ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཚོང་ལམ
  གསར་འགྱུར་ཀློག་པ།

རྟག་ཏུ་དབྱར་རྩྭ་དགུན་འབུ་ཁོ་ནས་འཚོ་བ་སྐྱེལ་སྙིང་འདོད་དམ།

[རྩོམ་པ་པོ:འབའ་རོམ་པ།  ཡོང་ཁུངས:མཚོ་སྔོན་པོ།  དུས་ཚོད:2011/12/12 11:05:39  བཀླགས་ཐེངས:1772][ཡིག་གཟུགས:ཡིག་གཟུགས་མདོག]

རྟག་ཏུ་དབྱར་རྩྭ་དགུན་འབུ་ཁོ་ནས་འཚོ་བ་སྐྱེལ་སྙིང་འདོད་པ་དེ་ནི་ཧ་ཅང་ཉེན་ཁའི་གནས་རེད།

 
འབའ་རོམ་པ།
 
     དེང་སང་དབྱར་ཙྭ་དགུན་འབུ་མང་བའི་ས་ཆ་དེ་ཚོའི་འབུ་བརྐོས་ནས་དེ་ཁོ་ནས་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། ཅི་འདྲ་སྒོ་ནས་འཚོ་བ་སྐྱེལ་གྱིན་ཡོད་རེད་ཟེར་ན། ཞིང་པ་དང་འབྲོག་པ་དེ་ཚོས་ལོ་རེ་བཞིན་འབུ་བརྐོས་ནས་དེ་ཚོང་པ་ལ་བཙོང་ནས་དེ་ཡི་ཡོང་སྒོས་འཚོ་བ་སྐྱེལ་བ་དང་། ཚོང་པ་དེ་ཚོས་ཞིང་འབྲོག་ལག་ནས་འབུ་ཉོས་ཏེ་དེ་ཚོ་ལ་སྐྱེད་ཀ་རྒྱལ་ནས་འཚོ་བ་སྐྱེལ་གྱི་ཡོད་པ་རེད། མ་འོངས་པར་ཡང་ད་ལྟ་བཞིན་དུས་རྟག་ཏུ་དེ་འདྲའི་འཚོ་བ་སྐྱེལ་སྟངས་དེའི་ཐོག་ནས་འགྲོ་འདོད་ཀྱིན་ཡོད་རེད། ཚོད་དཔག་བྱས་ན་ཞིང་འབྲོག་དང་ཚོང་པ་བརྒྱ་ཆ་བརྒྱ་ཡི་ནང་ནས་བརྒྱ་ཆ་དགུ་ཅུ་གོ་ལྔས་དེ་འདྲ་བསམ་གྱི་ཡོད་འདུག དེ་ནི་ཧ་ཅང་ཉེན་ཁ་ཅན་གྱི་བསམ་བློ་རེད། དབྱར་ཙྭ་དགུན་འབུ་ནི་དུས་རྟག་ཏུ་ཡོད་འདུག་པ་ཞིག་གཏན་ནས་མ་རེད། དེ་ནི་ང་ཚོའི་ཚོད་དཔག་བྱས་ན་ཤེས་ཐུབ་ཀྱི་རེད། དཔེར་ན་ང་ཚོའི་ཕ་ཡུལ་ལ་ཆག་བཞག་པ་ཡིན་ན། སྔ་མོ་དུས་ཟིང་མ་ལང་གོང་མི་རེས་ཉི་མ་གཅིག་ལ་འབུ་སྟོང་ཕྲག་གཉིས་ཡས་མས་བརྐོས་ཀྱིན་འདུག དེང་སང་ཡག་པོ་བརྐོས་ཐུབ་མཁན་དེ་ཚོས་ཀྱང་མཚམས་རེ་ལ་མ་གཏོགས་འབུ་བརྒྱ་བརྐོས་ཐུབ་ཀྱི་མ་རེད། ཡུལ་ཕྱོགས་གཞན་པ་དེ་ཚོ་ལ་ཡང་ང་ཚོའི་ཕ་ཡུལ་དང་གཅིག་མཚུངས་ཡིན་རྒྱུ་རེད། དེ་ལ་དཔག་ན་ནམ་ཞིག་རྩ་མེད་དུ་འགྲོ་བ་ནི་གསལ་བོ་རེད། དེང་སང་དབྱར་ཙྭ་དགུན་འབུ་མོད་པའི་ས་ཕྱོགས་དེ་ཚོའི་ག་རེ་བྱེད་ཀྱིན་འདུག་ཟེར་ན། འབྲོག་པ་དེ་ཚོ་ཡིན་ན་རྟ་ལུག་ལ་སོགས་པའི་ཕྱུག་རིགས་དེ་ཚོ་བདག་གཉེར་མ་བྱས་ནས་རྟ་ལུག་དེ་ཚོ་ད་ལྟ་རྩ་མེད་དུ་འགྲོ་གྲབས་འདུག དེ་ནི་འབུ་ཁོ་ནས་ཆོག་པར་འཛིན་པའི་དབང་གིས་རེད། ཞིང་པ་ཡིན་ན་ཡང་འབུ་ལ་བརྟེན་ནས་ཞིང་ས་བསྐམས་པོར་འཇོག་གི་འདུག འབུ་ཚོང་གཉེར་བའི་ཚོང་པ་མང་ཆེ་བས་འབུ་ཁོ་ནའི་སྐྱེད་ཀས་འཚོ་བ་སྐྱེལ་བ་ལས་དེ་ལས་གཞན་པའི་ཚོང་ཁང་དང་ཟ་ཁང་སོགས་ཚོང་ལས་གཞན་གྱི་ཐོག་བསམ་བློ་བཏང་མཁན་ཉུང་ཉུང་རེད། ངའི་ཕ་ཡུལ་གྱི་ཞིང་འབྲོག་མང་པོ་ཞིག་རྫོང་ཐོག་ཏུ་སྤོས་ཡོད་རེད། ཁོང་ཚོ་མང་ཆེ་ཤོས་ནི་ལོ་རེ་རེ་ཡི་དབྱར་ཙྭ་དགུན་འབུས་ལོ་རེ་རེས་འཚོ་བ་སྐྱེལ་ནས་བསྡད་ཡོད་པ་རེད། ཡོང་སྒོ་ཅན་གྱི་ལས་རིགས་གཞན་པ་གང་ཡང་ལས་ནུས་ཀྱི་ཡོད་མ་རེད། ནམ་ཞིག་དབྱར་ཙྭ་དགུན་འབུ་འཇུག་རྫོགས་པ་ཡིན་ན། ཞིང་པ་རྣམས་ལ་ཞིང་ས་མེད་པ་དང་འབྲོག་པ་རྣམས་ལ་ཕྱུག་ཟོག་མེད་པ་དེ་འདྲ་ཡོང་རྒྱུ་རེད། སྐབས་དེ་དུས་རྒྱ་རིགས་སོགས་མི་གཞན་གྱི་གཡོག་ཏུ་རྒྱུག་ནས་ཁ་གསོ་རྒྱུ་ལས་ཐབས་ཤེས་གཞན་གང་ཡང་ཡོད་མ་རེད། ངའི་ཕ་ཡུལ་གཙོས་པའི་དབྱར་ཙྭ་འབུ་ཡོད་སའི་མི་མང་ཤོས་ཀྱིས་ནི། དཔྱིད་ཀ་དབྱར་ཙྭ་དགུན་འབུ་བརྐོ་དུས་ཟིན་སྐབས་ཟླ་བ་གཅིག་ལྷག་ཙམ་ལ་ལོ་འཁོར་མོ་གཅིག་གི་སྡོད་ཆོས་གྲ་སྒྲིགས་བྱས་ནས་དེ་ལས་གཞན་པའི་ཟླ་བ་མང་ཆེ་ཤོས་ལ་སྡོད་རྒྱུ་ལས་ལས་དཀའ་གང་ཡང་བྱེད་ཀྱིན་ཡོད་མ་རེད། དེ་ནི་ཧ་ཅང་ཐབས་སྡུག་གི་བྱ་བ་ཞིག་རེད། དཔེར་ན་ཡར་ཐོན་ཅན་ནུབ་ཕྱོགས་དེ་ཚོའི་འཚོ་བ་དང་ང་ཚོའི་འཚོ་བའི་བར་གནམ་ས་ཡི་ཁྱད་པར་ཡོད་རེད། ཡིན་ན་ཡང་ཁོང་ཚོ་བདུན་ཕྲག་གཅིག་གིས་ནང་ནས་ཉི་མ་གཅིག་ལ་མ་གཏོགས་ངལ་གསོ་ཀྱི་མ་རེད། ཡར་ཐོན་ཅན་ཁོང་ཚོའི་དེ་ནང་བཞིན་ངལ་རྩོལ་བྱེད་དགོས་ན་ང་ཚོའི་ནི་སྨོས་མ་དགོས་པ་ཞིག་རེད། ཁོང་ཚོའི་གོམས་གཤིས་ལ་ལས་མེད་དུ་བསྡད་མཁན་དེ་ཚོ་ནི་ཐབས་སྡུག་གི་མི་གྲལ་དུ་འཇོག་གི་འདུག ཁོང་ཚོའི་མི་དམངས་ཚང་མ་དེ་འདྲའི་གོམས་གཤིས་ཡོད་པའི་དབང་གིས་ཡར་ཐོན་ཅན་དུ་ཕྱིན་པ་རེད། ད་དུང་ཡང་མུ་མཐུད་ནས་དེ་བཞིན་བྱེད་ཀྱི་ཡོད། ང་ཚོའི་བོད་རིགས་མང་ཆེ་བས་འཚོ་གནས་ཀྱི་ཆེད་དུ་ཧུར་ཐག་དེ་ཙམ་བྱེད་ཀྱིན་མེད། རྒྱ་མི་རིགས་དང་བསྡུར་ན་དེ་ཚོའི་ཐད་ང་ཚོ་ནི་རྗེས་ལུས་ཀྱི་རྣམ་པ་གསལ་པོ་རེད། ང་ཚོས་ལས་ན་མི་ཐུབ་མཁན་གྱི་མི་རིགས་ཞིག་གཏན་ནས་མ་རེད། བཀའ་གདམས་པའི་དགེ་བའི་བཤེས་གཉེན་ནང་བཞིན་བྱ་བྲལ་པ་ཞིག་ཡིན་མ་གཏོགས། འཚོ་གནས་པ་ཞིག་ཡིན་ནས་བཟུང་སྟེ་དཔལ་འབྱོར་གྱི་ཆེད་དུ་ཧུར་བརྩོན་བྱེད་དགོས་ངེས་ཞིག་རེད། ད་ལྟ་ནས་དབྱར་ཙྭ་དགུན་འབུ་མང་བའི་ས་ཆ་དེ་ཚོའི་ཚོང་ལས་གཞན་གྱི་ཐོག་ཏུ་གཉེར་ན་མ་འོང་པའི་ཉེན་ཁ་གོང་ནས་བཤད་པ་དེ་ཚོ་ཚང་མ་ལས་སྐྱོབ་ཐུབ་ཀྱི་རེད། ད་ལྟ་ཚོང་ལས་གཞན་གྱི་དོན་དུ་གཉེར་ན་མི་མང་ཆེ་བ་ལ་མ་དངུལ་ཡོད་རེད། དབྱར་ཙྭ་དགུན་འབུ་མོད་པའི་ས་ཆ་ཨ་མདོ་དང་རྫ་སྟོད་ནག་ཆུ་སོགས་ནས་འབུ་རིག་མཁན་དེ་ཚོས་ཉིན་རེར་མི་རེས་གཉིས་བརྒྱ་སུམ་བརྒྱ་དེ་འདྲ་བརྐོས་ཀྱིན་འདུག རྒྱ་མ་གང་རེས་རྒྱ་སྒོར་ཁྲི་ལྔ་དང་དྲུག་བདུན་སོགས་ཅི་རིགས་པ་ཁུག་གི་འདུག མ་མཐའ་ནས་རྒྱ་སྒོར་ཁྲི་ལྔ་ལས་མི་ཉུང་བ་ཁུག་གི་རེད། ལོ་གཅིག་ལ་ཁྱིམ་ཚང་རེ་རེ་ལ་རྒོར་ཁྲི་མང་པོ་བསགས་ཐུབ་ཀྱི་འདུག ཡིན་ན་ཡང་དཔལ་འབྱོར་བེད་སྤྱོད་བཏང་མ་ཤེས་ནས་དུད་ཚང་མང་ཆེ་ཤོས་ཀྱིས་ལོ་གཅིག་ཙམ་མ་གཏོགས་འདང་གི་ཡོད་མ་རེད་ཟེར་གྱིན་འདུག དཔལ་འབྱོར་ཟེར་བ་དེ་ལོངས་སྤྱོད་བཏང་མ་ཤེས་ན་སྒོར་ག་ཚད་ཡོད་ན་ཡང་མདང་གི་མ་རེད། དཔེར་ན་འཛམ་གླིང་གི་སྒྱུ་རྩལ་པ་གྲགས་ཅན་མེ་ཁོལ་རྒྱ་གསན་ཟེར་བ་ཁོང་གིས་གླུ་གར་འཁྲབ་ཐེང་རེ་ལ་ཨ་རྒོར་འབུམ་ཕྲག་མང་པོ་ཐོབ་ཀྱིན་ཡོད། ཡིན་ན་ཡང་ཉིན་ཞིག་ཁོ་རང་བུ་ལོན་ཟུག་ནས་ཁོ་རང་ཁང་པར་བསྡད་ས་མེད་པར། ཁོ་རང་གྲོགས་པོ་ཞིག་གིས་ཁང་པར་བསྡད་ཡོད་རེད་ཟེར་ནས་གློག་བརྙན་ནང་དུ་བསྟོན་གྱིན་འདུག མི་སྣ་གྲགས་ཅན་དེ་ལ་གནས་ཚུལ་དེ་འདྲ་བྱུང་ན། ང་ཚོའི་དཔལ་འབྱོར་བེད་སྤྱོད་བཏང་མ་ཤེས་ན་དཀའ་ངལ་འཕྲད་རྒྱུ་ཉག་གཅིག་རེད། དབྱར་ཙྭ་དགུན་འབུ་ལ་བརྟེན་པའི་འཚོ་གནས་པ་དེ་ཚོའི་ཆེད་དཔྱད་རྩོམ་དང་བགྲོ་གླེང་བྱེད་ཐུབ་ན་མ་འོངས་པའི་ཉེན་ཁ་མཐའ་དག་ལས་བསྐྱབས་ཐུབ་ཀྱི་རེད་དྲན་བཞིན་འདུག དེས་ན་ཤེས་ཡོན་པའི་སྡེ་ཚོས་ཐུགས་སྣང་ཆེན་པོ་གནང་ཐུབ་པའི་རེ་བ་ཡོད། །
·གསར་འགྱུར་གོང་མ:མ་བཀླག་ཚད་མེད་ཀྱི་སྙིང་རྗེའི་བསྟན་བཅོས་འགྲན་ཟླ་བྲལ་བ་ཞིག་
·གསར་འགྱུར་འོག་མ:མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་རྩོམ་རྩ་ཆེན་ཞིག
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·ཀློང་ཐང་སྒྲོལ་མ་དང་འབྲེལ་བའི་གཏམ། 2016/5/18 22:43:23
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 6:47:38 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 19:20:24 [来自: 112.5.248.229]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 19:20:10 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS