ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
  གསར་འགྱུར་ཀློག་པ།

དགའ་ལྡན་ལྔ་མཆོད་གཏོང་སྔ་དྲཊ་པ་རེད།

[རྩོམ་པ་པོ:དགེ་བུ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2011/11/23 13:44:10  བཀླགས་ཐེངས:1128][ཡིག་གཟུགས:ཡིག་གཟུགས་མདོག]

གལ་པོ་ཆེ་ལ་ནན་ཏན་གྱི་དགའ་ལྡན་ལྔ་མཆོད།

དགེ་བུ།
 
    དེང་ཞག་ཉིན་ཁ་ཤས་ཀྱི་རིང་ལ་གློ་བུར་དུ་དྲ་ཐོག་སོགས་གང་སར་རྗེ་ཙོང་ཁ་པའི་འདས་མཆོད་༼དགའ་ལྡན་ལྔ་མཆོད་༽གཏོང་བའི་ཚ་རླབས་ཤིག་འཕྱུར་ཡོད་པའི་སྣང་བ་བྱུང་ནས་སེམས་ལ་ཡ་མཚན་ཆེན་པོ་སྐྱེས་པ་དང་ཆབས་ཅིག་གྲོགས་པོ་འགར། ཁྱེད་ཚོས་དུས་དྲན་ཞུས་པ་རེད་རྒྱུ་ཡག་པོ་རེད་དེ།  འཚོག་པའི་དུས་ཚོད་འཕྱུགས་སོང་བ་རེད།  ཅིའི་ཕྱིར་ཞེ་ན་རྗེ་རིན་པོ་ཆེ་བཞུགས་དུས་ལུགས་རྙིང་ངམ་རྒྱ་ཟླའི་གཟའ་ཚེས་འདི་འདྲ་བརྩི་སྲོལ་ཨེ་ཡོད་ཀྱང་ཅི་ཤེས།  དགའ་ལྡན་ལྔ་མཆོད་མ་ཚེས་གོང་ནས་ཁྱེད་ཚོར་དེ་འདྲའི་སྔ་འུར་ལངས་དོན་ཅི་རེད་ཅེས་ཁ་མཚར་བྱེད་དགོས་བྱུང་།
     ཁ་སྔོན་ལུགས་རྙིང་ངམ་རྒྱ་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་རྗེ་རང་གི་འཁྲུངས་ཡུལ་མཚོ་སྔོན་པོའི་དགོན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལྔ་མཆོད་དུས་དྲན་ཚོགས་པ་དང་།  དྲ་ཐོག་སོགས་སུ་རྗེས་དྲན་གྱི་རྩོམ་ཡིག་མང་པོ་སྤེལ་འདུག་པ་སྤྱིར་ན་བསྟོད་པའི་ཡུལ་དུ་ཆེ་ཡང་།  ཞིབ་ཏུ་བསམ་དུས་རྗེ་ཙོང་ཁ་པ་ཁོང་ལྟ་བུའི་སྐྱེས་ཆེན་བུ་རྒོད་ཚོའི་བཀའ་དྲིན་ལས་ངེད་ཅག་གི་སྐད་ཡིག་དང་ཆོས་རིག་བསམ་སྤྱོད་ཀྱི་རུས་རྐང་གཅིག་ཏུ་བསྒྲིལ་ཐུབ་པ་བྱུང་ཡོད་པ་རེད་དེ།  ད་ལྟ་ང་ཚོས་གཞན་དག་ཕར་ཞོག  མ་མཐའ་ཡང་ཁོང་གི་འདས་མཆོད་དུས་ཆེན་དེ་ཡང་དུས་ཚོད་ཉི་མ་གཅིག་གི་ཐོག་ལ་གཅིག་གྱུར་བཟོ་མི་ཐུབ་པ་འདི་ནི་ཁོང་གི་ཐུགས་བཞེད་དང་ཡེ་ནས་མི་འཚམས་པ་སྨོས་ཅི་དགོས་  ངོ་མ་ངོ་གནོངས་ཡིད་སེམས་སྐྱོ་དགོས་པ་ཞིག་མ་རེད་དམ།  དེས་ན་ཤེས་རིག་གི་མཐོང་རྒྱ་གུ་མ་དོག་པའི་དཔྱོད་ལྡན་ཚོས་རྗེས་སུ་འདི་ལྟ་བུའི་གནད་ལ་མནོ་བསམ་ཐོངས་ནས་ཡིད་གཟབ་དོན་ལྡན་གྱི་བགྱི་བ་རེ་འཁྱོངས་ཐབས་ལ་ཅིས་ཀྱང་འབད་དགོས་པར་མཐོང་།    གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཟླ་བ་རྗེས་མ་བོད་ཟླ་བཅུ་པའི་ཡོངས་གྲགས་ལྔ་མཆོད་ཉིན་མོའི་སྐབས་སུ་ཡང་ཁྱེད་རྣམ་པས་འདས་མཆོད་དུས་དྲན་འདི་བཞིན་རང་འཇགས་བསྲུང་བརྩི་ཞུ་ཐུབ་ན་དམ་པའི་ཆོས་ལ་བརྒྱ་ཚར་གྱི་དཔེ་ལྟར་ཚོགས་བསགས་བསོད་ནམས་རླབས་པོ་ཆེ་འདུམས་པའི་རྒྱུ་རུ་ཅི་སྟེ་མི་འགྱུར་ལགས་ཅེས་ཀྱང་སྙམ་མོ།།
 
·གསར་འགྱུར་གོང་མ:སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་དཔྱད་གླེང་གི་བརྡ་སྦྱོར།
·གསར་འགྱུར་འོག་མ:༼ གསོན་ཤུགས༽ དུས་དེབ་ཀྱི་རྩོམ་བརྡ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བསྟན་པ་དག་ཐེར་ཡོང་བའི་རེ་འདུན། 2011/2/3 22:29:36
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 5:19:55 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 17:09:52 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/13 6:42:00 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 38 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS