ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
  གསར་འགྱུར་ཀློག་པ།

མིའི་འབྲེལ་བའི་སྒྱུ་རྩལ།

[རྩོམ་པ་པོ:དོ་རྒྱ་བསོད་ནམས་རྡོ་རྗེས་  ཡོང་ཁུངས:སེང་དྲ་  དུས་ཚོད:2011/9/14 8:45:42  བཀླགས་ཐེངས:1306][ཡིག་གཟུགས:ཡིག་གཟུགས་མདོག]
མིའི་འབྲེལ་བའི་སྒྱུ་རྩལ། 
(ཨ་རི)པའ་ཅིན་སིན།
དོ་རྒྱ་བསོད་ནམས་རྡོ་རྗེས་བསྒྱུར།
ལོ་རྒྱུས་ཀྱི་རྒྱབ་ལྗོངས།
   དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བར། ཨ་རི་ནས་བྱུང་ཞིང་འཕེལ་བའི་མིའི་འབྲེལ་བའི་རིག་པ་ལ་མི་རྣམས་ཀྱིས་ཚ་ཚ་འུར་འུར་གྱིས་མཐོང་ཆེན་གནང་སྟེ་འཛམ་གླིང་ཡོངས་ལ་ཁྱབ་པར་གྱུར། སྐབས་དེར་ཚོང་ལས་དང་རིག་གཞུང་གི་ཁྱབ་ཁོངས་གང་ཡིན་ནའང་ནུས་ཤུགས་ཡོད་རྒུ་ཕུལ་ཏེ་རིག་པ་འདིའི་སྐོར་ཞིབ་འཇུག་དང་ཁྱབ་སྒྲོག་བྱས། མིང་དུ་གྲགས་པའི་དོ་དམ་རིག་པ་སྨྲ་བ་དང་སྤྱི་ཚོགས་རིག་པ་སྨྲ་བ་མང་བོ་ཞིག་གིས་ཀྱང་དཔེ་དེབ་བརྩམས་ཤིང་གཏམ་བརྗོད་སྤེལ། སྤྱི་ཚོགས་ཀྱི་ངོ་བོ་དང་མིའི་སེམས་ཀྱི་ཕྲ་རགས་གང་ཡང་རྗེན་པར་འདོན་ཐུབ་པའི་ཤེས་རབ་ཅན་གྱི་སྐྱེས་བུ་ཞིག་ཡིན་པའི་ཆ་ནས། དགེ་རྒན་ཆེན་མོ་པའ་ཅིན་སིན་ལགས་ནི་མིའི་འབྲེལ་བའི་ནུས་པ་ལ་ཐུན་མོང་མ་ཡིན་པ་དང་གཏིང་ཟབ་པའི་ཆ་རྒྱུས་གཞན་ཞིག་ཡོད་འདུག གཏམ་བཤད་འདི་ནི་ཁོང་གིས་མིའི་འབྲེལ་བའི་སྐོར་ནས་གསུངས་པའི་བདེན་པ་གནད་འཕིགས་ཀྱི་ལྟ་ཚུལ་རེད།
མ་རྩོམ་མྱོང་རོལ།
  མི་རྣམས་ཡིད་ཚིམ་པའི་ལས་ཤིག་བསྒྲུབ་ཏུ་འཇུག་པ་ནི་དོ་དམ་བྱ་བའི་ཆ་ཤས་ཤིག་མ་ཡིན་པར་དེ་ལས་ལྡོག་སྟེ་ཡོད་ཚད་དོ།།
  ཁྱོད་ལ་མི་དང་མིའི་བར་གྱི་འབྲེལ་བ་ནི་དོ་དམ་རིག་པའི་དེབ་ཐེར་ཁྲོད་ཀྱི་ས་བཅད་ཅིག་ཞིག་ཡིན་པའི་ལྟ་ཚུལ་ཞིག་གཏན་ནས་ཡོད་མི་རུང་། དོ་དམ་རིག་པའི་དེབ་ཐེར་གྱི་བརྗོད་བྱ་ཡོངས་སུ་རྫོགས་པ་མི་དང་མི་བར་གྱི་འབྲེལ་བ་ཡིན། རྒྱུ་མཚན་ནི་ཁྱོད་ཀྱིས་མི་དང་མིའི་བར་གྱི་འབྲེལ་བ་ལེགས་པར་ཐག་མ་བཅད་ཚེ་གྲུབ་འབྲས་ཤིག་གཞར་ཡང་དཔེ་མི་སྲིད་དོ།།
  མི་རྣམས་ཡིད་ཚིམ་པའི་ལས་ཤིག་བསྒྲུབ་ཏུ་འཇུག་པ་ནི་དོ་དམ་བྱ་བའི་ཆ་ཤས་ཤིག་མ་ཡིན་པར་ཡོད་ཚད་ཡིན། རྒྱུ་མཚན་ནི་ཁེ་ལས་ཤིག་གི་ནང་དུ་མི་ཡོད་ཚེ་ད་གཟོད་འཕྲུལ་ཆས་ཁ་ལོ་བསྒྱུར་བ་དང་། རྒྱུ་ཆ་ལས་སྣོན་བྱེད་པ་སོགས་ཀྱི་བྱ་བ་གཞན་རིགས་བསྒྲུབ་ཐུབ་པ་ཡིན། །
  མ་རྩ་དང་། རྒྱུ་ཆ། འཕྲུལ་ཆས་བཅས་ནི་བཟོ་ལས་ཁེ་ལས་ཀྱིས་སེམས་ཁུར་བྱེད་དགོས་པའི་སྐྱེ་ལྡན་གྱི་ཕུང་བོ་རེད། ཡིན་ནའང་། ཡིད་ལ་འཛིན་དགོས་པ་ཞིག་ནི་སྤྱི་གཉེར་བས་ངེས་པར་དུ་མི་ཡི་བརྩོན་པ་བརྒྱུད་ན་ད་གཟོད་སྔོན་དཔག་གི་དམིགས་ཡུལ་དེ་འགྲུབ་ཐུབ་པ་དེ་ཡིན། འདི་ནི་མི་ཞིག་གི་བཀོལ་སྤྱོད་དེ་ཁོ་ཚོའི་ཤེས་བྱ་དང་། ཁྱད་ཆོས། གཤིས་ཀ་རྣམས་རྒྱུས་ལོན་པ་ནི་སྤྱི་གཉེར་བ་ཞིག་གི་བྱ་བའི་གཙོ་བོ་རེད་ཟེར་དོན་ཡིན། དོ་དམ་བྱ་བ་ནི་བྱ་འགུལ་འགངས་ཆེན་འགའ་ལ་འགོ་འཛིན་བྱེད་པ་མ་ཡིན་པར་མི་དང་མིའི་བར་གྱི་འབྲེལ་བ་ཐག་གཅོད་པ་སྟེ། དོ་དམ་ཟེར་བ་ནི་མཐར་གཏུགས་ན་མི་ཡི་འབྲེལ་བ་ཐག་གཅོད་པ་དེ་ཡིན། །
  ཁྱོད་ལ་ལས་བཟོ་བ་ལྔ་བརྒྱ་ཡོད་ན་ཆོག ལྔ་ཡོད་ཀྱང་རུང་། གལ་ཏེ་ཁྱོད་ཀྱིས་རང་ཉིད་ཀྱི་ཁེ་ལས་དེ་ཡག་པོ་ཞིག་འཁྱོངས་འདོད་ན་ངེས་པར་དུ་མི་དང་འབྲེལ་འདྲིས་བྱ་ཚུལ་ཤེས་དགོས། འདི་ནི་མི་དང་བྱ་བ་ཐག་གཅོད་ཚུལ་ཤིན་ཏུ་གལ་ཆེ་བའི་རྒྱུ་མཚན་ཡིན། དོ་དམ་བྱེད་མཁན་སུ་ཞིག་གིས་ཡང་དག་པར་ཐག་གཅོད་ཐུབ་ན་དེ་ནི་རིམ་པ་འཕར་འོས་པ་ཡིན།
  ཁྱོད་རང་ཉིན་གང་བོར་དྲོད་སྙོམ་ཆས་ཡོད་ལ་རང་སྣང་སྐྱིད་ཅིང་ཁོད་ཡངས་པའི་གཞུང་སྒྲུབ་ཁང་ནང་བསྡད་དེ་ཉེ་འཁོར་ན་དོན་དག་ཅི་ཞིག་འབྱུང་གི་ཡོད་པར་གཏན་ནས་དོ་སྣང་མི་བྱེད་པའི་འགོ་བ་ལ་ཡ་མཚན་སྐྱེ་ངེས་ཡིན། བརྗེད་ཐོ་འབྲི་བ་ནི་གོམ་པ་སྤོས་ཏེ་ཉེ་འཁོར་ལ་སྐོར་བ་བྱེད་རྒྱུ་ལས་ཤིན་ཏུ་སླ་བོ་ཡོད། རླབས་ཆེ་བའི་འཇར་མན་གྱི་དམག་སྤྱི་ཆེན་མོ་ལའོ་མན་གྱི་ལེགས་འགྲུབ་འབྱུང་བའི་ཐབས་ལམ་ནི་ནམ་རྒྱུན་ཡུལ་དངོས་ནས་བཀོད་འདོམས་དང་། གནས་ཚུལ་གསལ་བཤད་། དཀའ་ཁག་ཐག་གཅོད། བྱ་བའི་འགྲུབ་ཚད་རྟོག་ཞིབ་བྱེད་པ་དེ་རེད། ལའོ་མན་གྱི་བྱ་བའི་ཐབས་ལམ་ནི་ཤིན་ཏུ་ནས་ལེགས་འགྲུབ་བྱུང་ཡོད། གལ་ཏེ་དོ་དམ་བྱེད་མཁན་གྱིས་ཐབས་དེ་བཟོ་གྲྭ་དང་། སློབ་གྲྭ། ཁེ་ལས། སྲིད་འཛིན་སྡེ་ཁག་སོགས་སུ་སྤྱད་པ་ཡིན་ནའང་དེ་བཞིན་གྱི་ལས་ཆོད་ཡོད་ངེས་ཡིན། མང་ཚོགས་ལ་ཆ་མཚོན་ན། ཁྱོད་རང་དངོས་སུ་སོང་ནས་ཁོ་ཚོར་འབྲེལ་འདྲིས་བྱེད་པའི་ཡན་ན་ཐབས་གཞན་མེད། མང་ཚོགས་ནི་ཁོ་ཚོར་ཆ་རྒྱུས་མེད་མཁན་ལ་གཏན་ནས་དགའ་བོ་མེད། ཡིན་ཡང་ཁོ་ཚོར་ཆ་རྒྱུས་ཤིག་ཡོད་ཙ་ན་འབྲས་བུ་གཞན་ཞིག་འབྱུང་ངེས། །
  ཁྱོད་ཀྱིས་ནམ་རྒྱུན་སེམས་ཁུར་དང་། འབྲེལ་འདྲིས། བཟོད་པས་བྱ་བ་གང་རུང་ཞིག་བཀོད་སྒྲིག་བྱེད་སྐབས་ནམ་ཡང་བརྗེད་དུ་མི་རུང་བ་ནི་ངེས་པར་དུ་བྱ་བར་ནན་ནན་ཏིག་ཏིག་བྱེད་མཁན་ལ་མཛའ་བརྩེའི་རྣམ་འགྱུར་མ་རྩ་བྱེད་དགོས་པ་ཡིན། ཁྱོད་ཀྱིས་མངའ་འོག་གི་མི་ལ་སེམས་ཁུར་དང་། བརྩེ་བས་འབྲེལ་འདྲིས་བྱེད་ཀྱང་བྱ་བ་སྒྲུབ་ན་རེ་བ་མཐོ་བ་དང་། དེ་ལས་ལོག་ན་རང་དགར་མི་བསྐྱུར་བ་ཤེས་སུ་འཇུག་དགོས། གལ་ཏེ་ཁོ་ཚོའི་བྱ་བ་ཁྱོད་ཀྱི་ཚད་རིམ་ལ་ཐོན་མེད་ན་ཁྱོད་ཀྱིས་བཙན་དྲག་གི་བྱ་ཐབས་སྤྱོད་དགོས་ཡོད། ཁྱོད་ཀྱིས་ཁོ་ཚོར་བྱ་བའི་ཐད་ནས་ཕྱི་འཇམ་ནང་དྲག་གི་རྣམ་འགྱུར་བཟུང་ཡོད་པ་ཤེས་སུ་འཇུག་དགོས། །
  ཁྱོད་ཀྱིས་ཕུལ་དུ་བྱུང་བའི་འགོ་བ་ཞིག་ཡིན་ན་ཕྱི་རྫིག་རྫིག་པོ་དང་འཇམ་འཇམ་པོ་ཞིག་ཡིན་དགོས་པར་མ་འདོད། འདི་དག་ནི་ཁྱོད་ཀྱི་ལས་བཟོ་བར་མཚོན་ན་གལ་ཆེ་ཤོས་མིན། ཁོ་ཚོས་ཤེས་འདོད་པ་ནི་ཁོ་ཚོའི་འགོ་བས་ཁོ་ཚོའི་གལ་ཆེན་རང་བཞིན་རྟོགས་ཡོད་མེད་དང་། ཁེ་ལས་དེའི་ནང་ཁོ་ཚོས་གོ་གནས་ངེས་ཅན་ཞིག་ཟིན་ཡོད་མེད་དེ་ཡིན། རླབས་ཆེ་བའི་ཨེ་དབྱིན་སི་ཐེན་ལགས་ཀྱིས་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་། ཁེ་ལས་འདུ་འཛི་རྒོད་པའི་དེང་གི་སྤྱི་ཚོགས་ཁྲོད། ཆེས་ཆེ་བའི་གནད་དོན་ནི་མི་རྣམས་ཀྱིས་ཁོ་ཚོ་ཡོངས་སུ་བརྗེད་ཟིན་པར་འདོད་པ་དང་། ཁོ་ཚོས་རང་ཉིད་ནི་ནུས་མེད་འཁོས་ཆུང་ཞིག་ཏུ་འདོད་ཡོད་པ་དེ་རེད། སྐབས་འདིར་མགོ་ཁྲིད་བཟང་བོ་ཞིག་གིས་ནུས་པ་གདོན་འོས་པ་ཡིན། ཁོས་ལས་བཟོ་བ་ཚོར་ཁོ་ཚོ་ནི་ཁེ་ལས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པའི་ངེས་ཤེས་རྙེད་དུ་འཇུག་དགོས་པ་དང་། ཁོ་ཚོ་དང་ཁོ་ཚོའི་ཁྱིམ་མི་ལ་ན་ཚ་བྱུང་ཚེ་ཁོས་སེམས་ཁུར་དང་། ཁོ་ཚོས་ཁ་གཏད་པའི་གནད་དོན་ལ་དོ་སྣང་། ཁོ་ཚོའི་དཀའ་ཁག་སེལ་ཐབས་བྱེད་རོགས་གནང་དགོས་པ་ཡིན། ཐོན་སྐྱེད་རང་འགུལ་ཅན་གྱི་རེ་བ་ནི་ཁེ་ལས་ཆེན་པོ་ཞིག་གི་འགོ་བས་སྔོན་མའི་དུས་སྐབས་དག་ལས་ལས་བཟོ་བའི་འཚོ་བར་ལྷག་དུ་དམིགས་བསལ་གྱི་རོགས་སྐྱོར་བྱེད་པ་དེ་ཡིན།
  གླ་བ་ཞིག་ལས་འཁྱུར་ངལ་གསོ་བྱས་པའམ་ཚེ་ལས་འདས་ཚེ། འགོ་བས་ཁོ་དང་ཁོའི་བྱ་བར་ཁ་ཡག་བཤད་ངེས་ཡིན། ཡིན་ནའང་ཁོ་གསོན་པའི་སྐབས་སམ་བྱ་བ་ལས་བཞིན་པའི་སྐབས་སུ་མི་སུས་ཀྱང་ཁོ་རང་གཟེང་པསྟོད་པརས་སུ་མི་པར་ལྡོག་སྟེ་འགོ་བ་རྣམས་ཀྱིས་ཁྲོ་གཏམ་དང་དམོད་ཚིག་དང་སྐྱོན་བརྗོད་ཚ་དྲག་གཏོང་བ་ཡིན། ཁྱོད་རང་མི་ཞིག་བསྟོད་པར་གཏན་ནས་སྐྲག་མི་རུང་། འདི་ནི་མི་རྣམས་ཀྱིས་སྔོན་ལས་ལྷག་པའི་སྒོ་ནས་བྱ་བ་སྒྲུབ་པར་སྐུལ་བའི་ཐབས་བཀོད་ཆེས་ལེགས་ཤོས་ཡིན། ཐབས་བཀོད་འདི་ནི་འཚོ་བའི་ཕྱོགས་སོ་སོར་བཀོལ་ཆོག ཁྱོད་ཀྱི་ལས་རོགས་པར་ཚོ་གསོགས་ནས་ཤ་རྒྱགས་པའི་འབྲི་མོ་ཞིག་དང་འདྲ་ན་ཁྱོད་ཀྱིས་ཏག་ཏག་ཁོ་མོའི་བདེ་ཐང་གི་ལུས་པོས་ཁྱོད་དང་ཉེ་འགྲམ་གྱི་མི་རྣམས་བཀུག་པ་ཡིན་ཞེས་བཤད་འོས།    འདི་ལྟར་བྱས་ན་ཁྱོད་ཀྱིས་ད་གཟོད་བསྒྲུབ་འདོད་པའི་བྱ་བ་གང་ཡང་འགྲུབ་ངེས་ཡིན། བྱ་བ་ཞིག་གི་གྲུབ་ཆ་ཉུང་ཤོས་ཤིག་ལེགས་པར་འགྲུབ་ཡོད་ནའང་ཁྱོད་ཀྱིས་སྒྲུབ་མཁན་དེར་བསྟོད་པ་བྱེད་འོས། ཁྱོད་ཀྱིས་བསྟོད་པ་ཐོབ་པའི་མི་དེས་ནུས་ཤུགས་ཡོད་ཚད་ཕུལ་ནས་བྱ་བ་བསྒྲུབ་ངེས་པར་ཡིད་ཆེས་དགོས། མགོ་ཁྲིད་རྣམས་ཀྱིས་རྒྱུན་དུ་མངའ་འོག་གི་མི་ལ་བསྟོད་པ་བྱེད་མི་ནུས། ཁོ་ཚོས་བསྟད་ནས་མི་རྣམས་ང་རྒྱལ་སྐྱེས་ཏེ་བྱ་བར་སྒྱིད་ལུག་བྱེད་ངེས་པར་བསམ་ཡོད། ཡིན་ཡང་བསམ་ཚུལ་འདིའི་རིགས་ནི་ཡོངས་སུ་ནོར་སོང་བ་ཡིན། མི་རྣམས་ཀྱིས་བསྟོད་པ་ཐོབ་པར་རེ་བཞིན་ཡོད། བསྟོད་པ་ནི་ཆེས་གོ་ཆོད་དང་། ཆེས་གོང་བདེ་ཡིན་ལ་ཆེས་བཟང་བའི་དོ་དམ་ལག་ཆ་དེ་ཡིན་ཡང་སྲིད། །
  ཁྱོད་ཀྱིས་རང་ཉིད་ནས་ཡུན་རིང་ལ་མི་རྣམས་རྩེ་སྤྱད་བྱེད་ཐུབ་པར་མ་བསམ། ཁྱོད་ཀྱི་ལས་བཟོ་བ་དག་བལྟས་ཚོད་ཀྱིས་ལྷུན་ཆགས་ཤིག་དང་མངོན་ཆུང་ཞིག་ཡིན་ངེས་ཀྱང་། གལ་ཏེ་ཁོ་ཚོའི་ཁེ་ཕན་ལ་གནོད་པ་བྱུང་ཚེ་ཁོ་ཚོས་ཀྱང་སྟག་བཞིན་གཙེས་ངེས་ཡིན། དེ་བས་མི་ལ་གདོང་གཏོད་པའི་གནད་དོན་སྟེང་བློ་རིག་པས་སེམས་བཟང་བོ་དང་ལྷག་བསམ་གྱི་ཚབ་བྱེད་མི་ཐུབ། ཁྱོད་ཀྱིས་མི་རྣམས་རྩེ་སྤྱད་བྱེད་ཐུབ་པ་དང་ཁོ་ཚོར་ཡང་ཁྱོད་ཀྱི་བརྙས་བཅོས་འཐོབ་ངེས་པར་མ་བསམ། དོན་གྱིས་དེ་འདྲ་མ་ཡིན་པར་ཁོ་ཚོས་དེ་མ་ཐག་ཤེས་འགྲོ། །
  གལ་ཏེ་གྲུབ་འབྲས་མེད་ན། ཁ་ཡག་སྐད་ཆ་དང་ལྷག་བསམ་ཟབ་ལའང་དོན་སྙིང་མེད། ཁེ་ལས་ཤིག་ལ་མཚོན་ནས་བཤད་ན། དེའི་ནུས་པ་ཡོད་དོ་ཅོག་ནི་ཞབས་ཞུ་དང་ཐོན་སྐྱེད་འདོན་སྤྲོད་བྱེད་པ་དེ་རེད། གལ་ཏེ་ཁེ་ལས་ཤིག་ལ་གྲུབ་འབྲས་ཤིག་ཡོད་ན། མགོ་ཁྲིད་ཀྱིས་མཚམས་རེར་སྐད་ཆ་ཚིག་རྩུབ་བཤད་ནའང་གནོད་པ་མེད། མཚམས་རེར་ང་ཚོ་འང་འཁྱག་རོམ་བཞིན་མི་ལ་ཁ་ཡ་བྱེད་པར་མི་དགའ་བའི་སྤྱི་གཉེར་བར་འཕྲད་འོངས། ཡིན་ཡང་ཁོས་ནུས་ཤུགས་གཅིག་ཏུ་བསྡུས་ནས་ལས་བཟོ་བས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་འབྲེལ་བྱས་ཏེ་ཁོ་ཚོའི་དམིགས་འབེན་སྙེག་པའི་ལས་ཆོད་ལ་བརྟག་བཤེར་བྱེད་མཁན་ཞིག་ཡིན་ན་དེ་སྤྱི་གཉེར་བ་བཟང་བོ་ཞིག་ཡིན་ཐག་ཆོད་ཡིན། ཁོ་ལ་ཉན་སྤྲོ་བའི་སྐད་ཆ་དང་ལྷག་བསམ་གྱི་དུངས་ཀ་མེད་ནའང་འདིའི་རྐྱེན་པས་ཁོང་ཁྲོ་ལངས་དོན་མེད་དེ། མི་ཡི་གཤིས་ཀ་དང་མོས་པ་ལ་སྣ་ཚོགས་ཡོད་པ་རེད། །
  རིམ་པ་མཐོ་གྲས་ཀྱི་བཞུགས་ཁྲིའི་གནད་དོན་གླེང་བའི་སྐབས་སུ། མི་རྣམས་ཀྱིས་ཁེ་ལས་ཤིག་གི་ཁྲོད་དུ་མཐོ་རིམ་ལས་གནས་ནི་ཤིན་ཏུ་ནས་ཚད་ཡོད་པ་བརྗེད་ཡོད། ང་ཚོ་མི་མང་ཆེ་བས་ཚེ་གང་བོར་རིམ་པ་གཉིས་པ་དང་གསུམ་པའི་ལས་གནས་དང་ཡང་ན་ཐད་ཀར་དམའ་རིམ་གྱི་དཔོན་གནས་ལ་ཡིད་ཚིམ་ནས་བསྡད་ཡོད། ཡིན་ཡང་མི་མང་ཆེ་བ་འདི་ཙམ་གྱིས་འདོད་པ་ཚིམ་གྱིན་མེད་པས་ཁོ་ཚོ་བློ་ཕམ་ནས་ཡིད་ཆད་འདུག འོན་ཀྱང་། མི་རྣམས་ཀྱིས་ཅིའི་ཕྱིར་འཇིག་རྟེན་སྟེང་གསོན་པའི་ཆེས་མཐོ་བའི་དམིགས་ཡུལ་ནི་ལས་གནས་མཐོ་ཤོས་བསྙེག་རྒྱུ་དེ་བྱེད་དགོས་སམ། ད་དུང་ལས་ཀ་གཞན་པ་མང་བོ་ཞིག་གི་གལ་ཆེན་རང་བཞིན་གྱིས་ཁེ་ལས་ཆེན་པོ་ཞིག་གི་སྤྱི་གཉེར་བ་ལས་དམན་པར་མི་འགྱུར་བ་གསལ་བཤད་བྱས་ཡོད་པ་མིན་ནམ།  ཁྱོད་རང་ཕུལ་དུ་བྱུང་བའི་ལུས་རྩལ་པ་ཞིག་ཡིན་ནའང་ཐང་། ལྷན་སྐྱེས་ཀྱི་ཤེས་རབ་ཅན་གྱི་རོལ་མོ་བ་ཞིག་ཡིན་ནའང་འདྲ། ཡང་ན་ལྒང་ལི་འགྲན་སྡུར་གྱི་ཨང་དང་པོ་དང་། བྱམས་སེམས་ལྡན་པའི་ཨ་ཕ་ཞིག་དང་།འགྲོགས་བདེ་གོམས་བདེའི་ཁྱོ་ག་ཞིག་ཡིན་ནའང་ཆོག གང་ལྟར་ལས་ཀ་འདི་དག་ཤིན་ཏུ་གལ་ཆེ་བོ་ཡོད། དེ་བས། ཁྱོད་ཀྱིས་ལས་གནས་ཆེས་མཐོ་ཤོས་ཀྱི་ལས་ཀ་དེ་རེག་མ་ཐུབ་ནའང་སུན་སྣང་ཡོད་མི་དགོས།   ཁྱོད་ལ་ལས་གནས་མཐོ་བའི་མི་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་ཀྱང་སྲིད། གལ་ཏེ་ཡོད་པར་གྱུར་ན་དེ་ནི་ཁོ་ཚོའི་ལས་གནས་དང་འདྲ་བར་ཤིན་ཏུ་གལ་ཆེ་བ་ཡིན།
  བུ་མོ་འདི་དག་གིས་ཁོ་ལ་སྨོན་པ་འཆོར་ཚུལ་གྱི་བཟོ་ལྟ་ལ་ལྟོས་དང་། ཡིན་ནའང་མི་གང་རུང་ཞིག་གི་མདུན་ལམ་ལ་ཀས་ལེན་གནང་རྒྱུ་ནི་ཤིན་ཏུ་ཚབས་ཆེ་བ་ཞིག་རེད། ཁས་ལེན་རིགས་ནི་མི་རྣམས་ཀྱིས་ལོ་ཐོག་ཟླ་བརྩེགས་ཀྱིས་ཚིག་འབྲུ་རེ་རེ་བཞིན་ཡིད་ལ་བཟུང་ཡོད། དེ་བས་ཁྱོད་ཀྱིས་སྒྲུབ་མི་ནུས་པ་ཞིག་ཡིན་ན་གཏན་ནས་དམ་བཅའ་མི་རུང་། དེས་མི་ཚད་ཁྱོད་ཀྱིས་དམ་བཅའ་ལ་གཞན་གྱིས་དོགས་སློང་བྱེད་མི་དགོས་པ་ཞིག་ཡིན་འོས། རྒྱུ་མཚན་ནི་ཁྱོད་ཀྱིས་གཏམ་བཤད་ཁྲོད་ཟ་ཟུར་མང་བའི་སྐད་ཆ་འདྲ་ཤོར་ཡོད་ན་གཞན་གྱིས་ལོག་འགྲེལ་བྱས་ཏེ་ཁྱོད་ཀྱི་འདོད་པ་དང་ཡོངས་སུ་འགལ་བ་ཞིག་བཟོ་ངེས། །
  དོ་དམ་ནི་དངོས་པོ་ལ་དོ་དམ་བྱེད་པ་མ་ཡིན་པར་འཇོན་མི་སྔོག་འདོན་བྱེད་པ་དེ་ཡིན།  འདི་ནི་ཨ་རིའི་དོ་དམ་སློབ་ཚོགས་ཀྱི་ཀྲུའུ་ཞི་ལའོ་ལོན་སི་ཨེ་པོ་ལིན་གྱིས་ལོ་འགའི་སྔོན་ལ་བཤད་མྱོང་བའི་སྐད་ཆ་ཞིག་ཡིན། འདི་ནི་ཅི་འདྲའི་ཡང་དག་བདེན་ཐུབ་ཅིག་རེད་ཨང་། མགོ་ཁྲིད་ཅིག་གི་འགན་ཁུར་ནི་ཁོའི་ལས་བཟོ་བ་གསོ་སྐྱོང་བྱས་ཏེ་ཁོ་ཚོའི་ཤེས་ནུས་འཕེལ་རྒྱས་ཡོང་བར་རོགས་རམ་བྱེད་པ་དེ་རེད། གལ་ཏེ་ཁོས་ལས་ཀ་འདི་ཡག་པོ་ཞིག་འགྲུབ་ཡོད་ཚེ། རང་གི་འགན་ཁུར་རྫོགས་པར་སྟབས་བདེ་ཡོང་བས་མི་ཚད། རང་ཉིད་ཀྱི་གོ་གནས་འཕེལ་བར་ལམ་བཏོད་ཡོད་པ་དང་ལས་གོ་ཆོད་ཅིང་སྦྱོང་བརྡར་ཡོད་པ། སྤུས་ཀ་ལྡན་ཞིང་རང་ལ་བློ་དཀར་བའི་ལས་བཟོ་བའི་དཔུང་སྡེ་ཞིག་དབང་བར་འགྱུར་བ་ཡིན། དེ་བས་སུ་ཞིག་རང་ཉིད་གོང་འཕེལ་ཡོང་བར་རམ་བུ་འདེགས་པའི་མགོ་ཁྲིད་ལ་མི་དགའ་འམ། །
  གལ་ཏེ་ཁྱོད་ཀྱིས་མི་གཞན་དང་མཉམ་དུ་བྱ་བ་བསྒྲུབ་འདོད་ན། དོན་གྱིས་སུས་ཀྱང་དངོས་སམ་བརྒྱུད་པའི་སྒོ་ནས་མི་གཞན་དང་མཉམ་དུ་བྱ་བ་སྒྲུབ་ཀིན་ཡོད། ཁྱོད་ཀྱིས་ངེས་པར་དུ་མི་གཞན་ལ་འདང་རྒྱག་དགོད་པ་ཡིན། དུས་རྒྱུན་གཞན་གྱི་ལངས་ཕྱོགས་ཀྱི་ངོས་ནས་རང་གི་བརྡར་ཤ་བཅད་ཚུལ་འགྲིག་མིན་ལ་བརྟག་དགོས་པ་ཡིན། ཟུར་ངོས་མི་འདྲ་བ་ནས་གནད་དོན་ལ་བསམ་གཞིག་གཏོང་བ་ལས་དགའ་སྐྱོ་ཆགས་སྡང་གིས་སྒྲུབ་མི་རུང་། འདི་ལྟར་བྱས་ན་ད་གཟོད་ཁྱོད་ཀྱིས བྱ་བ་ཡང་དག་ཅིག་བསྒྲུབ་ཐུབ་བོ།།
སྤྱིར་བཏང་གི་མགོ་ཁྲིད་ཅིག་ལ་མཚོན་ནས་བཤད་ན། ཆེས་ཆེ་བའི་ཉེན་ཁ་རིགས་ཤིག་ནི་མངའ་འོག་གི་མི་ཚང་མ་ཡིན་མདོག་ཁ་བོ་བྱེད་མཁན་ཏག་ཏག་ཡིན་པ་དེ་རེད། མངའ་འོག་གི་མིས་ནམ་རྒྱུན་འགོ་བར་ངོ་དགའ་སྤྲེལ་ལད་བྱེད་ངེས། མགོ་ཁྲིད་གྲུང་བོ་ཞིག་ཡིན་ན་ཁོའི་ཉེ་འཁོར་དུ་བསམ་ཚུལ་མི་མཐུན་པ་གདོན་པའི་མི་སྐོར་ཅིག་དགོས་ངེས་ཡིན། ཁོ་ངེས་པར་དུ་གཉའ་སྒུར་སྒུར་དང་སྒྱིད་པ་ལྷན་ལྷན་བྱས་ཏེ་ཁ་ཡག་ཏག་ཏག་བཤད་མཁན་གྱི་མིའི་སྤྱོད་ལམ་ཤེས་མཁན་ཞིག་ཡིན་དགོས། དེ་ལྟར་མིན་ན་ཁོ་རང་དེ་ཚོས་དཀའ་ལས་ལ་གཏོད་སྲིད། ལས་དོན་ལ་བྲེལ་བ་ཆེ་བའི་མགོ་ཁྲིད་ཅིག་ཡིན་ན་ཁོ་ལ་ནོར་འཁྲུལ་གྱི་ཐག་གཅོད་ཐོལ་གྱིས་འབྱུང་ངེས།འདི་ནི་མགོ་ཁྲིད་ཅིག་གི་ཉེ་འཁོར་དུ་ཅིའི་ཕྱིར་བསམ་གཞིག་གཏོང་མཁས་པའི་མི་འགའ་དགོས་པའི་དོན་སྙིང་ཡིན་ཞིང་།དམིགས་ཡུལ་ནི་ནོར་འཁྲུལ་ཡོ་བསྲང་བྱེད་པ་དེའོ། ། 
  ཁྱོད་རང་གིས་མང་ཚོགས་དང་མཉམ་དུ་བྱ་བ་སྒྲུབ་པའམ་འཚོ་བ་རོལ་བའི་སྐབས་སུ་བསམ་ཚུལ་མི་མཐུན་པའི་འགལ་བ་དང་ཁ་རྩོད་འབྱུང་བའམ་འཁྲུག་པ་སློང་བའི་དོན་དག་སྣ་ཚོགས་ལ་མི་འཕྲད་པའི་ངེས་པ་མེད། མི་སོ་སོ་ནས་སྒེར་གཤིས་ལྡན་པ་ཏག་ཏག་ཡིན་པ་རེད། གནས་ཚུལ་འདི་འདྲའི་སྐབས་སུ་ཆེས་བཟང་བའི་ཐབས་ལམ་ནི་བརྟན་པ་སྣོད་ཀྱི་འཇིག་རྟེན་དང་བསྡུར་ན་མི་ཚེ་ནི་སྐད་ཅིག་ལ་འགྱུར་བའི་མི་རྟག་པའི་རང་བཞིན་ཅན་ཡིན་པ་ཤེས་རྒྱུ་དེ་རེད། འཇིག་རྟེན་ལ་ལོ་ངོ་དུང་ཕྱུར་མང་བོའི་ལོ་རྒྱུས་ཡོད་པ་དང་ད་དུང་མུ་མཐུད་གནས་ངེས་པ་ཡིན། དོན་དག་གང་ལའང་ཡལ་སྲིད་པའི་ཉིན་ཞིག་ཡོད་པ་ཡིན། དེ་བས་སེམས་ལ་འཛིན་རྒྱུ་ནི་ཐེངས་རྗེས་མར་གལ་ཏེ་མི་ཞིག་གམ་དོན་དག་ཅིག་གིས་ཁྱོད་རང་སུན་པོ་བཟོ་སྐབས། ཁྱོད་ཀྱིས་ལྟ་བ་ཡང་དག་གིས་དབྱེ་ཞིབ་བྱེད་པ་དང་། རྟག་བརྟན་གྱི་འཇིག་རྟེན་དང་བསྡུར་ན་དེ་ནི་དོན་དག་གླེང་རིན་མེད་པ་ཞིག་ཡིན་པ་ཤེས་དགོས་སོ། །
གཏམ་བཤད་པའི་མཚམས་སྦྱོར།
  པའ་ཅིན་སིན(1909~1993)ལགས་ནི་ཨ་རིའི་ལོ་རྒྱུས་རིག་པའི་འབུམ་རམས་པ་དང་། ཧྭ་ཧྥོ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཡིན། 1957ལོར་ཁོང་གིས་མའ་ལེ་ཞི་ཡའི་མཚོ་འགྲམ་ཞིག་ཏུ་གུང་གསེང་གཏོང་སྐབས་འཛམ་གླིང་ཡོངས་ལས་སྐད་གྲགས་ཆོད་པའི་པའ་ཅིན་སིན་གཏན་སྲོལ་སྤྱི་སྡོམ་གནང་ཞིང་ཕྱི་ལོར་དཔེ་ཆའི་ཚུལ་གྱིས་པར་དུ་བསྐྲུན་ཅིང་ཡིག་རིགས་མང་བོར་བསྒྱུར་ཏེ་འཛམ་གླིང་ཡོངས་ཀྱི་ཆེས་བྲིན་པའི་དོ་དམ་རིགས་ཀྱི་དཔེ་དེབ་དུ་གྱུར། །
༡༩༨༢ལོར་སྤེལ།
༢༠༡༡ལོའི་ཟླ༣ཚེས༩ལ་བསྒྱུར།
 
·གསར་འགྱུར་གོང་མ:འབོལ་རྩོམ་ལོ་དེབ་༼དུས་༽ཐོན་འདུག
·གསར་འགྱུར་འོག་མ:ལྕམ་སྨིན་དྲུག་ལགས་ཀྱི་དེབ་གསར་ཐོན་རྒྱུ་རེད།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/5 22:07:47 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 23:13:15 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 23:24:56 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 67 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།15.63MS