ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཚོང་ལམ
གསར་འགྱུར་ཀློག་པ།

དབྱར་རྩྭ་དགུན་འབུའི་རབ་བྱེད། ༢

[རྩོམ་པ་པོ:སྨིན་དབུས་པོ་སོགས།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2011/9/24 11:37:21  བཀླགས་ཐེངས:1397][ཡིག་གཟུགས:ཡིག་གཟུགས་མདོག]
དབྱར་རྩ་དགུན་འབུའི་རབ་བྱེད། ༢

དབྱར་རྩྭ་དགུན་འབུ།

ཚིག    ཁམས་རའི་འཕགས་དུངས།

རྩྭ་རིགས་རྐྱང་རྐྱང་ང་མིན།

འབུ་རིགས་རྐྱང་རྐྱང་ང་མིན།

ང་ལ་ང་ཡི་ལུས་ཕུང་ཡོད།

ང་ལ་ང་ཡི་ཚེ་སྲོག་ཡོད།

ཚེ་སྲོག་རྟ་རྔ་འདྲ་བོ་རྐོས་བཏང་ན།

ང་ཡི་རིགས་རྒྱུད་རྫ་ཆུ་སྐམ་སྐམ་རེད།

རྩྭ་རིགས་རྐྱང་རྐྱང་ང་མིན།

འབུ་རིགས་རྐྱང་རྐྱང་ང་མིན།

ང་ལ་ང་ཡི་ཁོར་ཡུག་ཡོད།

ང་ལ་ང་ཡི་འཚོ་རྟེན་ཡོད།

རྩྭ་ཐང་གོས་ལྗང་འདྲ་བོ་སློག་བཏང་ན།

ང་ཡི་སེམས་པ་ཆུ་ནག་ཁོལ་ཁོལ་རེད།

རྩྭ་རིགས་རྐྱང་རྐྱང་ང་མིན།

འབུ་རིགས་རྐྱང་རྐྱང་ང་མིན།

ང་ལ་ང་ཡི་ཕན་ནུས་ཡོད།

ང་ལ་ང་ཡི་རིན་ཐང་ཡོད།

རང་གཟུགས་གསེར་ཐུར་འདྲ་བོ་ཚོང་བཏང་ན།

ང་ཡི་རིན་ཐང་ཚོང་རྫས་རྐྱང་རྐྱང་རེད།

དབྱར་རྩྭ་དགུན་འབུ་གླེང་རོགས་བྱེད།

〔སེང་རྡོར་དྲ་བ་ལས།〕

སྨིན་དབུས་པོ།
_ གྲོགས་པོ་ཆོས་དཔལ་བཟང་པོ་ལ་ཕྲིན་ཡིག་ཅིག་གི་དོད་དུ།

དབྱར་རྩྭ་བརྐོས་པས་ཉེས་པ་ཆེ་རབས་ལ། །
དབྱར་རྩྭ་བརྐོས་པས་ཁོར་ཡུག་ཉམས་པ་ལ། །
འོན་ཀྱང་རོང་འབྲོག་འཚོ་བའི་དགོས་མཁོ་རུ། །
དབྱར་རྩྭ་ཉུང་ཙམ་མི་རྐོ་བྱ་ཐབས་བྲལ། །

འབྲོག་པའི་རྟ་ནོར་ལུག་གསུམ་ཉུང་བའི་དུས། །
ཞིང་བའི་ལོ་ཏོག་ཡོང་འབབ་དམའ་བའི་ཉིན། །
ལོ་རེའི་ཁ་རྒྱབ་ཐག་གིས་གཅོད་པ་ལ། །
དབྱར་རྩྭ་དགུན་འབུ་བོད་ལ་བཀའ་དྲིན་ཆེ། །

ཐག་རིང་རྒྱང་ལམ་རྡོག་པས་མི་ཆོད་དུས། །
ཚོང་ལས་རིག་པའི་བྱང་ཚད་དམའ་བའི་སྐབས། །
ལུག་ལྷའི་འདབས་ནས་ཡོང་སྒོ་རྡོལ་བ་ཡི། །
དབྱར་རྩྭ་དགུན་འབུའི་གཏེར་ཁ་ལོས་ཀྱང་སྔོག། །

རྡོག་རེ་རྙེད་ན་ཤོག་སྒོར་བརྩི་བ་ལ། །
ལོ་བརྒྱད་བྱིས་པས་མི་གོ་ཆོད་པའི་ལས། །
མཐོ་སྒང་བ་ལ་སྙིང་རྗེས་འཁྲུངས་པ་ཡི། །
དབྱར་རྩྭ་དགུན་འབུའི་འགྲོ་དོན་དུས་ལ་བབས། །

གསེར་ཏོག་འོག་གི་བླ་གྲྭའི་ཐུགས་སེམས་གཡོ། །
གཞུང་ལས་ཁང་གི་དབུ་ཁྲིད་ཀླད་པ་འགུལ། །
སློབ་རའི་གླིང་གི་སློབ་མཚམས་ཆམ་གྱིས་འཇོག།
དབྱར་རྩྭ་དགུན་བུའི་འཕྲིན་ལས་འགྲན་ཟླ་བྲལ། །

དབྱར་རྩྭ་དགུན་འབུའི་རྣམ་ཐར་ཐོས་པས་ན། །
ཁོར་ཡུག་རྒྱ་དང་ཁ་ཆེའི་སྒོར་གཡང་ཀུན། །
བོད་པའི་སྒོ་ལ་ངང་གིས་འཁོར་བ་ན། །
ལོངས་སུ་ཉུང་ཙམ་མི་སྤྱོད་སུ་ཞིག་སྡོད། །

འཛམ་གླིང་ཚོང་ལས་སྒོ་འཕར་ཡངས་པའི་དུས། །
དཔལ་འབྱོར་རིག་པའི་མཐོ་རླབས་གཡོ་བའི་སྐབས། །
དབྱར་རྩྭ་དགུན་འབུ་རང་བྱུང་ཐོན་རྫས་འདིས། །
ཁ་བ་ཅན་ལ་ངལ་རྩོལ་གཡོ་འགུལ་བཟོས། །

དབྱར་རྩྭ་རྐོ་ས་བརྩད་ནས་ཕུ་ནུ་འཁྲུགས། །
དབྱར་རྩྭ་རྫུན་མ་བཟོས་ནས་མི་མགོ་སྐོར། །
དབྱར་རྩྭ་རྐམ་རློན་བརྐུས་ནས་ངོ་ཚ་ཉོས། །
དབྱར་རྩྭས་བོད་མིའི་གཤིས་ལ་ཚོད་གམ་བྱས། །

དབྱར་རྩྭ་དགུན་འབུ་བརྐོས་ནས་ཟད་སོང་ན། །
དབྱར་རྩྭ་དགུན་འབུ་བཙོང་ནས་ཚར་སོང་ན། །
མཐོ་སྒང་སྐྱེ་ཁམས་སྙོམས་སྒྲིག་གང་ནས་འབྱུང་། །
འདི་ལ་ཐུགས་བསམ་གཏོང་མཁན་དཀོན་པ་ལ། །

རང་གིས་བརྐོས་པས་མི་ཚད་སྤྱང་པོ་ཚོས། །
མི་རིགས་གཞན་པའི་ལས་དམག་འབོལ་ཆེན་ཕབ། །
ལོ་རེའི་ཧམ་བརྐོས་ཚད་ལས་བརྒལ་ལུགས་འདིས། །
འབྱུང་འགྱུར་འཚོ་གནས་ཐག་གཅོད་དཀའ་བ་ལ། །

གཙོ་བོ་དབྱར་རྩྭའི་དོ་དམ་ཇི་ལྟར་བྱེད། །
གཞན་ལ་ཁེ་ལྷག་ཤོར་དོན་གང་ན་ཡོད། །
ཐོན་དངོས་རྩ་ཆེན་གཅེས་སྤྲས་ག་འདྲ་དགོས། །
རྩིས་མེད་ཆུད་ཟོས་བྱས་ན་ཕངས་པ་ལ། །
༢༠༡༡ ༩ ༡༣

དབྱར་རྩྭ་དགུན་འབུ་བོད་ལ་བཀའ་དྲིན་ཆེ།

དགེ་འདུན་ཆོས་འཕེལ་དྲ་བ་ལས།〕

ས་དཀྱིལ་ཚེ་བཀྲ།

ནམ་མཁའི་མཐོངས་སུ་རྒྱུ་སྐར་མུ་ཏིག་བསྟར།།
དོག་མོ་ས་རུ་རྫོགས་ལྡན་ཉམས་སྣང་འཚེར།།
ས་ཆེན་སྙིང་ཁར་འགྲེང་བའི་གངས་རི་ཉིད།།
བོད་པའི་ལ་རྒྱ་འཛིན་པའི་དཔང་བོར་མངོན།།

ལོ་ཟླའི་རླུང་འཚུབ་ནག་པོའི་མཆེ་བར་ན།།
སྤམ་མཐོའི་སྲོག་ལ་བརྒྱུས་པའི་རྣམ་ཤེས་གང་།།
ཁྲེལ་གཞུང་ཕྱི་ཐག་རིང་མོར་ཡིད་རངས་ཏེ།།
ཞི་བའི་ལམ་ནས་འོད་ཀྱི་སྣང་བ་འཚོལ།།

འབྲོང་རྒོད་དར་མའི་རྨིག་རྗེས་རྫ་ལ་བཞག།
ནོར་སྐྱོང་ཟུག་སྐད་དམར་པོ་རླུང་ལ་འདྲེས།།
ཉི་མའི་མགྲོན་པོར་སྒུག་པའི་ཨ་མ་ཡི།།
སྤྱན་ཆབ་བསིལ་མའི་འབབ་རྒྱུན་ཆར་དུ་འཇོ།།

གངས་དཀར་མ་མའི་རུས་པ་གཏོར་ཤུལ་དུ།།
གཡང་གི་ར་བ་སྒོ་བཞི་ཐོར་ཤུལ་དུ།།
བཙན་པོའི་ཟུངས་སུ་འཁྲུངས་པའི་སྐད་ཡིག་ཉིད།།
བསླུ་བྲིད་གཡང་ལ་གཟར་བའི་འཇའ་ཚོན་འདྲ།།

ནང་མི་ཡིན་ཡང་གསང་གཏམ་བཤད་པར་དོགས།།
གཙང་བོའི་འགྲམ་ནས་སྡུག་གླུ་རྒྱང་ལ་བསྐུར།།
བདེན་པའི་ལོ་རྒྱུས་སེམས་སུ་ཉར་ཉར་ཡང་།།
བློ་སེམས་བདེ་བའི་དུས་ཤིག་མེད་པས་སྐྱོ།།

ཕྱི་ཚུལ་སྙིང་ཉེ་འདྲ་བའི་ཉམས་བསྟན་ནས།།
བབ་ཅོལ་གཏམ་གྱིས་གྲེ་བ་འགག་བྱས་ཀྱང་།།
བླ་དང་རུས་པ་གཙང་བའི་བུ་ཆུང་ཡང་།།
ཕ་རུས་དོར་ནས་གཞན་ལུགས་སྐྱོང་ལ་རངས།།

སྲིད་པའི་སྣང་བར་ཡལ་མེད་འོད་འབར་ཡང་།།
ཉམ་ཆུང་མི་ཡིས་གནམ་ཡིག་སེར་པོའི་ཁྲིར།།
རང་གི་ལྷས་ར་གྲུ་བཞིའི་ནང་རོལ་དུ།།
ལྐུག་པའི་གནས་སུ་བསྐྱལ་བའི་ཚུལ་འདི་ཅི།།

དཔྱིད་ཀྱི་ལང་ཚོ་རྒྱས་པའི་སྤང་གཤོང་ན།།
འགྲེང་དང་ཙོག་པའི་ཆས་སུ་ཞུགས་པ་ཡི།།
ཟས་གོས་གནས་མེད་བྱས་པའི་བོད་མི་ཚོར།།
དབྱར་རྩྭ་དགུན་འབུའི་བྱིན་རབས་བླ་ན་མཐོ།།

བླ་དང་སྲོག་གིས་བསྡམས་པ་རྩམ་དྲིའི་ཡུལ།།
གཏེར་སྲུང་ལྷ་ཡིས་སྐྱོང་བ་གངས་རིའི་ལྗོངས།།
སྣོན་བཅུད་གཡང་གིས་སྦྲེལ་བའི་དངོས་གྲུབ་ཤུགས།།
དུས་སུ་འཇོ་བའི་དཔལ་དེ་མ་ལྷོད་ཅིག།
2010.10.31 མཚན།

དབྱར་རྩྭ་དགུན་འབུ།

མཆོད་མེ་རྩོམ་རིག་དྲ་བ་ལས།〕

དབྱངས་ཅན་རིག་པའི་འདོད་འཇོ།

གངས་རིའི་རྫ་ལ་ཉེ་བའི་སྨན་ལྗོངས་སུ།།
རྒྱ་མཚོའི་ངོས་ལས་བཞི་སྟོང་འཕགས་པའི་རིར།།
ནད་བརྒྱ་སྨན་གཅིག་ཁ་མེད་པར་འཚོ་བཅུད་རྫས།།
དབྱར་རྩྭ་དགུན་འབུ་འགྲོ་བའི་ལས་ཀྱིས་གྲུབ།།
རྫ་བྲག་གངས་གསུམ་འཐབ་པའི་ས་ཡི་བཅུད།།
ས་འབུ་སྐྱ་ནར་མགོ་རྭ་སྐྱེས་པའི་སྨན།།
དེང་དུས་ཀུན་གྱི་འཚོ་བ་དེ་རུ་བརྟེན།།
མགོར་རྩྭ་མ་སྐྱེས་སྲོག་ལྡན་འབུ་ཡི་རིགས།།
རྩྭ་རྐང་མགོ་ནས་ཐོན་དུས་སྲོག་དབུགས་འབྲལ།།
རྭ་ཡི་རིང་ཐུང་ཁྱད་པར་ཅུང་ཡོད་ཅིང༌།།
རྐོ་བའི་དུས་སུ་སྡིག་པའི་ལས་ལ་འཛེམ།།
མིག་ཟུང་མཆི་མས་འབགས་ཏེ་ཉིན་ཧྲིལ་བོར།།
བཙལ་ཅིང་རེ་འགའ་ལག་ཏུ་སོན་ན་ཡང༌།།
སྟོད་གོས་ཕུ་རུང་གྲུ་མོའི་ཐད་དུ་རལ།།
སྨད་ཀྱི་དོར་མའི་པུས་ཚིགས་སྟེང་ན་བརྡོལ།།
ལྟོགས་སྐོམ་ངལ་གྲང་སྡུག་བསྔལ་ཚད་ལས་འདས།།
ཟས་དང་ལུས་ཀྱི་སྤྱོད་ལམ་ལོག་པའི་འབྲས།།
ཚ་འཁྲུལ་སྐབས་སུ་མིག་ལམ་འབུ་ཡིས་གང༌།།
སྨན་གསོའི་ཡོན་ལ་རྩྭ་འབུས་ག་ནས་འདང༌།།
ལ་ལ་ས་སྲུང་ཇག་པས་འཕྲོག།
རེ་འགའ་ས་མཐོ་གྲང་བས་ཤི།།
སྲོག་ལ་བསྡོས་པའི་རྩྭ་འབུ་དག།
འཇིག་རྟེན་འཚོ་བའི་ཟས་སུ་གྱུར།།
བོད་མི་འབུ་རྐོན་ཕལ་ཆེར་སྨན་གྱིས་གསོ།།
གཞན་དག་འབུ་ཉོ་ཧ་ལམ་ཕྱུག་པོར་གྱུར།།
ཕྱུག་པོ་འབུ་བསྟེན་ལུས་ལ་བདེ་ཐང་འབྱུང༌།།
སྟོབས་འབྱོར་ཆེ་ཆུང་དབང་གིས་ཡིན་ནོ་ལོ།།
རྭ་ཅོའི་རིང་ཐུང་ཤི་འབུ་གསོན་འབུ་དང༌།།
མིག་སེར་མིག་དམར་ནགས་འབུ་སྤང་འབུ་སོགས།།
དབྱེ་སྟེ་རིན་གོང་བཤད་ཚུལ་སྣ་ཚོགས་པ།།
བོད་མིས་བཏུས་ཚད་གྲོང་ཁྱེར་དག་ན་བསྒྲགས།།
བསེ་རག་འགོང་བོ་ཆེ་བའི་དུས་མཐའ་འདིར།།
མི་རེའི་སེམས་ན་ནོར་གྱི་གནོད་ཤུགས་དག།
ཆེ་བས་ལྟོ་རྒྱབ་དོན་དུ་བརྐོས་པའི་འབུ།།
སྤྱི་མཐུན་ལས་ཀྱིས་གྲུབ་ན་སྤྱོད་ཀྱང་རུང༌།།

དབྱར་རྩྭ་དགུན་འབུའི་སྐྱོ་གར།
མ་ངེས།

མུ་ནས་མུ་ལ་སྦྲེལ་བའི་རི་ཚོགས་སྐྱ་བོ།
མཐའ་ནས་མཐའ་མི་ཟིན་པའི་རྩྭ་ཐང་ཡངས་མོ།
ནོར་ཕྱུགས་ཀྱི་སུག་རྗེས་དང་སུག་རྗེས་འཛིངས་བའི་ལུང་ཁོག
ངོ་མ།  དཀོན་མཆོག་གིས་གཟིགས་སོང༌།
དབུལ་ཞིང་ཕོངས་པའི་ལུང་ཁོག་གི་ཕྲག་པ་སྐྱོར་མཁན།
དབྱར་རྩྭ་དགུན་འབུ། སུ་ཞིག་གི་བདེ་སྡུག་ལ་བསམ་ཞིང༌།
སྤང་རྒྱན་མེ་ཏོག་རེ་རེའི་གསེང་ལས་མཛེས་སྡུག་གི་འཚང་ཁ་རྒོད།
མཐོ་ཞིང་གཟར་བའི་རི་མགོ་ཐལ་བ་འཚུབ་འཚུབ།
དངུལ་སྨར་གསོག་པའི་འབག་ཁུག་དྲིན་ཆེན་དུ་གྱུར།
རྟ་ཕོའི་སྲབ་ཐག་ལས་བཟུང་མ་མྱོང་བའི་ཡུལ་མི་ཚོ།
ལག་ཟུང་ལ་བསོད་ནམས་སྟོང་གི་འོད་ཐིགས་འཁྲུངས།
ནོར་ཕྱུགས་ཀྱི་འཕག་འཚག་ལས་གྲགས་འགུལ་མེད་པའི་ལུང་ཆུང༌།
དཔལ་འབྱོར་འདུ་ལོང་གི་གཟིགས་མོར་འཁྲིད།
དབྱར་རྩྭ་དགུན་འབུའི་འབབ་འཕར་གྱི་གཏམ་སྙན།
ལུང་ཆུང་གི་ཕྱི་ནང་གང་སར་ཁྱབ་ཤུལ་ན།
རྩྭ་ཐང་ཆེན་པོ་བྱ་གླག་ལྟ་བུའི་སྦག་སྦག་འཁོར་ལོས་གཤག་ལ།
ཇ་ཁང་ནང་མ་ཁང་གི་འདུ་འཛིའི་གློག་སྒྲོན་ཀྱང་ག་ལེར་གསལ།
དབྱར་རྩྭ་དགུན་འབུ་དང་རྒྱབ་རི་དྲིན་ཅན།
དཀོན་མཆོག་གིས་ཡུལ་མི་ཚོར་གནང་བའི་འཚོ་བའི་ཁ་སྣོན་ཡིན།
ཡུལ་མི་ཚོ་དང་ཁོང་ཚོའི་ཆོག་ཤེས་བྲལ་བའི་སེམས་པ།
ཚེ་འདིར་རང་གིས་རང་ལ་ཆད་པ་གཅོད་མཁན་ཡིན།
ལོ་ཟླ་ནས་ལོ་ཟླ་སོང་བའི་དབྱར་སྒང་དེར།
ཡུལ་མི་ཚོས་གྲ་སྒྲིག་གིས་སྒུག་སྡོད་པའི་དབྱར་སྒང་དེར།
རི་མགོར་མི་ཚོགས་མཐུག་པོའི་ཧབ་ཐོབ་ཀྱིས་དུ་སྨུག་འཁྲིགས་ལ།
སྔོན་དུས་མ་ཡོད་མ་མྱོང་བའི་ས་རྩོད་རི་རྩོད་ཟེར་བའི་ནང་དམེ་མཆེད།
རི་གཤམ་དུ་གཞོན་པ་ཚོས་མག་ཅང་རྒྱན་འཛུག་ཀྱི་འཐབ་རྭ་སྒྲིག་ཅིང༌།
ཐོབ་ཤོར་ཞེ་སྡང་གི་མེ་ལྕེ་ནག་པོས་རྩྭ་ཐང་གི་ཉིན་མཚན་བསྲེགས།
དུས་དེ་ནས་བཟུང༌།  ཡུལ་མི་ཚོའི་འཛུམ་ཁོངས་ན་གབ་པའི།
ལུང་ཆུང་གི་འདུ་འཛི་ཐན་ཐུན་ཁྲོད་ན་འབུར་བའི།
དབྱར་རྩྭ་དགུན་འབུའི་སྐྱོ་གར་རིང་པོ།
རི་རྩེ་དང་རྩྭ་ཐང་གི་པང་ཁ་ནས་འཁྲབ་འགོ་ཚུགས།

དབྱར་རྩྭ་དགུན་འབུ།

མཆོད་མེ་དྲ་བ་ལས།〕

མཚོ་སྐྱེས།

དཀར་ནག་གི་གསང་བ་འཆང་བའི་གཟི་མིག་གི་གདུང་རྒྱུད
གཅན་གཟན་གྱི་ཟིལ་ཤུགས་རྫོགས་པཔའི་འབྲོག་ཁྱི་ཡི་གཅེན་པོ
འདོད་པའི་མིག་ཀོང་ན་མེ་ལྕེ་བཞིན་རྟག་ཏུ་འབར་བའི་ཡི་དྭགས་ཀྱི་ཤ་ཚུགས
ཁྱོད་ནི་མཐོ་སྒང་གི་སྒལ་གཞུང་ཡོངས་ལ་བཏབས་པའི་མནར་གཅོད་ཀྱི་གཟེར་བུ་ཡིན་ནམ
ཐུན་མོང་གི་བསོད་ནམས་བརྟས་པའི་དགོས་འདོད་ཀུན་འབྱུང་གི་ནོར་བུ་ཡིན

·གསར་འགྱུར་གོང་མ:དབྱར་རྩྭ་དགུན་འབུའི་རབ་བྱེད།
·གསར་འགྱུར་འོག་མ:གཞི་རིམ་ན་དགེ་རྒན་མང་བོ་ཞིག་ཁོམ་བསྡད་ཡོད་གི
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·དབྱར་རྩྭ་དགུན་འབུའི་རབ་བྱེད། 2011/9/24 10:11:15
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 18:26:32 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 23:31:32 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 11:13:43 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 38 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS