ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> རིས་མེད
གསར་འགྱུར་ཀློག་པ།

མགོ་ལོག་གཅིག་སྒྲིལ་ས་ནས་རིས་མེད་མཐུན་ཚོཊ་བསྡུས་པ།

[རྩོམ་པ་པོ:སྨིན་དབུས་པོ  ཡོང་ཁུངས:སེང་རྡོར་དྲ་བ།  དུས་ཚོད:2011/7/25 20:11:44  བཀླགས་ཐེངས:1946][ཡིག་གཟུགས:ཡིག་གཟུགས་མདོག]

མགོ་ལོག་གཅིག་སྒྲིལ་རྫོང་ཁོངས་ཀྱི་དགོན་སྡེ་ཡོངས་དང་སྡེ་ཁག་ཡོངས་རིས་མེད་མཐུན་ཚོགས་སྐབས་དང་པོའི་བགྲོ་གླེང་འདུ་ཚོགས་དཔལ་ཡུལ་དར་ཐང་ནས་ཚོད་ལྟའི་ཚུལ་དུ་ཟླ་འདིའི་ཚེས ༢༡ ཉིན་བསྡུས་ཤིང་ཚེས ༢༣ བདེ་ལེགས་ངང་གྲོལ།

ཚོགས་རའི་རྣམ་པ།

ཚོགས་འདུ་འདིས་གཙོ་བོ་ས་གནས་ཀྱི་དགོན་སྡེ་སོ་སོས་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་གཙོ་སྙིང་དུ་བཟུང་སྟེ། ས་གནས་ཀྱི་དགོན་སྡེ་ཁག་གི་གྲྭ་བའི་སྤུས་ཚད་ཇེ་མཐོར་གནོང་གཏོང་རྒྱུ་དང་། དགོན་སྡེ་སོ་སོའི་གྲྭ་བ་ལོ་གཞོན་ཁག་ལ་སློབ་གསོའི་བྱ་བ་གལ་ཆེན་བྱས་ནས་རྫོང་གཅིག་གྱུར་གྱིས་སློབ་གཞི་བཟོ་བ་དང་། གཅིག་གྱུར་གྱི་རྒྱུགས་ལེན་རྒྱུ། དེ་བཞིན་དུ་ས་གནས་མང་ཚོགས་ཀྱི་མཐུན་སྒྲིལ་གཙོ་བོ་བྱས་ཐོག་མེས་པོ་གོང་མའི་ཡ་རབས་ཀྱི་ཀུན་སྤྱོད་གཞིར་བཟུང་དུས་རབས་ཀྱི་འགྲོས་དང་མཐུན་ཞིང་། མ་འོངས་པའི་འཕེལ་ཕྱོགས་ལ་ཕན་འབྲས་ཐོབ་ཐབས་ཀྱི་མིག་རྒྱང་དང་དམིགས་འབེན་ཁོ་ན་སྲོག་ཏུ་བྱས་ཏེ་ས་གནས་ཀྱི་དགོན་པའི་བླ་སྤྲུལ་དང་། སྡེ་བའི་མགོ་ཁྲིད། ཤེས་ཡོན་པ་ཡོངས་ཀྱིས་ཁྲིམས་མཐུན་སྒོས། མང་གཙོའི་ལམ་ལུགས་གཙིགས་སུ་བཟུང་སྟེ། སྲོལ་རྒྱུན་རིག་གནས་ཀྱི་ལེགས་ཆ་སྲུང་སྐྱོང་། དེང་རབས་འགྲོས་མཐུན་གྱི་ལམ་ནས་ཁོར་ཡུག་སྲུང་གཙང་སྦྲ་དང་ཁོར་ཡུག་སྲུང་སྐྱོབ་སོགས་ལ་ཡར་རྒྱས་ཡོངས་ཐབས་སོགས་གྲོས་གཞི་སྣ་ཁ་བཅུ་ཅན་གྱི་བགྲོ་གླེང་འདུ་ཚོགས་ཤིག་རེད།

ཚོགས་འདུ་འདིའི་གཙོ་འགན་བཞེས་མཁན་ནི། དཔལ་ཡུལ་ཡུལ་ཚོའི་མངའ་ཁོངས་ཀྱི་དཔལ་ཡུལ་དར་ཐང་དགོན་ཆེན་དང་། ལུང་དཀར་དགོན། རྡོ་རྗེའི་གདོང་རྫོང་དགོན་གསུམ་མཉམ་སྒྲུབ་ཀྱིས་བཙུགས་པའི་ཚོགས་ཆུང་ཞིག་རེད། ཚོགས་ཆུང་འདིར་ཚོགས་མི་བཅོ་ལྔས་གྲུབ་ཡོད།

ཚོགས་འདུ་འདིར་གདན་ཞུའི་སྐུ་མགྲོན་ནི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཚང་དང་། རྭ་རྒྱ་འཇིགས་མེད་རྒྱལ་མཚན་རྣམ་གཉིས་དང་ཚོགས་ཞུགས་པ་ནི། གཅིག་སྒྲིལ་དགོན་སྡེ་བཅུའི་དགོན་བདག་སོ་སོ། དམངས་དམ་ཁང་གི་ལས་འགན་པ་སོ་སོ། ཡུལ་ཚོ་སོ་སོའི་རུ་གཙོ་རྣམ་པ་དང་སྤྱི་མི་རྒན་རིམ། ཁུལ་དམངས་ཚོགས་སྒྱུ་རྩལ་ཁང་། རྫོང་ཆོས་ལུགས་དོ་དམ་ཁང་སོགས་འབྲེལ་ཡོད་ལས་ཁུངས་དུ་མའི་ལས་བྱེད་མི་སྣ་འདུས་པས་གྲུབ་ཡོད།
ཚོགས་ཐོག་ཏུ་གདན་ཞུས་སྐུ་མགྲོན་རྣམ་གཉིས་ཀྱིས་སྤྱིར་རྒྱལ་བའི་བསྟན་པ་དང་། སེམས་ཅན་བདེ་སྐྱིད་ཀྱི་རྩ་བ་ནང་བསྟན་རིན་པོ་མི་ཉམས་ཡུན་གནས་ཀྱི་ཐབས་ལམ་ཐད་ནས་དགོངས་འཆར་དང་། ཁྱད་པར་དུ་ས་གནས་ཁོར་ཡུག་མང་ཚོགས་འདི་བདེ་ཕྱི་སྐྱིད་ཀྱི་ལམ་ལ་ཅི་ལྟར་འབད་ན་ལེགས་པའི་ཐབས་ལམ་ལ་དགོངས་འཆར་སློབ་གསོ་དང་གྲོས་གཞི་རིན་ཐང་ལྡན་པ་གནང་། གཞན་ཚོགས་ཞུགས་མི་སྣ་སོ་སོས་གྲོས་གཞི་བཅུའི་ཁོངས་ནས་གཏམ་བཤད་བགྲོ་གླེང་སྣ་ཚོགས་བྱས་མཐར། གླེང་གཞི་འགའ་ཞིག་རིམ་བཞིན་ལག་བསྟར་ལ་འདེབས་རྒྱུ་དང་། གོང་རིམ་ལ་ཡར་ཞུ་བཀའ་གནང་ཐོབ་པའི་འོག་མུ་ནས་མུ་རུ་ས་གནས་རིས་མེད་མཐུན་ཚོགས་ཀྱི་བགྲོ་གླེང་སྤེལ་ཨེ་ཐུབ་ལྟ་རྒྱུར་གྲོས་ཆོད་བྱུང་།
ཚོགས་ཞུགས་ལྷན་རྒྱས་ཀྱི་འདྲ་པར།

·གསར་འགྱུར་གོང་མ:སྐུ་འབུམ་ཉི་འོད་རྩོམ་བརྡ།
·གསར་འགྱུར་འོག་མ:བློ་བཟང་ཀུང་སིས་གསར་སྤེལ་བོད་ཡིག་ལག་འཁྱེར་ཁ་པར།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·དྲང་པོར་གསོལ་བའི་བདེན་ཚིག་ 2015/5/30 15:04:46
·གྲུབ་མཐའ་རིས་མེད་སྐོར་གྱི་འཆད་ཁྲིད། 2013/7/31 20:57:03
·ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་དྲང་སྲོང་བདེན་དབྱངས། 2011/4/18 12:39:40
·འཇུ་མི་ཕམ་གྱི་རིས་མེད་སྐོར་གྱི་གསུང་ཞིག 2010/12/5 13:44:35
·གྲུབ་མཐའ་འགའི་བླ་བརྒྱུད་གསོལ་འདེབས་བཞུཊ། 2010/12/4 13:02:51
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 14:54:01 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 19:06:50 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 4:53:33 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS