ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
  གསར་འགྱུར་ཀློག་པ།

སེམས་ཁམས་སྐྱིད་པའི་ཐབས་མཆོག

[རྩོམ་པ་པོ:ཁམས་རའི་འཕགས་དུངས།  ཡོང་ཁུངས:ངེ་དྲ་བ།  དུས་ཚོད:2011/10/9 9:14:26  བཀླགས་ཐེངས:1608][ཡིག་གཟུགས:ཡིག་གཟུགས་མདོག]
 

སེམས་ཁམས་སྐྱིད་པའི་ཐབས་མཆོག

 

ཁམས་རའི་འཕགས་དུངས།

 

བྱ་བར་ཞུགས་བའི་ལས་བྲེལ་གྲོགས་པོ་ཚོ།

བྱ་རྨྱང་མ་བྱེད་བདག་ལ་ཚུར་གསོན་དང༌།

བྱ་གཞག་ཡོད་ཀུན་བདེ་ལེགས་འགྲུབ་དགོས་ན།

བྱ་བ་དང་པོ་སེམས་ཁམས་སྐྱིད་པ་གཙོ།

 

སེམས་པ་སྐྱིད་མིན་རང་གི་ལག་ན་ཡོད།

སེམས་ཁམས་སྙོམས་སྒྲིག་ལེགས་པར་བྱེད་འདོད་ན།

སེམས་པ་སྐྱིད་བྱེད་གཟའ་འཁོར་འཆར་གཞི་འདི།

སེམས་ཀྱི་སྟེང་ནས་དངོས་སུ་ལེགས་ལྟར་བྱོས།

 

གཟའ་ཟླ་བ།

ཉིན་གཉིས་བསྟུད་མར་ངལ་གསོ་བྱས་རྗེས་སུ།

ཉིན་རྒྱུན་ལྟར་དུ་ཞོགས་པར་སད་པར་དཀའ།

ཉིན་རེའི་ལས་རིམ་ཡིད་ནས་ཅུང་ཟད་བརྗེད།

ཉིན་རྒྱུན་ལྟར་དུ་ལས་ཀར་ཞུགས་འདོད་མེད།

 

ཞོགས་པར་ལས་ཀར་འགྲོ་བའི་ལམ་བར་དུ།

ཞོགས་བསྐྱོད་སྤྱི་སྤྱོད་རླངས་འཁོར་ཤིན་ཏུ་དཀོན།

ཞོགས་པའི་གླ་གཏོང་རླངས་འཁོར་དེ་བས་དཀོན།

ཞོགས་པར་བྲེལ་འཚུབ་ལངས་ན་སེམས་པ་སྡུག

 

བྲེལ་འཚུབ་བརྒྱུད་དེ་ལས་གནས་ཐོན་དུས་སུ།

བྲེལ་བ་ཆེ་བའི་བྱ་བ་གང་མང་གིས།

བྲེལ་འཚུབ་ཆེན་པོས་ཁྱོད་ལ་ངང་གིས་སྒུག

བྲེལ་མྱུར་ཆེ་བས་སེམས་པ་དེ་ལས་སྡུག

 

སེམས་པ་སྡུག་དུས་བྱ་བར་ནོར་འཁྲུལ་མང༌།

སེམས་རྒྱུན་དྲང་ཡང་ལས་ཀ་འགྲུབ་པར་དཀའ།

སེམས་ཁུར་མི་བྱེད་འགོ་བར་གཤེ་གཤེ་མང༌།

སེམས་ཁམས་མ་སྐྱིད་རེས་གཟའ་ཟླ་བ་སྐྱེལ།

 

མི་བཟང་དོན་ཀུན་ཟློག་པའི་ཐབས་མཆོག་ནི།

མི་མཁོ་བྱ་བ་རེས་གཟའ་ཉི་མའི་ནང༌།

མི་ངན་དོར་ལྟར་སེམས་ནས་གཙང་དག་དང༌།

མི་ཆོས་གཙང་མས་རེས་གཟའ་ཟླ་བ་བསུ།

 

སྒྲ་སྒྲོག་ཆུ་ཚོད་སྔས་འགྲམ་བཞག་རྗེས་སུ།

སྒྲ་ལྡན་བརྙན་འཕྲིན་མ་བལྟ་མྱུར་བར་གཟིམ།

སྒྲ་ངན་རྣ་བར་སླེབས་ན་རྒྱང་ཕུད་དང༌།

སྒྲ་ལ་མ་ཆགས་བདེ་བར་ངལ་གསོ་བྱོས།

 

སྔ་དྲོའི་སྒྲ་སྒྲོག་ཆུ་ཚོད་གྲགས་མ་ཐག

སྔ་མོར་ལངས་ནས་ལུས་རྩལ་སྦྱོང་བརྡར་སྐབས།

སྔ་ཉིན་དོན་རྣམས་མ་དྲན་དེ་རིང་གི

སྔ་དྲོའི་ལས་ཀ་སེམས་ནས་བཀོད་སྒྲིག་བྱོས།

 

ལམ་ནས་འགྲོ་སྐབས་རེས་གཟའ་ཟླ་བ་ནི།

ལམ་འདྲེན་ཐོག་མ་ཡིན་པས་རང་གི་སེམས།

ལམ་དུ་ཞུགས་དུས་སྤོབས་སེམས་ཡིད་ཆས་དང༌།

ལམ་བུ་གསར་བར་ཞུགས་ཞེས་སྐུལ་ལྕགས་གནོང༌།

 

ལས་གནས་ཐོན་དུས་གདོང་ལ་འཛུམ་ཞིག་ཁོངས།

ལས་གྲོགས་ཀུན་ལ་ཡིད་ཆས་སྤོབས་པ་བསྩོལ།

ལས་ཀར་ནན་གྱིས་གཞོལ་ནས་དོན་ཀུན་འགྲུབ།

ལས་ཁུངས་ནང་དུ་ནམ་ཡང་དགའ་ཀྲོག་ཀྲོག

 

གཟའ་མིག་དམར།

རྙོག་འཛིང་ལས་ཀར་མཚམས་མེད་གཞོལ་གཞོལ་ནས།

རྙོག་དྲའི་བྱ་བ་རེ་ཞིག་རྫོགས་ན་ཡང༌།

རྙོག་ཆུ་དྭངས་བར་དཀའ་བའི་སེམས་ཁམས་དེ།

རྙོག་འཛིང་ཆེ་བས་ད་དུང་སྡུག་གིས་ཁེངས།

 

དུས་ཚོད་ཐུང་ངུ་སྤྱད་པའི་བྱ་བ་རྣམས།

དུས་ལྟར་ཐམས་ཅད་ལེགས་འགྲུབ་བྱུང་ན་ཡང༌།

དུས་ཡུན་ཐུང་བས་སེམས་ནས་ཐེ་ཚོམ་དང་

དུས་ཚོད་རེ་རེའི་ནང་དུ་སེམས་ཚེགས་ཤིག

 

རང་སེམས་སྡུག་དུས་རང་ལ་ཡིད་ཆས་མེད།

རང་གིས་སྒྲུབ་བའི་བྱ་བར་ཐེ་ཚོམ་སྐྱེས།

རང་ཉིད་རང་གིས་སྡུག་ལ་སྦྱོར་བར་བྲེལ།

རང་ཚུགས་ཤོར་བའི་སྲང་གི་ཁྱི་དང་མཚུངས།

 

གྲོགས་མཆོག་བོས་ནས་མཚན་མོར་འཛོམས་བསམ་དུས།

གྲོགས་པོས་སང་ཉིན་ལས་ཀར་ཁ་གཡར་ནས།

གྲོགས་ཀྱི་དྭངས་མ་ཡིན་ཡང་ཆུ་འཁྱགས་འཕོལ།

གྲོགས་མེད་ཁེར་རྐྱང་སེམས་པ་ལྷུག་ཏུ་སྐྱོ།

 

དུག་དེ་སེལ་བའི་ཐབས་མཆོག་ལོས་ཡོད་དེ།

དུག་རླངས་ཁྱབ་པའི་སེམས་པ་ལྷོད་དུ་བོབས།

དུག་དྲ་སྤྲེལ་བའི་ཐེ་ཚོམ་མདུད་པ་ཆོད།

དུག་རྣམས་སོལ་ལ་རེས་གཟའ་མིག་དམར་བསུ།

 

རྣམ་རིག་སྒྲིམ་ན་རྙོག་འཛིང་བྱ་བ་ཀུན།

རྣམ་ཀུན་ལྟར་དུ་ལེགས་པར་འགྲུབ་པའི་ཕྱིར།

རྣམ་གཡེང་མ་བྱེད་ནན་ནན་ཏན་ཏན་གྱིས།

རྣམ་འགྱུར་ལེགས་པས་བསྒྲུབ་དང་དོན་ཀུན་འགྲུབ།

 

སྐྱོ་སེམས་ལྗིད་དུས་སྐྱོ་དོན་མི་དྲན་པར།

སྐྱོ་སྣང་སེལ་བའི་སྒྲ་དབྱངས་སྙན་མོར་ལ།

སྐ, ྱོ་སེམས་མེད་པར་ལྷོད་ཀྱིས་རོལ་གྱུར་ན།

སྐྱོ་བའི་སེམས་པ་རིམ་གྱིས་སྐྱིད་པར་འགྲོ

 

ཕ་རོལ་གྲོགས་པོར་དུས་བཅད་བྱེད་དུས་སུ།

ཕ་ལྟར་མདང་བརྩེ་ཇི་ལྟར་ཟབ་ན་ཡང༌།

ཕ་རོལ་དུས་ཚོད་ཡོད་མེད་མི་བལྟ་བར།

ཕ་ངན་བཀའ་ལྟར་ཨུ་ཚུགས་བྱེད་མི་རུང༌།

 

མཚན་མོར་དངོས་གནས་ཕྱི་རོལ་འཁྱམས་འདོད་ན།

མཚན་ཁྲོམ་ཟང་ཟིང་དཀྱིལ་ལ་མི་འགྲོ་བར།

མཚན་ཟས་རོལ་རྗེས་མལ་ཁང་ཉེ་འདབས་ཀྱི།

མཚན་མོའི་ལྷིང་འཇགས་ཡོད་སར་འཆམ་ན་བཟང༌།

 

གཟའ་ལྷག་པ།

དུས་ཚོད་ལྟར་ན་རེས་གཟའ་ལྷག་པ་འདི།

དུས་རྒྱུན་གཟའ་འཁོར་གཅིག་གི་དཀྱིལ་ལ་འཁེལ།

དུས་སྐབས་འདི་ལ་སེམས་ཁམས་ཅུང་བདེ་ཡང༌།

དུས་དང་རྣམ་པ་ཀུན་ཏུ་སྒྱིད་ལུག་མང༌།

 

རང་གིས་རང་ལ་སྙིང་སྟོབས་ཤིག་སྦྱིན་ནས།

རང་དགར་སྒྱིག་ལུག་དབང་དུ་མ་བཏང་བར།

རང་གི་ཚོད་ཀྱིས་ཧུར་བརྩོན་བྱེད་བསམ་དུས།

རང་མགོ་ཐོན་ཏེ་གཞན་མགོ་སྐྱོང་མི་ཐུབ།

 

ལས་གྲོགས་གཞན་པས་བྱ་བར་བྲེལ་འཚུབ་འཚུབ།

ལས་ཀ་སྒྲུབ་དུས་སེམས་པ་དགའ་ལྷང་ལྷང༌།

ལས་མཚམས་མི་འཇོག་མཚན་ཡང་འབད་དུངས་དུངས།

ལས་ངན་ཁྱེད་རང་ནམ་ཡང་སྐྱོ་ལྷང་ལྷང༌།

 

གཞན་ལ་བལྟས་ཏེ་སེམས་ནས་སྨོན་པ་ཤོར།

གཞན་གྱི་ནུས་བ་རང་ལས་མཐོ་བར་སྙམ།

གཞན་དང་བསྡུར་ན་རང་ཉིད་ཁྱི་དང་མཚུངས།

གཞན་དབང་གྱུར་བའི་སེམས་པ་སྐྱོ་ཞིང་སྐྱོ།

 

དྲང་བའི་ལམ་དུ་བསྐྱོད་པའི་ཐབས་མཆོག་ནི།

དྲང་མོར་བཤད་ན་རང་གི་སེམས་ལ་རག

དྲང་ཐིག་དཀྱིལ་ལ་བབས་པའི་གཟའ་ལྷག་པར།

དྲང་འཁྱོག་སེམས་པ་དོ་མཉམ་བཟོས་ན་ཡག

 

མི་སེམས་སྒྱིད་ལུག་དབང་དུ་འགྲོ་བའི་སྐབས།

མི་ཤེས་བྱ་བ་གནས་སྐབས་རིང་དུ་སྤོངས།

མི་སེམས་སྒུལ་བའི་དཔེ་ཆར་ལྟ་བ་འམ།

མི་ལུས་ཡང་ཡང་འགུལ་སྤྱོད་བྱས་ན་བཟང༌།

 

ཡིད་ཆེས་སྤོབས་སེམས་ནམ་ཡང་ཁོག་ལ་ཉར།

ཡིད་ཀྱི་དམིགས་འབེན་དེ་ལ་བློ་གཅིག་གིས།

ཡིད་སེམས་རྣལ་མོས་རྩེ་གཅིག་གཞོལ་བས་ན།

ཡིད་བཞིན་མི་འགྲུབ་བྱ་བ་གཅིག་ཀྱང་མེད།

 

སེམས་སུ་སྐྱོ་སྣང་ཧ་ཅང་མང་དུས་སུ།

སེམས་ནས་རང་གཞན་ནུས་བ་བསྡུར་བའི་སྐབས།

སེམས་ཤུགས་མ་ཉམས་རང་བཟང་མཐུ་རྩལ་དང༌།

སེམས་སྟོབས་ཟད་པའི་གཞན་གྱི་ཞན་ཆར་སྡུར།

 

སྨོན་སེམས་ལྡན་ན་སྤྱིར་ན་བཟང་མོད་ཀྱང༌།

སྨོན་པ་བྱེད་ཡུལ་ནོར་ན་ཕམ་ཁ་ཉོ།

སྨོན་འདུན་བཅོལ་ས་ཡིད་ནས་མ་ནོར་བར།

སྨོན་ལམ་ཡག་པོར་རྒྱོབ་དང་སྨོན་སེམས་འགྲུབ།

 

གཟའ་ཕུར་བུ།

ལས་ཁུངས་གང་མང་མི་སྣའི་བྱ་ལས་ལ།

ལས་བྱེད་ཚན་ཆུང་བཙུགས་ཏེ་བརྟག་དུས་སུ།

ལས་དོན་ཆེ་འབྲིང་ཆུང་གསུམ་གང་ཡིན་ཡང༌།

ལས་ཚད་ཞན་པ་རེས་གཟའ་ཕུར་བུ་རེད།

 

ཉིན་གསུམ་བསྟུད་མར་ལས་ཀར་གཞོལ་གཞོལ་བས།

ཉིན་རེར་རེས་མོས་སྒྲུབ་བའི་བྱ་བ་ཡང༌།

ཉིན་གུང་ཟ་མ་སྤངས་ནས་སྒྲུབ་སྒྲུབ་ཀྱང༌།

ཉིན་རྒྱུན་ལྟ་བུའི་སླ་མོ་མིན་པར་སེམས།

 

ཉམ་ཐག་ཞན་པའི་ལུས་ཕུང་གྲོ་རྙིད་རྙིད།

ཉམ་ངའི་ཁོར་ཡུག་སྣང་བར་གུ་དོག་དོག

ཉམ་ཆུང་སེམས་པ་སུན་ནས་ལྗིད་ཏིག་ཏིག

ཉམ་སྟོབས་ཉམས་པའི་ལས་ཁུངས་དབེན་ཐང་ཐང༌།

 

དུས་རྒྱུན་རེས་གཟའ་ཕུར་བུར་སྟོབས་ཞན་རྐྱེན།

དུས་སྐབས་འདི་ལ་ལས་ཁུངས་འགོ་ཁྲིད་ཀྱིས།

དུས་ཚོད་བཙལ་ཏེ་བྱ་འགུལ་སྤེལ་བ་ལས།

དུས་རྒྱུན་བྱ་བ་གལ་ཆེན་བཀོད་སྒྲིག་མེད།

 

མ་རབས་གོམས་གཤིས་བསྒྱུར་བའི་ཐབས་མཆོག་ནི།

མ་བཅོས་སེམས་པ་གཙང་མའི་བློ་ཕུགས་ནས།

མ་གཞི་ལུས་སྟོབས་ཞན་པའི་འདུན་པ་དེ།

མ་དཔེ་བཙུགས་ཏེ་རང་གིས་བསྒྱུར་ན་བཟང༌།

 

དོན་དག་གང་དང་ཅི་ཞིག་བསྒྲུབ་ན་ཡང༌།

དོན་གྱིས་རང་རང་སེམས་ལ་རག་པར་རྐྱེན།

དོན་དང་མཐུན་པའི་སེམས་ཤུགས་བརྟེན་གྱུར་ན།

དོན་ཆེན་ཉིན་འདིར་བསྒྲུབ་ཀྱང་ནོར་འཕྱུག་མེད།

 

ཉམས་མྱོང་ཅན་གྱི་ལས་ཞུགས་རྒན་པ་ཚོས།

ཉམས་སྣང་མེད་པར་དུས་རྒྱུན་བྱ་ལས་བརྟེན།

ཉམས་རྟོགས་བཟང་བའི་བྱ་བའི་ཉམས་མྱོང་དེར།

ཉམས་སུ་བླང་སྟེ་རྟག་ཏུ་སློབ་སྦྱོང་བྱོས།

 

ལུས་ཀྱི་སྟོབས་ཤུགས་དངོས་གནས་ཉམས་སོང་ན།

ལུས་ཤུགས་གསོ་བྱེད་བཏུང་བཅའ་འཐུང་བ་འམ།

ལུས་དང་སེམས་གཉིས་ཅུང་ཟད་ངལ་གསོས་ན།

ལུས་བདེ་སེམས་ཁམས་སྐྱིད་པར་ཕན་ཐོགས་ཡོད།

 

རང་ལུས་ལ་ཕུག་ལྟར་དུ་མི་རྙིད་པར།

རང་སྟོབས་འབར་བའི་བྲག་གསུར་གསོན་སྡོང་ལྟར།

རང་ལ་སྤོབས་དང་སྙིང་སྟོབས་ལྡན་གྱུར་ན།

རང་བཞིན་མི་འགྲུབ་བྱ་བ་གཅིག་ཀྱང་མེད།

 

གཟའ་པ་སངས།

རེ་སྒུག་ཁྲོད་ཀྱི་རེས་གཟའ་པ་སངས་ལ།

རེ་ལྟོས་བྱས་མཐར་རེམ་མར་ཐོན་དུས་སུ།

རེ་ཞིག་དགའ་ཡང་བྱ་བ་མང་དྲགས་པས།

རེ་འདུན་འགྲུབ་མིན་ཐེ་ཚོམ་དྲ་བར་ཚུད།

 

ཕྱི་རོལ་མྱུལ་འདོད་སེམས་ཁམས་གནོན་མ་ཐུབ།

ཕྱི་ཉིན་ཅི་ཞིག་སྒྲུབ་བའི་འཆར་གཞི་མང༌།

ཕྱི་ཕྱོགས་གང་སར་སེམས་པ་མྱུལ་མྱུལ་བས།

ཕྱི་དགྲ་མ་བཏུལ་ནང་སེམས་བྲེལ་འཚུབ་འཚུབ།

 

དེ་རིང་ཉི་མ་ནུབ་རིར་ཡིབ་རྗེས་སུ།

དེ་འཕྲལ་སང་ཉིན་ངལ་གསོ་བྱས་ཆོག་པས།

དེ་ལྟར་ཡང་དང་བསྐྱར་དུ་དྲན་དྲན་ནས།

དེ་མ་ཐག་ཏུ་ལས་ཀ་དལ་བར་གྱུར།

 

རང་གི་སྣང་བར་དེ་རིང་དུས་ཚོད་འདི།

རང་བཞིན་བསྡུར་ན་ཧ་ཅང་རིང་བར་སྙམ།

རང་སེམས་རླུང་ལྟར་བྲེལ་འཚུབ་ཆེ་ནའང༌།

རང་འགྲོས་དུས་འཁོར་ཆོས་ཉིད་བཟློག་མི་ནུས།

 

ཡིད་སེམས་དྲང་མོར་ཕྱོགས་པའི་མན་ངག་ནི།

ཡིད་གཉིས་ཐེ་ཚོམ་རིང་དུ་དོར་བཞིན་དུ།

ཡིད་དུ་འོངས་པའི་བྱ་བ་སྤུས་ལེགས་ཤིག

ཡིད་བཞིན་སྒྲུབ་ན་སེམས་ཁམས་རིམ་གྱིས་སྐྱིད།

 

སེམས་པ་འཚུབ་ཆའི་རླུང་གིས་མི་བཟུང་བར།

སེམས་རྩེ་གཅིག་གིས་བྱ་བར་གཞོལ་གྱུར་ན།

སེམས་ནས་དཀའ་པའི་རྙོག་འཛིང་བྱ་བ་ཡང༌།

སེམས་སུ་དྲན་པ་བཞིན་དུ་ལེགས་པར་འགྲུབ།

 

ངལ་གསོའི་མཚམས་སུ་སླེབས་པའི་རེས་གཟའ་འདིར།

ངལ་བར་མ་འཛེམས་རང་ནུས་ཡོད་དོ་ཅོག

ངལ་དུབ་མེད་པར་ནན་ཏན་མ་སྒྲུབ་ན།

ངལ་གསོའི་སྐབས་སུ་སྒྲུབ་བའི་ཉེན་ཁ་ཡོད།

 

ལ་ལུང་བརྒྱུད་དེ་ལ་མགོར་ཐོན་ཐོན་ལ།

ལ་ཕུག་ལྟར་དུ་རྙིད་རྙིད་མི་འདུག་བར།

ལ་ཁའི་ཉི་མ་ནུབ་རིར་ཡིབ་རག་བར།

ལ་མོར་བྱ་བར་གཞོལ་ན་མཚན་ལས་ཉུང༌།

 

སེམས་ཀྱི་སྟོབས་ཤུགས་མ་ལུས་གཅིག་ཏུ་བསྡུས།

སེམས་ཁམས་སྤྲོ་བས་སེམས་ཀྱིས་གསར་གཏོད་གནོངས།

སེམས་སྡུག་སེམས་ཚེག་མ་མང་ལུས་ལ་གནོད།

སེམས་ཅན་ཀུན་ལ་བཀུར་དང་སེམས་པ་སྐྱིད།

 

གཟའ་སྤེན་པ་དང་གཟའ་ཉི་མ།

རེ་སྒུག་བྱས་བའི་ཉིན་མ་འདིར་གཉིས་ལ།

རེ་རེ་བཀོད་སྒྲིག་བྱས་ན་མི་འོས་བས།

རེ་འདུན་ལྟར་དུ་བྱ་བ་སྒྲུབ་བའི་སྐབས།

རེ་བ་ཡིན་ན་རང་ལུས་བདག་སྐྱོང་བྱོས།

 

མཇུག་གི་གཏམ།

རང་སེམས་སྐྱིད་པའི་ཐབས་མཆོག་མང་བས་ན།

རང་རང་ཁོར་ཡུག་གང་ལ་དེ་བསྟུན་གྱིས།

རང་ལ་ཕན་པའི་ཐབས་མཆོག་ཅིག་བདམས་ནས།

རང་གི་སེམས་ཁམས་ལེགས་པར་སྙོམས་སྒྲིག་བྱོས།

 

ལས་ཀར་བྲེལ་བའི་སྙིང་གི་གྲོགས་པོ་རྣམས།

ལས་གནས་ལས་དོན་ཅི་ཞིག་སྒྲུབ་ན་ཡང༌།

ལས་འབོར་ལས་ཚད་ལས་ཀའི་སྤུས་ཚད་ཀུན།

ལས་ཀའི་ཡང་རྩེར་སླེབས་བའི་བཀྲ་ཤིས་ཤོག

·གསར་འགྱུར་གོང་མ:ཀུ་ཤུའི་དབུ་འཛིན་སྐུ་གཤེཊ་པར་མཆོད་མེ་ཀོང་གང་གི་ཚོད་དུ།
·གསར་འགྱུར་འོག་མ:ལེགས་བཤད་བློ་གསལ་སྙིང་ནོར་ལས།༨
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·མི་མང་ཆེ་བ་ནི་རྒས་ཏེ་ཤི་བ་མ་ཡིན་པར་རླུང་ལངས་ནས་ཤི་བ་རེད། 2015/4/24 8:54:12
·སེམས་ཁམས་སྐྱིད་པའི་ཐབས་མཆོག༥ 2011/9/30 8:15:31
·སེམས་ཁམས་སྐྱིད་པའི་ཐབས་མཆོག༦ 2011/9/25 9:59:51
·སེམས་ཁམས་སྐྱིད་པའི་ཐབས་མཆོག༤ 2011/9/22 19:02:50
·སེམས་ཁམས་སྐྱིད་པའི་ཐབས་མཆོག༣ 2011/9/21 9:51:42
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 3:45:45 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 14:46:41 [来自: 112.5.248.229]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 14:45:56 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 41 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།242.19MS