ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཚོང་ལམ
གསར་འགྱུར་ཀློག་པ།

བོད་ཟས་ཁང་ཕྱེ་ན་འདི་འདྲ་ཕྱེ།

[རྩོམ་པ་པོ:མི་ཁོམ་པའི་རྒྱལ་སྲས།  ཡོང་ཁུངས:མཚོ་སྔོན་པོ།  དུས་ཚོད:2011/11/24 19:03:56  བཀླགས་ཐེངས:1468][ཡིག་གཟུགས:ཡིག་གཟུགས་མདོག]

བོད་ཟས་ཁང་ཕྱེས་ན་འདི་འདྲ་ཕྱེས།

མི་ཁོམ་པའི་རྒྱལ་སྲས།

ན་ནིང་ཁོ་བོ་བོད་རྒྱ་ཤན་སྦྱར་གྱི་ཞལ་འདོན་ཕྱོགས་བསྒྲིགས་ཤིག་དཔར་ཆེད་དུ་བདག་གི་གྲོགས་པོ་བརྒྱུད་རྒྱ་ནག་ཐང་རྒྱལ་རབས་ཀྱི་རྒྱལ་ཤུལ་རྙིང་བ་ད་ལྟ་ཞི་ཨན་དུ་འབོད་པ་དེར་སོང་བ་ཡིན། གནས་དེ་ནས་ཉིན་འགའ་བསྡད་དེ་དཔེ་ཆ་དཔར་དོན་དུ་གནའ་མཁར་རྙིང་བའི་ཕྱི་ནང་ཀུན་ཏུ་ཕར་ཉུལ་ཚུར་ཉུལ་འགའ་བྱེད་དགོས་བྱུང་སོང་། ཉིན་ཞིག་གྲོགས་པོས་བཤད་རྒྱུར་རྒྱ་ཡི་དགེ་བསྙེན་ནམ་ནང་ཆོས་ལ་དད་པ་བྱེད་མཁན་འགས་ཏ་ཡན་མཆོད་རྟེན་གྱི་ཉེ་འགྲམ་ཞིག་ན་༼བོད་ཟས་ཁང་༽ཞིག་ཕྱེས་ཡོད་ལ་དེ་རིང་དེར་ཕེབས་ཏེ་བོད་ཟས་ཁང་དེར་བཀྲ་ཤིས་གཡང་འབོད་ཅིག་གསུང་ན་ཞེས་རེ་བ་ཞུ་གི་འདུག་ཟེར། གཏམ་དེ་ཐོས་མ་ཐག་རྒྱ་ཡི་གྲོང་ཁྱེར་ནས་རྒྱ་མི་ཞིག་གིས་བོད་ཟས་ཁང་ཞིག་ཕྱེས་ན་ག་འདྲ་ཡིན་ནམ་བསམ་བྱུང་ལ་ལྷག་པར་དུ་བོད་ཟས་ཁང་དེའི་གནས་ཚུལ་རྒྱུས་ལོན་ཞིག་བྱེད་བསམ་ཏེ་ཐད་ཀར་བོད་ཟས་ཁང་དེར་སོང་བ་ཡིན། བོད་ཟས་ཁང་དེ་ནི་ཞི་ཨན་གྲོང་ཁྱེར་གྱི་མི་ཚོགས་མང་པོ་འདུས་སྡོད་བྱེད་ས་ཞིག་ཏུ་ཕྱེས་ཡོད་ལ་སྒོ་བྱང་སྟེང་དུ་༼བདེ་སྐྱིད་ཁང་བཟང་༽ཞེས་སྦྱར་འདུག  རྒྱ་ནག་གྲོང་ཁྱེར་འདི་འདྲ་ཞིག་ནས་མི་རིགས་འདིའི་མི་འདི་ཚོས་ཚོང་ལས་ཀྱི་མ་རྩ་རྡིབ་འགྲོ་བར་དོགས་སྣང་གང་ཡང་མེད་པར་བོད་ཟས་ཁང་ཞིག་ཕྱེས་པ་འདིས་ང་རང་ཧང་སངས་སོང་། གཞན་ཞིག་གི་བོད་ཟས་ཁང་དེའི་སྒོའི་ཡ་ཐེམ་གྱི་སྒོ་བྱང་བོད་ཡིག་གོང་མ་ཅན་དེ་དང་ནང་གི་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་པར་རིས་དང་དར་ལྕོག  ཅ་ལག་འདྲ་མིན་གྱིས་སྐུ་མགྲོན་སུ་སླེབས་ཀྱང་བོད་ཀྱི་རིག་གནས་ལ་མཐོང་ཆེན་བྱས་འདུག་སྙམ་པའི་ཚོར་བ་ཞིག་དབང་མེད་སྦྱིན་འགྲོ །

འདི་ནི་བོད་ཟས་ཁང་དེའི་སྒོ་བྱང་རེད།
བོད་ཟས་ཁང་ཡོད་སའི་ས་གནས།

བོད་ཟས་ཁང་གི་ཉམས་དགའི་བཟོ་བཀོད།

བོད་ཟས་ཁང་གི་ཞལ་ཟས་རོ་བརྒྱ།

བོད་པའི་ཕོ་གསར་དག་གིས་གླུ་དང་ཞབས་བྲོ་གཏོང་བའི་ཚུལ།

གཙང་ཤོག་སྟེང་གི་སྐད་ཆ་འགའ།

བོད་ཟས་ཁང་འདིའི་བདག་མོ་ཡིན་ས་རེད།

བོད་ཟས་ཁང་འདི་ནི་ཟི་ལིང་གི་བོད་ཟས་ཁང་འབག་བཙོག་རྡུལ་མནན་ཁང་མིག་གྱན་གཅིག་མ་རེ་ཕྱེས་ཏེ་ཡིན་མདོག་སྟོན་པ་དེ་དག་དང་རྦད་དེ་མི་འདྲ་བ་མ་ཟད་ཞབས་ཞུའི་རྣམ་འགྱུར་བཟང་ཞིང་བོད་རིགས་བུ་བུ་མོ་ཞབས་ཞུ་བ་རེ་གཉིས་དང་འགྲོགས་ཏེ་བོད་པའི་ཇ་འདྲེན་ཚུལ་དང་མགྲོན་པོ་སྣེ་ལེན་བྱེད་སྟངས་སོགས་ལ་སྦྱོང་བརྡར་བྱས་ཏེ་བོད་པའི་གོམས་གཤིས་མང་པོ་ཞིག་གིས་སྐུ་མགྲོན་ཚོར་བོད་པའི་ཁྱིམ་དུ་སླེབས་སོང་སྙམ་པའི་ཚོར་བ་དང་སྤྲོ་དགའ་ངང་གིས་སྟེར་གྱི་ཡོད་འདུག  བོད་ཟས་ཁང་འདིར་བོད་ཀྱི་ལྷ་སྐུ་དང་ཐང་ག དར་ལྕོག  མཆོད་ཆས། རོལ་ཆས། ཁ་བཏགས། པར་རིས་སོགས་ཅ་ལག་མང་པོ་བཀྲམ་སྟོན་བྱས་ཡོད་ལ་ཐ་ན་ཟོག་ལུག་གི་ལྕི་བ་སྐམ་པོ་དང་རིལ་མ་སོགས་ཀྱང་གཞོགས་ཤིག་ཏུ་སྤུངས་ཡོད་འདུག  ཟས་ཁང་འདིའི་ནང་དུ་བོད་ཟས་མར་རྩམ་དང་འོ་ཞོ། གྲོ་མ་སོགས་དཀར་ཟས་ཀྱི་རིགས་དང་འབྲོག་ཕྱོགས་ནས་ཐོན་པའི་ཟོག་ལུག་གི་ཤ་སོགས་མཐོ་སྒང་བོད་པ་ཚང་གི་ཟས་མཆོག་གི་བྲོ་བ་མ་ཡལ་བ་ལོངས་སུ་སྤྱོད་ཐུབ་པར་འདུག  མ་ཟད་རྒྱ་ཡི་དགེ་བསྙེན་ཚོ་མཉམ་རུབ་བྱས་ཏེ་ཆོས་ལུགས་སྐོར་གྱི་ལྟ་གྲུབ་དང་བྱེད་སྒོ་སྤེལ་ཚུལ་སོགས་ལ་གྲོས་ཁ་བསྡུར་ས་དང་སྐུ་མགྲོན་མང་པོ་སོང་ཤུལ་ཏུ་མགྲོན་པོ་ཚོས་བོད་གླུ་དང་སྐོར་བྲོ་སྦྱོང་བརྡར་བྱེད་ཀྱིན་ཡོད།  ད་དུང་ཞི་ཨན་ན་ཡོད་པའི་བོད་རིགས་གྲྭ་བཙུན་དང་བོད་ཀྱི་སློབ་མ་དག་དང་མཉམ་དུ་བོད་ཀྱི་རིག་གནས་ཐད་ཀྱི་བགྲོ་གླེང་གང་འདོད་དུ་བྱ་སའི་གླེང་སྟེགས་ཤིག་ཀྱང་ཡིན་རབས་བཤད་འདུག  རྒྱ་ཡི་དགེ་བསྙེན་འདི་དག་གིས་ཕྱོགས་གཅིག་ནས་མི་སྒེར་སོ་སོའི་ལྟོ་རྒྱབ་སྐྲུན་གྱིན་ཡོད་ལ་ཕྱོགས་གཞན་ཞིག་ནས་བོད་པའི་རིག་གནས་ཤིག་དྲིལ་བསྒྲགས་བྱེད་བཞིན་ཡོད་པའི་སྣང་བ་སྟེར་བས་གནས་མཆོག་ལྷ་ས་དང་སྤོས་ལྡན་གྲོང་། མཚོ་སྔོན་ཟི་ལིང་གི་བོད་ཟས་ཁང་ཕྱེ་མཁན་ཚོར་སྙིང་ཕུར་བརྡབ་པའི་རྒྱུ་རུ་བསྔོས་པ་དེ་དེ་བཞིན་དུ་འགྲུབ་སྟེ་ཡར་རྒྱས་རེ་ཡོང་བར་སྨོན་ནོ།།
·གསར་འགྱུར་གོང་མ:རིག་གནས་མིའི་རིཊ་རིག་པའི་དཔེ་འཕྲིན།
·གསར་འགྱུར་འོག་མ:མཚོ་སྐྱེས་རིག་གནས་དར་སྤེལ་སྤྱི་གཉེར་ཁང་གིས་མི་སྣ་གདན་ཞུ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·དར་དཀར་པོ་བོད་ཟས་ཁང་གི་མཚམས་སྦྱོར། 2011/4/4 15:18:19
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 2:15:28 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 3:54:00 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 6:07:21 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།22.46MS