྲི་བར་ལན་བཏབ་པ་དག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་ཡིན༽
·གསར་འགྱུར་གོང་མ:ཚ་བ་མདའ་སྨྱུག་གི་དེབ་གསར་ཐོན་ཡོད།
·གསར་འགྱུར་འོག་མ:དབང་པོ་སྐྱོན་ཅན་སློབ་མ་བསྡུ་བའི་བརྡ་ཁྱབ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·སྒྲ་སྦྱོར་བམ་པོ་གཉིས་པ་བཞུགས་སོ།། 2015/7/29 14:04:40
·བྱ་གཞུང་དབྱངས་བྷའི་རྩོམ་རིག་ཡིག་སྒྱུར་སྐོར་གྱི་ལྟ་ཚུལ་ཕྲན་བུ། 2011/4/21 20:26:31
·རྒྱ་བོད་ཡིག་སྒྱུར་ཁྲོད་ཚིག་གི་སྒྱུར་ཐབས་སྐོར་གླེང་བ། 2010/1/6 22:24:23
·ལོ་ཆེན་དགེ་འདུན་ཆོས་འཕེལ་གྱི་ཡིག་བསྒྱུར་དགོངས་པའི་སྐོར། 2009/12/28 22:20:03
·སྒྲ་སྦྱོར་བམ་གཉིས། 2009/12/20 15:35:43
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 14:48:11 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 18:59:49 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 4:43:23 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS